དེ་རིང་གཟའ་མཇུག་ལ་ཉེ་བའི་ཉིན་འདིར་ཞོར་དུ་བོད་མིའི་རིག་པའི་དྲྭ་བར་སྐོར་བ་ཅིག་བྱས་སྟེ་དེ་སྔ་རང་གིས་བྲིས་ཟིན་པའི་བདེན་མི་བདེན་གྱི་རྩོམ་ཐུང་དག་ལ་ཡང་བསྐྱར་ཕྱིར་སློག་ཅིག་བྱས་པ་ཡིན། ངོ་མ་བཤད་ན་ང་ལ་ཅིག་བསམ་བློ་དང་ལ་རྒྱ་ཡོད་ཅེས་པའི་ཀུན་སློང་འདི་དག་རྩ་བ་ནས་འདོར་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཅིག་རེད། སྐད་ཆ་གང་ཞིག་ལབ་དུས་སྒང་ལ་རིག་པའི་ལམ་ནས་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཅིག་ཏུ་བརྩི་དགོས་པར་འདོད། དེ་ཡང་རིག་པའི་ཚད་མའམ་གཏན་ཚིགས་དང་བྲལ་བ་ན་དོན་དམ་དུ་ཡོད་ཚད་ལ་གནས་ལུགས་ཀྱིས་སྟོང་བ་དང་ཅི་ནས་མི་འདྲ། དེའི་རྐྱེན་གྱིས་རིག་པའི་གསལ་བཤད་བྱེད་མི་ཐུབ་པའི་ཡུལ་ལ་ནི་གནས་སྐབས་ཀྱི་ཆ་རྐྱེན་ཅིག་ཆད་ལྷག་ཡོད་པ་ལྟ་བུ་ལས་གཏན་དུ་གནས་ལུགས་ཀྱི་ཚད་མར་གཞལ་མི་ཐུབ་པ་ཅིག་ནི་རྩ་བ་ནས་མ་ཡིན་ནོ།
ང་རང་ཉིད་ནས་གནས་ལུགས་འདི་དག་ལ་རིག་པ་ཀུན་གྱི་དོན་དམ་གྱི་སྒོ་མོ་ལྟ་བུར་འཛིན་གྱི་ཡོད། དེ་ཡང་གཞན་སྒོམ་སྒྲུབ་གྱི་ཉམས་ལེན་སོགས་ལ་བརྟེན་ནས་རིག་པ་ཐོབ་པ་དེ་དག་ནི་ང་རང་ལ་གསལ་ཆ་མེད། ཡིན་ཡང་སྤྱིར་བཏང་གི་མིའི་རིགས་ཡོངས་ལ་འཚམས་པ་ནི་ཕལ་ཆེར་འདི་ལྟ་བུ་ཡིན་རྒྱུ་རེད་ཅེས་པར་འདོད་པ་ཡིན།
ད་ནི་རྩོམ་དང་འཆད་བྱ་གང་དེ་ལ་རིག་པའི་སྒྲུབ་པ་དང་རིག་པའི་བསྒྲུབས་ཟིན་པའི་ཤེས་བྱ་དང་བྲལ་བ་ཡིན་ན་ནི་དངོས་གནས་ཚད་ལྡན་ཅིག་ཏུ་རློམ་དཀའ་བ་འདྲ་བོ་ཅིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ཙ་ནས་རིག་པའི་ལམ་ནས་བསྒྲུབས་པའི་ཐབས་ལམ་འདི་ལ་སློབ་སྦྱོང་བྱེད་རྒྱུ་ནི་གལ་ཆེན་པོ་ཅིག་རེད།