日志

ཕ་ལགས། ཁྱེད་རང་དྲན་བྱུང་།

已有 562 次阅读2016-6-19 19:30 |个人分类:文章|系统分类:文学

                  ཕ་ལགས། ཁྱེད་རང་དྲན་བྱུང་།

ཧོར་གངས་ཆུ།

ཕ་ལགས།བར་མེད་དུས་ཀྱི་རྒྱབ་རྒོལ་ཁྲོད་ནས།

སེམས་མེད་ཀྱི་ལོ་ཟླ་འདི་ཚོས།

ངའི་མི་ཚེའི་རྟེན་ཤིང་སྟེ་ཁྱེད་ཉིད་ལ།གནོད་སྐྱོན་ཀྱི་དགྲ་ལག་གང་མང་མང་སྲིང་མྱོང།

རེད་ཡ།  བཞུད་འགྲོ་བའི་མི་ཚེ།   རྒས་བཞིན་པའི་ལང་ཚོ།

ཡང་ན་ལྗིད་ཏིག་ཏིག་གི་འཁུར་བོ།

ཡོད་ཚད་ཀྱི་ཡོད་ཚད།

བྱམས་བརྩེ་ཡི་ཕ་རོལ་ན་ཁེར་རྐྱང་གིས་བཞེངས་ཡོད།

ཕ་ལགས།   ཁྱེད་རང་དྲན་བྱུང།

དབྱར་དགུན་སྟོན་དཔྱིད་ཀྱི་འཕེལ་འགྲོས་ཁྲོད་ན།

ཉིན་མཚན་དབྱེ་མེད་དུ་ལས་ལ་བརྩོན་པའི་ཁྱེད་རང་དྲན་བྱུང་།

ཚ་སྡུག་དང་གྲང་ངར་གྱི་བཙན་འཛུལ་བར་ན།

དུད་ཁྱིམ་ཅིག་གི་བ་དན་སྒྲེང་བའི་ཁྱེད་རང་དྲན་བྱུང་།

ཡིན་ཏེ།   ཕ་ལགས།   ཁྱེད་ནི།

མི་ཚེ་ཡི་དཔལ་ངར་ཅན།དཀའ་ངལ་གྱི་འཐབ་རྩོད་པ། ཡང་ན་དྲོད་ལྡན་གྱི་བརྩེ་བ་འདིའི་བདག་པོ་ཁོ་ན།

ངོ་མ།

ཁྱེད་ནི། མི་ཚེ་འདིའི་དུས་གཏན་གྱི་རྒྱབ་རི་དང་དད་ཡུལ་གྱི་མཆོད་གནས་ཡིན་སོང་།ཁྱེད་མེད་ན།

ལང་ཚོ་ཡི་ཞིང་ཁམས་འདིར་རྒྱབ་རྟེན་མི་འདུགཁྱེད་མེད་ན།མི་ཚེ་ཡི་འགྲོ་ལམ་འདིར་དམིགས་འབེན་མ་བྱུང་།

གང་ལྟར།ཕ་ལགས།ཁྱེད་རང་དྲན་བྱུང་།

རྒྱང་རིང་གི་གླེན་ཕྲུག་ངས་དུས་བཟང་དང་སྟུན་ནས།

དེ་རིང་ཁྱེད་རང་སྐུ་ལུས་ལ་ན་ཚ་མེད་པའི་སྨོན་འདུན་གྱི་སྐད་ཆ།

རྒྱང་བཞུད་ཀྱི་སྤྲིན་དཀར་ལ་བཅོལ་ཡོད།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-26 10:16 , Processed in 0.020461 second(s), 17 queries .

返回顶部