博客西藏在最高处过一种生活

日志

藏歌音乐网分享 来源微信:zangge1376

热度 1已有 3938 次阅读2016-3-30 20:47 |个人分类:དཔར་རིས།|系统分类:音乐| 谢旦, 泽旺拉姆

发表评论 评论 (5 个评论)

回复 pari 2016-4-1 21:07
བོད་་་་གངས་ལྗོངས་ཡུལ་དུ།
གླུ་བ་མི་འདུག་མ་གསུང་།
གཡུ་རྩེའི་བུ་རྒྱུད་ཤེར་བརྟན།
གླུ་བ་མིན་ན་གང་ཡིན།།

བོད་་་་གངས་ལྗོངས་ཡུལ་དུ།
ཕོ་གསར་མི་འདུག་མ་གསུང་།
ཕུ་བོ་བདེ་སྐྱིད་ཚེ་རིང་།
ཕོ་གསར་མིན་ན་གང་ཡིན།།

བོད་་་་གངས་ལྗོངས་ཡུལ་དུ།
མཛེས་མ་མི་འདུག་མ་གསུང་།
ཨ་ཅེ་ཚེ་དབང་ལྷ་མོ།
མཛེས་མ་མིན་ན་གང་ཡིན།།
回复 pari 2016-4-1 21:08
བོད་ཀྱི་དར་དཀར་རིག་གནས།
ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།
ལྷག་བསམ་མཚོན་བྱེད་ཁ་དོག་དཀར་པོ་ཞེས། །
གདོད་མའི་དུས་ནས་བོད་ཀྱི་ཡུལ་སྲོལ་གྲགས། །
ཚོང་རྭ་རྒྱས་པས་སྲོལ་ལུགས་ཉམས་རྒུད་འདི། །
དེང་གི་དུས་སུ་མདོ་ཁམས་ཡུལ་དུ་ཁྱབ། །
བཀྲ་ཤིས་ལྷ་རྫས་ཁ་དོག་དཀར་པོ་དང་། །
ཆོ་གའི་རིག་གནས་དར་མཚོན་སྣ་ལྔ་གཉིས། །
གཅིག་ཏུ་འཁྲུལ་ནས་གུས་ཞབས་མཚོན་པ་ནི། །
ཤིང་བཟོའི་ཆེད་དུ་མགར་ཆས་ཁྱེར་དང་མཚུངས།།
གཉིས། དེང་དུས་ཁམས་དང་ཨ་མདོའི་ཡུལ་དུ་དར་དཀར་གྱི་རིག་གནས་ཉམས་རྒུད་འགྲོ་ཚུལ།
དེང་དུས་བོད་ཀྱི་དར་དཀར་རིག་གནས་གཏོར་བཤིགས་ཐེབས་པའི་སྐོར། དར་དཀར་ནི་ལྷག་བསམ་དང་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་པས་ཁ་དོག་དཀར་པོ་དཀར་གཙང་ཞིག་ཡིན་པར་སྨོས་མ་དགོས་པ་རེད། ཡིན་ནའང་དེང་དུས་དར་ཁ་དོག་སྣ་ཚོགས་དང་། དར་ཁྲ་སོགས་གཏོང་སྲོལ་བྱུང་བ་འདི་ནི་ཚོང་ལས་དང་འབྲེལ་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ཞིག་རེད། གནས་ཚུལ་འདི་ནི་སྤྱི་ལོ་༡༩༨༠པའི་རྗེས་སུ་བྱུང་བ་ཞིག་རེད། ཇི་ལྟར་ཞེ་ན། དུས་དེར་སྔར་རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་རིག་གནས་རྙིང་པ་རྣམས་ཉམས་རྒུད་ཕྱིན་པ་རྣམས་ཉམས་གསོ་མཐར་ཕྱིན་པ་ཞིག་མ་བྱུང་པའི་སྐབས་དེར། དབུལ་བཅོས་ཕྱུག་འགྱུར་གྱི་སྲིད་ཇུས་ཀྱིས་ཚོང་ལས་དར་སྤེལ་གཏོང་བས། ཚོང་ལས་པ་རྣམས་ཀྱིས་ཁེ་ཚོང་ལ་དམིགས་ནས་དར་སྣ་ཚོགས་བཟོས་པ་དང་བོད་རིགས་གཞོན་ནུ་རྣམས་ཀྱིས་དར་དཀར་གྱི་མཚོན་དོན་མ་ཤེས་པ་གཉིས་འཛོམས་ནས་དར་སྣ་ཚོགས་བཏང་སྲོལ་འདིར་གསར་དུ་ཆགས་པ་ཞིག་རེད། དེས་ན་དེང་སང་དར་ཁྲ་འདི་ནི་དུས་རབས་དང་འབྲེལ་བའི་བོད་ཀྱི་དར་དཀར་རིག་གནས་ལ་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ཞིག་རེད།
ཞེས་བོད་ཀྱི་གནའ་བོའི་སྲོལ་ལུགས་ལ་རྒྱུས་མངའ་ཅུང་ཟད་ཡོད་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ཚེས་༡༠ཉིན། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ནས་བོད་ཀྱི་དར་དཀར་རིག་གནས་ཉམས་རྒུད་གསོ་བ་ལ་ཅུང་ཟད་ཕན་པའི་ལྷག་བསམ་གྱིས་སྤྲིངས་པའོ། །
2015.03.10.
_____________________________________________________________________________
དེང་དུས་བོད་རིག་པ་ཞིབ་འཇུག་པ་ཁ་ཅིག་གིས་བོད་ཀྱི་ཁ་བཏགས་དར་དཀར་གཏོང་སྲོལ་འདི་འགྲོ་མགོན་ཆོས་འཕགས་སྐབས་སུ་རྒྱ་ནག་ནས་དར་བ་རེད་ཅེས་བརྗོད་པ་ནི་ཡུལ་རྒྱ་ནག་ཡིན་དུ་ཆུག་ཀྱང་སྐབས་དེའི་རྒྱ་ནག་གི་་དབང་བསྒྱུར་བྱེད་མཁན་སོག་པོ་ཡིན་པ་དང་ཁོ་ཚོའི་གོམས་གཤིས་ནི་སོག་ལུགས་ཤས་ཆེ་བས་དར་ཁུངས་སོག་པོ་ལ་གཏུགས་དགོས་པ་ལས་རྒྱ་ནག་ལ་སྦྲེལ་མི་རུང་ངོ་།
སྤྱིར་དར་ཚོན་སྣ་ལྔ་སོགས་ཡོད་ནའང་། ཁྲ་རིས་མེད་པའི་དྭངས་གཙང་ཡིན་དགོས་པ་དང་། ཁ་དོག་དཀར་པོ་ཞིག་དགོས་པ་ནི་སེམས་པ་དཀར་པོ་ལྷག་བསམ་མཚོན་ཆེད་ཡིན་ནོ།
ཡོན་ཏན་མཁས་གྲུབ་དང་གཅོད་པ་ཐར།༢༠༡༥ལོ་ཟླ༤ཚེ༡༨
回复 pari 2016-4-1 21:09
欧洲圖伯特社區負責人:請不要侮辱来自家乡的圖伯特歌星阿山和楊秀措。這哪裏是演唱會,簡直是土匪流氓鬧場。在楊秀措和阿山歐洲演出過程中,始終伴隨著垃圾假哈達。场面极其混乱不说,还往演唱者身上堆那麼多帶子,他们怎麼能唱好?一般來說,一條潔白哈達就可以,由演唱會主持獻上即可。這種肮脏場面,亂七八糟,真是作賤。12.23.2015-01.03.2016
回复 pari 2016-4-1 21:11
དང་པོ།
དྭངས་གཙང་ཁ་བཏགས་དཀར་པོ་དང་དྭངས་གཙང་དར་ཚོན་སྣ་ལྔ་བེད་སྤྱོད་གནང་རོགས།། དགེ་རྒན་ཆེན་མོ་སྡེ་དགེ་ཐུབ་བསྟན་ཕུན་ཚོགས་ཀྱི་སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ཚེས་༡༠ཉིན་གྱི་རྩོམ་ཡིག་གཟིགས་རོགས་གནང་།<བོད་ཀྱི་དར་དཀར་རིག་གནས།>.Do not use fake kadag,it’s garbages.

གཉིས་པ།  
སྦག(མ་ཅང་)རྒྱན་འཛུགས་མཚམས་འཇོག་བྱེད་དགོས།མཁས་དབང་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་གྲོས་གཞི་ཡིག་ཆ་ལ་གཟིགས་རོགས་གནང་།<མ་ཅང་རྒྱན་འཛུགས་མཚམས་འཇོག་བྱེད་དགོས།>.
回复 pari 2016-4-1 21:13
བོད་ལུགས་ཁ་བཏགས་ནི་དཀར་པོ་དཀར་རྐྱང་ཡིན་པས་དཀར་པོ་རང་བེད་སྤྱོད་གཏོང་རོགས། ཁ་མདོག་སེར་ཁྲ་དང་དཀར་ཁྲ། སྔོ་ཁྲ། ལྗང་ཁྲ། དམར་ཁྲ་ཅན་གྱི་རས་དར་ནི་རང་ལུགས་དང་མི་མཐུན་པས་བེད་སྤྱོད་ཁྱོན་ནས་མ་གཏོང་རོགས།
ཁ་བཏགས་དཀར་པོ་ཡིན།  ཁ་བཏགས་ཁྲ་ཁྲ་མིན།  ཁ་བ་དཀར་པོ་ཡིན།  ཁ་བ་ཁྲ་ཁྲ་མིན།  གངས་རི་དཀར་པོ་ཡིན། གངས་རི་ཁྲ་ཁྲ་མིན།
使用圖伯特潔白哈達,抵制廢除黃花色,白花色,綠花色,藍花色,紅花色等,各式腐蝕圖伯特傳統文化的垃圾假貨,假哈达。

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-12-3 09:04 , Processed in 0.020754 second(s), 18 queries .

返回顶部