博客西藏在最高处过一种生活

日志

国际安多研究第二次会议འཛམ་བུ་གླིང་གི་ཨ་མདོའི་ཞིབ་འཇ ...

已有 377 次阅读2016-3-11 20:22 |系统分类:信仰

འཛམ་བུ་གླིང་གི་ཨ་མདོའི་ཞིབ་འཇུག་ཚོགས་འདུ་ཐེངས་གཉིས་པ།
Amdo Research Network 2017
Prague, Czech Republic, Europe

ལྷན་རྒྱས་སྐུ་ཁམས་བཟང་།
ཨ་མདོའི་རིག་གནས་དང་སྐད་ཡིག་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བགྱི་བའི་བོད་ཀྱི་མཁས་པ་རྣམས་ལ་ཁྱད་པར་ཞུ་དོན། སྤྱི་ལོ་༢༠༡༧ལོའི་ཟླ་༢པར་ཡོ་རོབ་གླིང་གི་གྲོང་ཁྱེར་ཕི་རཱ་ཀི་ལ་གནས་པའི་ཁྲ་རོད་སི་མཐོ་སློབ་ཏུ་ཨ་མདོ་ཞིབ་འཇུག་ཚོགས་འདུ་ཐེངས་གཉིས་པ་སྐོང་འཚོགས་བྱ་རྒྱུ་ཡིན་པས། ང་རང་གི་ངོས་ནས་དེ་ལ་ཚོགས་ཞུགས་སྙན་ཞུ་དབུལ་པར་སྐུལ་འབོད་བྱེད་པ་ཡིན།
སྙན་ཞུ་ཇི་ལྟར་དབུལ་པའི་གོ་རིམ་ནི་ཞབས་བཏགས་ཀྱི་དྲ་གནས་སུ་གསལ་ལ། ང་རང་བརྒྱུད་ནས་གློག་རྡུལ་ཡིག་ཟམ་བསྐུར་ཡང་ཆོག
སྒྲོག་སྤྱོང་དཔྱད་རྩོམ་གྱི་ཁ་བྱང་གཏན་འཁེལ་གནང་བའི་དུས་བཀག་ནི་སྤྱི་ལོ་༢༠༡༦གི་ཟླ་༣པའི་ཚེས་༣༡ཉིན་ཡིན་པ་དང་། དཔྱད་རྩ྄ོམ་གྱི་ནང་དོན་གནད་བསྡུས་སྤྱི་ལོ་༢༠༡༦གྱི་ཟླ་༦པའི་ཚེས་༣༠ཉིན་གྱི་སྔུན་ལ་ཡར་སྤྲོད་དགོས། ཚོགས་ཐོག་སྐད་ཆ་ནི་དབྱིན་ཇི་ཡིན། གལ་ཏེ་བོད་སྐད་བཀོལ་སྤྱོད་བྱེད་མཁན་ཡོད་ན། ང་ལ་འབྲེལ་བ་བྱ་རོགས། ཚོགས་ཞུགས་མཁས་པ་ཚང་མར་ཚད་ངེས་ཅན་གྱི་གྲོན་དངུལ་སྤྲོད་རྒྱུ་ཡིན།
ཚོགས་འདུ་སྐབས་དང་པོ་ནི་སྤྱི་ལོ་༢༠༡༤ལོར་སྦུ་ལེན་༼Berlin༽ནས་ཚོགས་འཛོམས་བྱས་ཤིང་། དེ་ནི་ཨ་མདོ་ཞིབ་འཇུག་འབྲེལ་ལམ་གྱི་ལས་གཞིའི་ཆ་ཤས་སུ་གཏོགས། ད་ནས་བཟུང་རིག་གཞུང་ཚོགས་འདི་ལོ་གསུམ་རེར་ཐེངས་རེ་འཚོགས་རྒྱུ་ཡིན་ནོ།
བརྡ་སྦྱོར་འདི་འབྲེལ་ཡོད་ཀྱི་མི་རྣམས་ལ་བརྒྱུད་བསྐུར་གནང་བར་མཁྱེན།
ཕི་རཱ་ཀི་ནས་མཇལ་བར་སྨོན་འདུན་དང་བཅས་གུས་མོ་ཨན་ན་ནས་ཕུལ།

Amdo Research Network
https://www.iaaw.hu-berlin.de/en/region/centralasia/research/projects/current/amdo-research-network

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-11-29 15:05 , Processed in 0.019684 second(s), 16 queries .

返回顶部