博客西藏在最高处过一种生活

日志

ས་གྲུ་བཞིའི་ཤུག་སྡོང་ཁེར་སྐྱེས། ...

热度 1已有 586 次阅读2014-6-18 11:51 |系统分类:文学

ས་གྲུ་བཞིའི་ཤུག་སྡོང་ཁེར་སྐྱེས།

ཤུག་སྡོང་ཁེར་སྐྱེས

རླུང་ངོགས་ན

སུ་ཞིག་གིས་ཁྲིམས་ཐག་བཅད་པའི་ཉེས་ཅན་བཞིན

ཤུག་སྡོང་ཁེར་སྐྱེས

ཆར་ནང་ན

སུ་ཞིག་ལ་རེ་སྒུག་བྱེད་པའི་བདག་མེད་དྭ་ཕྲུག་བཞིན

ཁ་ཆར་འདྲེས་མའི་གཅར་རྡུང་ཁྲོད

ས་རྡུལ་དམར་པོའི་འཕྱ་སྨོད་ཁྲོད

ལྗང་མདོག་གི་ལོ་མས་ལྕུག་འདར་བྱེད་པ་དེ

ནུས་མེད་སྙིང་ཆུང་ཞིག་གི་རེ་ཐག་ཆད་པའི་འཆི་ཁའི་འཕག་འཚག་ཡིན་ནམ

ལྟོག་སྐོམ་གྱིས་མནར་གཅོད་མྱང་བའི་ཉམས་ཆུང་དྭ་ཕྲུག་ཞིག་གི་གསོན་འདོད་ཀྱི་སེམས་ཤུགས་ཡིན

ཤུག་སྡོང་ཁེར་སྐྱེས་

གཤེད་མའི་མདའ་ཁའི་བེམ་པོར་འགྱུར་རམ

ཤུག་སྡོང་ཁེར་སྐྱེས

ཟས་འཚོལ་བུ་ལོའི་རྣམ་ཐར་སྐྱོང་ངམ

སུ་ཞིག་གི་ཤུལ་དུ་ལས་སམ   སུ་ཞིག་ཤུལ་དུ་བཞག

ང་ཐོན་ཁར

ས་གྲུ་བཞི་ན   ཤུག་སྡོང་ཁེར་སྐྱེས་ཤིག

ང་འགྲོ་ཁར

ཤུག་སྡོང་ཁེར་སྐྱེས་ཤིག   ས་གྲུ་བཞི་ན


                               སྟག་ལྷ་འབུམ་ནས། 

发表评论 评论 (2 个评论)

回复 明珠 2014-6-18 12:22
ཡག་པོ་འདུག
回复 doulaben 2014-6-18 15:19
明珠: ཡག་པོ་འདུག
ཉིད་ཀྱིས་གཟིགས་པར་བཀའ་དྲིན་ཆེ།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-11-29 22:18 , Processed in 0.018627 second(s), 17 queries .

返回顶部