博客西藏在最高处过一种生活

日志

༄༅། །མཚམས་སྦྱོར་མདོར་བསྡུས།

热度 1已有 289 次阅读2016-6-27 22:14 |系统分类:见闻


མིང་། ཁམས་དབང་རྒྱལ།

སྐྱེས་ཡུལ། མདོ་ཁམས་རི་བོ་ཆེ་གཡས་རུ་རུ་དྲུག་ནང་ཟླ་ཟ་ཚང་།

སྐྱེས་སྐར། ༡༩༨༧ལོ།
དགའ་ཕྱོགས། གཞས། རོལ་མོ། རི་མོ།
ཆེད་ལས། བརྙན་ལེན་དང་སྒྲིག་སྦྱོར།
           ངོ་སྤྲོད།
     ང་ནི་༡༩༨༧ལོ་སྔོ་ཞིང་དྭངས་བའི་ནམ་མཁའ། མཛེས་ཤིང་སྡུག་པའི་གངས་རི། ཡངས་ཤིང་ཆེ་བའི་རྩྭ་ཐང་ལ་རྟ་ནོར་ལུག་གསུམ་འཛོམས་པ་སོགས་ལྟ་ན་སྡུག་པའི་ཕ་ཡུལ་མདོ་ཁམས་རི་བོ་ཆེ།  གཡས་རུ་རུ་དྲུག་ཟླ་ཟ་ཚང་དུ་སྐྱེས།                                 
       ཆུང་དུས་ནས་སྙིང་ཉེ་བའི་དྲིན་ཆེན་མ་ལོ་འཇིག་རྟེན་ནས་ཁ་བྲལ་ཞིང་།  ཨ་ཕ་དང་ཨ་མྱེ།  ཨ་ཕྱི་དང་སྙིང་ཉེ་བའི་ཉེ་ཉེ་སོགས་ཀྱིས་བྱམས་བརྩེ་དང་གཅེས་སྐྱོང་འོག་ནས་ཚར་ཞིང་། རང་གཤིས་ལ་གླུ་ལེན་པ་དང་རོལ་ཆ་དཀྲོལ་རྒྱུ།  རི་མོ་འབྲི་རྒྱུ་སོགས་ལ་ཧ་ཅང་དགའ། ནམ་རྒྱུན་གླུ་ཚིག་དང་བྲོ་ཚིག  དམངས་གླུ་དང་བྲོ་གླུ་ཡི་དབྱངས་རྟ་སོགས་རྒན་རབ་རྣམས་ཀྱིས་མདུན་ནས་གང་མང་ཞིག་བསླབ་པ་ཡིན་ལ།   རི་མོ་ནི་སློབ་འབྲིང་ལ་ཐོན་སྐབས་སྦྱང་འགོ་བརྩམས་པ་ཡིན།
           འོ་ཀྱང་གནས་ཚུལ་སྣ་ཚོགས་ཀྱིས་རྐྱེན་པས་རྐང་ཚུགས་པ་ཞིག་སྦྱང་ཁོམ་མ་བྱུང་།
   གང་ཡིན་ཞེ་ན་དེ་དུས་བདག་ལ་མི་ཚེའི་ལམ་ཁ་གཉིས་ལས་གཅིག་ནི་མ་མཐུད་ནས་སློབ་གྲྭ་འགྲོ་བ་དང་གཅིག་ནི་ཕྱིར་ཕ་ཡུལ་ལ་ལོག་ནས་ཨ་ཕའི་ལག་རོགས་བྱེད་རྒྱུ་དེ་རེད།
དེ་དུས་བསམ་རྣོ་ཇི་ལྟར་བཏང་མོད།
    ང་ཆུང་ཆུང་དུས་ནས་ཁྱིམ་ཚང་གི་བྱ་བ་གཙོ་ཕལ་དུ་མའི་དཀའ་ཁག་གི་རྡོག་ཁྲེས་ལྗིད་པོ་ཨ་ཕ་གཅིག་པུའི་མགོ་ཐོག་ལ་ལྷུང་ཡོད་པ་དང་ཨ་ཕ་ཡང་ཉིན་རེ་དང་ཉེན་རེ། ལོ་རེ་ནས་ལོ་རེ་བགྲེས་རྒུད་མྱུར་བར་འགྲོ་བ་དང་།  མ་ཟད་རང་ཉིད་ཀྱི་གནས་ཚུལ་དུ་མ་ཡང་རང་ཉིད་ཀྱིས་ཐག་གཅོད་དགོས་སོགས་ལ་བསམ་ནས།     མུ་མཐུད་ནས་སློབ་གྲྭ་མི་འགྲོ་བར་ཕ་ཡུལ་ལོག་རྒྱུའི་སེམས་ཐམས་བཅད་པ་ཡིན་ལ་མི་ཚེའི་ལམ་ཁ་གཞན་དེ་གདམ་དགོས་བྱུང་སོང་།
       འོན་ཀྱང་གཞས་དང་རི་མོ་སོགས་ནི་བདག་གི་ཕུགས་བསམ་དང་དགའ་ཞེན་གྱིས་ཕྱུག་པའི་འཚོ་བའི་གྲུབ་ཆ་ཞིག་ཡིན་པས།    ཞར་དང་ཞོར་ལ་རི་མོ་སོགས་སྦྱངས་ལ། ལྷག་པར་དུ་གླུ་གཞས་ལ་འབད་པ་ལྷོད་མེད་བགྱིས་སྟེ་བདག་གིས་གཙོ་སྒྲུབ་བྱས་པའི་ཟེར་སྡེར་《ཕ་ཡུལ་བསྟོད་གླུ།》བདག་དང་ཕ་ཡུལ་གཅིག་པའི་གླུ་མ་འགའི་མཉམ་དུ་ཕྱི་ལོ2010ནས་མགོ་བརྩམས་ཤིང་2011ལོར་ལེགས་གྲུབ་བྱུང་སྟེ་འགྲེམས་སྤེལ་བྱེད་ཐུབ་པ་བྱུང་སོང་།

     དེ་ནས་རང་ཉིད་ཀྱི་དགའ་ཕྱོགས་སྒྱུ་རྩལ་གྱི་རིག་གནས་ནི་གཏིང་ཟབ་ལ། དཔོག་དཀའ་བ།  སྤྱི་ཚོགས་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པའི་ངེས་ཤེས་བླ་ལྷག་ཏུ་རྙེད་དེ། གླུ་གཞས་དང་བརྙན་ལེན།  པར་ལེན་དང་སྒྲིག་སྦྱོར།  ཡང་སྒོས་རྩིས་འཕྲུལ་རིག་གནས་སྐོར་ལ་སྦྱང་བརྩོན་ལྷོད་མེད་བྱས་པ་ཡིན་སྟབས།
        སླར་ཡང་ཕྱི་ལོ་2013ལོར་བདག་གིས་སྒེར་སྒྲུབ་བྱས་པའི་ཆེད་བསྒྲིགས་ཐོག་མ་《མཚམས་འདྲི་དྲི་ཟའི་རྒྱང་གླུ།》ཞེས་པ་དེ་རྒྱ་ཆེའི་ལྟད་མོ་བ་ཚོར་འཚམས་འདྲིའི་ཚུལ་དུ་སྤེལ་ཐུབ་པ་བྱུང་ལ།  ལྟ་མཁན་རྣམ་པས་ཀྱང་དགའ་ཞེན་དང་ཐུགས་ཁུར་བླ་མེད་གནང་བར་བརྟེན།

 རང་གི་དགའ་ཕྱོགས་ལ་སྔར་ལས་ལྷག་པའི་ཕུགས་བསམ་ཞིག་དང་དུང་ཞེན་གྱིས་ཕྱུག་པ་གྱུར་སོང་།
     ད་ལྟར་ཆེད་ལས་གཙོ་བོ་བརྙན་ལེན་པ་དང་སྒྲིག་སྦྱོར་བྱེད་རྒྱུ་དེ་ཡིན་ནའང་།  སླད་ཆད་མུ་མཐུད་དུ་གླུ་དབྱངས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་ཞིག་སྤེལ་འདོད་ཡོད་ལ། ད་ལྟ་འབད་དང་འབད་བཞིན་ཡོད་པ་མ་ཟད་སྒྱུ་རྩལ་རིག་གནས་ཀྱི་ལམ་བུ་འདི་བརྒྱུད་ནས་སྤྱི་ཚོགས་དང་ང་རང་ལ་དགའ་བའི་གྲོགས་པོ་རྣམས་ལ་སྙིང་ཁོང་ནས་ཞབས་ཞུ་ཆུང་ཆུང་ཞིག་བསྒྲུབ་རྒྱུའི་དམ་བཅའ་ཡང་བཞག་ཡོད།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-12-6 01:53 , Processed in 0.019765 second(s), 16 queries .

返回顶部