|
སྟོན་པ།
ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དེ།།
དག་གསལ་འོད་དཀར་ཀློང་ནས་སྐད་ཅིག་ཡལ།།
སེར་སྐྱའི་གྲོང་གི་རིགས་ལྡན་རྒྱལ་བུ་ལ།།
སྟོབས་ཀྱི་འཁོར་ལོས་བསྒྱུར་བཞིན་འཕོ་བ་མཛད།།
སྡུག་བསྔལ་གསུམ་གྱི་འགྲོ་བ་མ་ལུས་བ།།
ཡང་དག་དམ་པའི་ཆོས་ཀྱི་ཕོ་བྲང་དུ།།
བཀྲི་བའི་དམ་བཅའ་སྙིང་ལ་བཀོད་པའི་ངང་།།
ཐེག་གསུམ་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར།།
སྲིད་གསུམ་འཛིན་མའི་ཁྱོན་གྱི་རྭ་བ་ན།།
རྣམ་རྟོག་སྒྱུ་མའི་ཟོལ་གྱི་འཁོར་ལོ་དེ།།
ཆགས་སྡང་གཏམ་གྱི་གཞི་ལ་སྦྲེལ་ནས་འཁོར།།
རབ་བརྟན་གླང་པོས་ལྷ་དབང་དཔུང་དང་བཅས།།
འཆི་མེད་ལམ་ནས་དྲངས་ཏེ་རྒོལ་བ་ལ།།
བྱམས་པའི་མཚོན་གྱི་མེ་ཏོག་ཚོམ་བུ་ཅིག།
ག་ལེར་གྲོལ་ནས་དྲི་གསུང་ལྡེམ་པ་དེས།།
ངོ་ཚའི་གོས་ཀྱི་རི་མོ་ཡང་ཡང་བསྐྱོམས།།
དད་པའི་ངོགས་ཀྱི་ཆུ་ཕྲན་ལྷུང་ལྷུང་འབབ།།
སྡིག་པའི་ལུས་ཀྱི་གཤིན་རྗེ་རལ་གྲི་དེ།།
ཞི་བའི་མཚོན་གྱི་མེ་ཏོག་ཙམ་ལ་ཡང་།།
རྒོལ་བའི་ཡ་ལན་ཡེ་ནས་སྟོང་བ་འདི།།
མཐོ་རིས་ལྷ་ཡི་ཞིང་གི་སྐྱེལ་མོས་ཚལ།།
སྨོན་པའི་རེ་བ་སྔོན་ནས་བཏང་ལགས་ན།།
བླང་དོར་མིག་གི་འབྲས་བུ་ཇི་བཞིན་བསྲུང་།།
དེ་ལྟའི་གསུང་གི་བདུད་རྩིའི་ཟེགས་མ་རེ།།
འོད་གསལ་སྒྱུ་མའི་སྐུ་ལས་བརྡོལ་བ་འདི།།
ལག་ཟུང་སྤར་མོས་གཡོབ་ཏེ་མིད་པར་མཛོད།།
藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|
tibetcul.com © Copyright 2004-2017. All rights reserved |陇ICP备05000171号
战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET
严禁在本站发表与国家法律相抵触言论和散播谣言
Powered by Discuz! X3.4GMT+8, 2021-3-3 15:54 , Processed in 0.034964 second(s), 16 queries .