博客西藏在最高处过一种生活

日志

དུངས་བ།

已有 240 次阅读2014-3-10 22:07 |系统分类:文学

 

  དུངས་བ།

ལྟ་བའི་སྙིགས་མ་ཆེས་ཆེར་བརྡོལ་བའི་དེང་གི་དུས་རབས་ལ།།

མི་སྲུན་གྱ་གྱུ་ཀློང་གི་རེ་དོགས་སྣ་ཚོགས་འཁྲིགས་པ་དེས།།

ཀུན་རྟོག་ཡིད་ཀྱི་སྲོག་ལ་ཆོམ་པོར་ལྡིང་ནས་རྒོལ་བར་བྱེད།།

ལེགས་བྱས་དཔལ་གྱི་མདངས་ལ་འཁྱུད་པའི་དད་སོགས་ཕྲ་མོ་རེས།།

རྣམ་དཀར་ལུས་ཀྱི་དབུ་འཕང་ཉིད་ནི་ཅུང་ཟད་དགུང་ལ་རེག།།

ན་ཆུང་བུ་མོའི་སྲོག་གི་སྙིང་རྩ་བསྒུལ་ཙམ་མི་ནུས་བར།།

དུང་བའི་ལོ་མ་གཅིག་ནས་གཉིས་སུ་འབབ་པའི་ངང་ཚུལ་འདི།།

རྗུན་དང་ནོར་གྱིས་འགུག་པའི་རིན་ཐང་ཟད་ནས་བྱུང་ཙ་ན།།

ངོ་ཚའི་གོས་ཀྱི་ཡོལ་བ་ཡུད་ཙམ་ལྷོད་ནས་གཡོ་བར་རྩོམ།།

ཕྲ་མོས་མེ་ཡིས་བསྲེག་པའི་ནགས་ཀྱི་ཚང་ཚིང་སྟུག་པོ་དེ།།

སྐྱི་བསེར་རླུང་གི་གྲོགས་དང་བསྡེབས་ནས་མཐའ་ལ་འཕེལ་ཕྱིར་དུ།།

ངན་གཡོའི་སྲོག་ལ་དཀྲིས་པའི་རིག་སྔགས་ལུས་ཀྱི་མཐུ་ཡིས་ནི།།

ངན་དགུའི་ཚང་ལ་བཀྲི་བའི་མཆོད་སྦྱིན་ངག་གི་འཁོར་ལོ་བསྐོར།།

སྒེག་མོའི་ལུས་ཀྱི་རྩེད་འཇོ་རོལ་ནས་གཡེང་བའི་སྐབས་ཉིད་ལ།།

ད་དུང་ན་ཟུག་རེག་ནས་སྟོང་འདང་ལབ་པའི་སྲོལ་ཀ་འདིས།།

རི་སུལ་ཁྲོད་ཀྱི་དབེན་པའི་གནས་ལ་ཞེ་ནས་སྡང་བ་ཅིག།

ངང་གིས་ཐོན་ནས་ཞི་འཇགས་གྲོང་གི་སྣང་བ་གང་སར་སྟོར།།

ཞེ་ནས་སྣང་བ་ལྷོད་དེ་ར་རིའི་གཏམ་གྱི་ཟུར་ཀ་ཅིག།།

སྤོབས་པས་བཏེགས་ནས་མགྲིན་པའི་ཕུག་གི་སྒོ་ལས་ལྷོད་ཀྱིས་ཤོར།།

全部作者的其他最新日志

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-3-3 16:44 , Processed in 0.032232 second(s), 16 queries .

返回顶部