博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་གིས་ང་ཚོ་ཚང་མ་ནི་ཁྱིམ་ཚང་ ...

已有 171 次阅读2021-6-9 12:35 |系统分类:见闻


    ༄༅།།ཞི་ཅིན་ཕིང་གིས་ང་ཚོ་ཚང་མ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ལ་ཚང་མ་ཕུ་ནུ་མིང་སྲིང་ཡིན་པས་མ་འོངས་པར་སྔར་ལས་མཛེས་སྡུག་ལྡན་ཞེས་བསྟན།
                                  ཞིན་ཧྭ་དྲ་བ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་སྡེ་འདབས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྡེ་དམངས་རྣམས་ལ་གསུང་རྒྱུར། ང་ཚོ་ཚང་མ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་ཚང་མ་ཕུ་ནུ་མིང་སྲིང་ཡིན། སྡེ་བ་འདིའི་འགྱུར་ལྡོག་ཧ་ཅང་ཆེ་བས། ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་མཐོང་རྗེས་ང་རང་དགའ་སྤྲོ་ཚད་མེད་སྐྱེ་ལ། ཚང་མས་ཏང་དང་སྲིད་གཞུང་ལ་བཅངས་བའི་བརྩེ་དུང་ཟབ་མོར་ངས་རོལ་མྱོང་བྱེད་ཐུབ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལ་བསླེབ་པའི་དུས་སུ། ཀྲུང་ཧྭ་མི་རིགས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་མི་རིགས་ཀྱི་གྲས་སུ་འགྱིང་ངེར་ལངས་སྲིད། སྐབས་དེར་ཐོན་ན་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་དང་། དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན། ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད་པ་དང་། ང་ཚོ་ཚང་མ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཆ་ཤས་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་མི་རིགས་གཅིག་ཀྱང་ཆད་ལུས་བྱུང་མི་རུང་ལ། མ་འོངས་པར་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་བརྟན་པོ་ཡོད་དགོས།  །


1127545039_16232016824441n.jpg


                   ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-6-25 02:12 , Processed in 0.031903 second(s), 16 queries .

返回顶部