博客西藏在最高处过一种生活

日志

༄༅།།དམངས་དོན་ཁྲིམས་གཞུང་གི་ས་བཅད་གཉིས་པ། ...

已有 57 次阅读2021-4-30 17:06 |系统分类:文化


                                  ༄༅།།དམངས་དོན་ཁྲིམས་གཞུང་གི་ས་བཅད་གཉིས་པ། ཁེ་གཉེར་ཁྲིམས་མི། 
                        ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར། རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

                                           ས་བཅད་གཉིས་པ། ཁེ་གཉེར་ཁྲིམས་མི།
                                                                     
                               

    དོན་ཚན་དོན་དྲུག་པ།【ཁེ་གཉེར་ཁྲིམས་མིའི་མཚན་ཉིད་དང་དབྱེ་བ】ཁེ་སྤོགས་ཐོབ་པ་དང་རྐང་བདག་སོགས་མ་དངུལ་འཇོག་མཁན་ལ་བགོ་བཤའ་རྒྱག་རྒྱུ་དམིགས་ཡུལ་དུ་བཟུང་ནས་བཙུགས་པའི་ཁྲིམས་མི་ནི་ཁེ་གཉེར་ཁྲིམས་མི་ཡིན།

    ཁེ་གཉེར་ཁྲིམས་མི་ལ་འགན་འཁྲི་ཚད་ཡོད་ཀུང་སི་དང་མ་རྐང་ཚད་ཡོད་ཀུང་སི། ཁེ་ལས་ཀྱི་ཁྲིམས་མི་གཞན་དག་བཅོས་ཚུད་ཡོད།

    དོན་ཚན་དོན་བདུན་པ།【ཁེ་གཉེར་ཁྲིམས་མི་བཙུགས་པ】ཁེ་གཉེར་ཁྲིམས་མི་ནི་ཁྲིམས་ལྟར་ཐོ་འགོད་བྱས་པ་བརྒྱུད་ནས་བཙུགས།

    དོན་ཚན་དོན་བརྒྱད་པ།【ཁེ་གཉེར་ཁྲིམས་མིའི་ལས་གཉེར་ལག་ཁྱེར】ཁྲིམས་ལྟར་བཙུགས་པའི་ཁེ་གཉེར་ཁྲིམས་མི་ལ་ཐོ་འགོད་ལས་ཁུངས་ཀྱིས་ཁེ་གཉེར་ཁྲིམས་མིའི་ལས་གཉེར་ལག་ཁྱེར་སྤྲོད་དགོས། ལས་གཉེར་ལག་ཁྱེར་སྤྲད་པའི་ཉིན་ནི་ཁེ་གཉེར་ཁྲིམས་མི་བཙུགས་པའི་ཉིན་མོ་ཡིན།

    དོན་ཚན་དོན་དགུ་པ།【ཁེ་གཉེར་ཁྲིམས་མིའི་སྒྲིག་ཡིག】ཁེ་གཉེར་ཁྲིམས་མི་བཙུགས་ན་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་བཟོ་དགོས།

    དོན་ཚན་བརྒྱད་ཅུ་པ།【ཁེ་གཉེར་ཁྲིམས་མིའི་དབང་ཤུགས་ལས་ཁུངས】ཁེ་གཉེར་ཁྲིམས་མི་ལ་ངེས་པར་དབང་ཤུགས་ལས་ཁུངས་འཛུགས་དགོས།

    དབང་ཤུགས་ལས་ཁུངས་ཀྱིས་ཁྲིམས་མིའི་སྒྲིག་ཡིག་བཟོ་བཅོས་རྒྱག་དགོས་ལ། ལག་བསྟར་ལས་ཁུངས་དང་ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མི་འདེམས་རྒྱུ་དང་བརྗེ་བ། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་འགན་དབང་གཞན་དག་སྤྱོད་དགོས།

    དོན་ཚན་གྱ་གཅིག་པ།【ཁེ་གཉེར་ཁྲིམས་མིའི་ལག་བསྟར་ལས་ཁུངས】ཁེ་གཉེར་ཁྲིམས་མི་ལ་ངེས་པར་ལག་བསྟར་ལས་ཁུངས་འཛུགས་དགོས།

    ལག་བསྟར་ལས་ཁུངས་ཀྱིས་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཚོགས་བསྡུ་བ་དང་། ཁྲིམས་མིའི་ལས་གཉེར་འཆར་གཞི་དང་མ་དངུལ་འཇོག་པའི་ཇུས་གཞི་ཐག་གཅོད་བྱ་དགོས་ལ། ཁྲིམས་མི་ནང་ཁུལ་གྱི་དོ་དམ་ལས་ཁུངས་འཛུགས་ཚུལ་ཐག་གཅོད་དང་། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་འགན་དབང་གཞན་དག་བསྒྲུབ་དགོས།

    ལག་བསྟར་ལས་ཁུངས་ནི་ལས་འཛིན་ལྷན་ཚོགས་སམ་ལག་བསྟར་ལས་འཛིན་ཡིན་ན། ལས་འཛིན་པའི་མགོ་འཛིན་ནམ་ལག་བསྟར་ལས་འཛིན། ཡང་ན་སྤྱི་གཉེར་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས་ལ། ལས་འཛིན་ལྷན་ཚོགས་སམ་ལག་བསྟར་ལས་འཛིན་བཙུགས་མེད་པའི་རིགས་ལ་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་འགན་འཁུར་བ་གཙོ་བོ་ནི་དེའི་ལག་བསྟར་ལས་ཁུངས་དང་ཁྲིམས་བཀོད་འཐུས་ཚབ་པ་ཡིན།

    དོན་ཚན་གྱ་གཉིས་པ།【ཁེ་གཉེར་ཁྲིམས་མིའི་ལྟ་སྐུལ་ལས་ཁུངས】ཁེ་གཉེར་ཁྲིམས་མི་ལ་ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་སོགས་ཀྱི་ལྟ་སྐུལ་ལས་ཁུངས་བཙུགས་ཡོད་ན། ལྟ་སྐུལ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ཁྲིམས་མིའི་རྒྱུ་ནོར་ལ་ཞིབ་བཤེར་བྱ་དགོས་ལ། ལག་བསྟར་ལས་ཁུངས་ཀྱི་ཁོངས་མི་དང་མཐོ་རིམ་དོ་དམ་མི་སྣས་ཁྲིམས་མིའི་གོ་གནས་ལག་བསྟར་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་དང་། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་འགན་དབང་གཞན་དག་བཅས་ཡོད།

    དོན་ཚན་གྱ་གསུམ་པ།【མ་རྩ་འདོན་མཁན་གྱིས་དབང་ཆ་གང་འདོད་དུ་སྤྱད་པའི་འགན་འཁྲི】ཁེ་གཉེར་ཁྲིམས་མིའི་མ་རྩ་འདོན་མཁན་གྱིས་མ་དངུལ་འདོན་མཁན་གྱི་དབང་ཆ་གང་འདོད་དུ་སྤྱད་ནས་ཁྲིམས་མི་དང་མ་དངུལ་གཏོང་མཁན་གཞན་དག་གི་ཁེ་ཕན་ལ་གནོད་འཚེ་བཟོ་མི་ཆོག མ་དངུལ་འདོན་མཁན་གྱི་དབང་ཆ་གང་འདོད་དུ་སྤྱད་ནས་ཁྲིམས་མི་དང་མ་དངུལ་གཏོང་མཁན་གཞན་དག་གི་ཁེ་ཕན་ལ་གྱོང་གུད་བཟོས་ན་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།

    ཁེ་གཉེར་ཁྲིམས་མིའི་མ་རྩ་འདོན་མཁན་གྱིས་ཁྲིམས་མིའི་གོ་གནས་དང་མ་རྩ་གཏོང་མཁན་གྱི་ཚད་ཡོད་འགན་འཁྲི་སྤྱད་ནས་བུན་བདག་གི་ཁེ་ཕན་ལ་གནོད་སྐྱོན་བཏང་མི་ཆོག་ལ། ཁྲིམས་མིའི་གོ་གནས་དང་མ་རྩ་གཏོང་མཁན་གྱི་ཚད་ཡོད་འགན་འཁྲི་སྤྱད་ནས་བུན་བདག་གི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོས་ན་ཁྲིམས་མིའི་བུན་འགན་ལ་ཞོར་འབྲེལ་གྱི་བུན་འགན་འཁུར་དགོས།

    དོན་ཚན་གྱ་བཞི་པ།【རང་གི་འབྲེལ་བ་སྤྱོད་པའི་ཚོད་འཛིན】ཁེ་གཉེར་ཁྲིམས་མིའི་མ་རྐང་ཚོད་འཛིན་བྱེད་མཁན་དང་ཚོད་འཛིན་བྱེད་མཁན་དངོས། ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་རང་གི་འབྲེལ་བར་བརྟེན་ནས་ཁྲིམས་མིའི་ཁེ་ཕན་ལ་གནོད་པ་བཏང་མི་ཆོག རང་གི་འབྲེལ་བར་བརྟེན་ནས་ཁྲིམས་མིའི་ཁེ་ཕན་ལ་གནོད་པ་བཟོས་ཚེ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

    དོན་ཚན་གྱ་ལྔ་པ།【གྲོས་ཆོད་ཕྱིར་འཐེན】ཁེ་གཉེར་ཁྲིམས་མིའི་དབང་ཤུགས་ལས་ཁུངས་དང་ལག་བསྟར་ལས་ཁུངས་ཀྱིས་ཆོད་དོན་བཞག་པའི་གྲོས་ཚོགས་ཀྱིས་གྲོས་ཆོད་གོ་རིམ་དང་བརྡས་ཐག་གཅོད་སྟངས་བཅས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཁྲིམས་མིའི་སྒྲིག་ཡིག་དང་འགལ་བའམ་ཡང་ན་གྲོས་ཆོད་ཀྱི་ནང་དོན་དེ་ཁྲིམས་མིའི་སྒྲིག་ཡིག་དང་འགལ་ཚེ། ཁེ་གཉེར་ཁྲིམས་མིའི་མ་རྩ་འདོན་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་གྲོས་ཆོད་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག འོན་ཀྱང་ཁེ་གཉེར་ཁྲིམས་མིའི་གྲོས་ཆོད་དེས་ལྟོས་བཅས་མིའི་བར་གྲུབ་པའི་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་ལ་ཤུགས་རྐྱེན་མི་ཐེབས།

    དོན་ཚན་གྱ་དྲུག་པ།【ཁེ་གཉེར་ཁྲིམས་མིས་ངེས་པར་ལག་བསྟར་བྱ་དགོས་པའི་འོས་འགན】ཁེ་གཉེར་ཁྲིམས་མིས་ལས་གཉེར་གྱི་བྱེད་སྒོ་སྤེལ་དུས་ཚོང་ལས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་ཉོ་ཚོང་གི་བདེ་འཇགས་ལ་སྲུང་སྐྱོང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-6-25 02:41 , Processed in 0.036779 second(s), 16 queries .

返回顶部