博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་འབབ་རྒྱུད ...

已有 36 次阅读2021-4-5 17:52 |系统分类:见闻


               ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་
                              གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
                   ཀྲུང་གོ་བོད་ཀྱི་དྲ་བ། ཀླུ་འབུམ་ཚེ་རིང་དང་གསང་བདག་རྒྱལ་གཉིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོངས་བྱས་ནས། ལག་བསྟར་དངོས་འབེབས་ཀྱི་གནས་ཚུལ་སྙན་ཞུར་མཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཏེ། ད་ལོའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུ་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཧྲིན་ཀྲང་ངམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གི་གྲོས་ཚོགས་ལ་མགོ་འཛིན་མཛད། 

    མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཅེ་ཞང་དང་། ཡུས་ཚུང་ལེ། དབྱང་ཧྥིན་ཁྲུན། ལིའུ་ཐའོ། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས། 

    ཝང་ཅན་ཅུན་གྱིས་བསྟན་དོན། དུས་རབས་གསར་པའི་རྨ་ཆུ་བཅོས་སྐྱོང་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཐུགས་བཀོད་གནང་བའི་ལོ་བརྒྱའི་ཇུས་ཆེན་ཡིན་ལ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་པ་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་འགན་ཁུར་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་འདོད་སྤྲོད་གནང་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་བརྟན་པོར་འཛུགས་པ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ནས། བློ་ཐག་རྦད་ཆོད་ཀྱིས་འབྱུང་ཁུངས་ཀྱི་འགན་འཁྲི་དང་ཆུ་ལག་གི་འགན་ཁུར་ཕྲག་ཏུ་བླངས་ཏེ། རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་དུ་འཇུག་དགོས་ཞེས་བསྟན། 

    ཝང་ཅན་ཅུན་གྱིས་རྨ་ཆུ་བཅོས་སྐྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་ཇུས་གཞི་ཆེན་པོ་ཡིན་པས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་ལོ་བརྒྱའི་ཇུས་ཆེན་ཡིད་ལ་འཛིན་པ་དང་། བློ་སྤོབས་ཆེན་པོས་ཆབ་སྲིད་ཀྱི་འགན་ཁུར་ཆེན་མོ་ཐེག་ཐུབ་དགོས་ལ། འབད་པ་ཆེན་པོས་མི་ཐམས་ཅད་ཀྱིས་དོ་སྣང་བྱེད་པ་དང་མི་ཐམས་ཅད་ཟབ་ཞུགས་བྱེད་པའི་དུས་རབས་གསར་པའི་རྨ་ཆུ་བཅོས་སྐྱོང་གི་རྣམ་པ་ལེགས་པོར་བསྐྲུན་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་མཁན་བཟང་པོ་བྱེད་དགོས། རྨ་ཆུ་བཅོས་སྐྱོང་ནི་སྐྱེ་ཁམས་སྲུང་སྐྱོང་ཡིན་པས། མ་ལག་བསམ་གཞིགས་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ།  སྲུང་སྐྱོང་གཙོ་བོར་འཛིན་པ། ཆུ་བེད་གྲོན་ཆུང་བྱེད་པ། བདེ་འཇགས་རྨང་གཞི་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཆུ་སྨད་ཀྱི་གནད་དོན་ཆུ་སྟོད་དུ་ཐག་གཅོད་པ། རྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་སྟངས་སྤྱད་དེ་ཆུ་སྐྱོན་གྱི་སེམས་ཁྲལ་དང་། ཆུ་བཅོས་དཀའ་བ། ཆུ་སྲུང་དཀའ་བ་བཅས་ཀྱི་དཀའ་ངལ་སེལ་གང་ཐུབ་བྱས་ནས་རྨ་ཆུའི་སྐྱེ་ཁམས་དོ་མཉམ་ཡོང་ཅི་ཐུབ་བྱེད་དགོས། རྨ་ཆུ་བཅོས་སྐྱོང་བྱེད་པར་ཆུ་དང་བྱེ་མ་གལ་ཆེན་དུ་འཛིན་དགོས་ཤིང་། གནད་དོན་གཙོ་བོར་དམིགས་དགོས་པ་དང་། རྨ་ཆུ་ལ་ཐོན་ཁུངས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཡོད་ལ། བྱེ་མ་མང་བའི་གནད་དོན་ཡང་གནས་ཡོད་པས། ཆུ་ནང་ཆུ་འགྲམ་དང་། ཆུ་སྟོད་ཆུ་སྨད་གཅིག་གྱུར་འཆར་འགོད་ཀྱིས་ཆུ་དང་བྱེ་མའི་བར་གྱི་འབྲེལ་བ་སྙོམས་སྒྲིག་བཟང་པོ་བྱས་ནས་རྨ་ཆུའི་ཆུ་རྒྱུན་ལོ་ལྟར་ཞི་འཇགས་དང་དྭངས་གཙང་གིས་ཆུ་བོ་ཤར་ཏུ་བཞུར་བར་འགན་ལེན་བྱེད་དགོས། རྨ་ཆུ་བཅོས་སྐྱོང་ལ་རིག་གནས་ཀྱི་གནས་ལུགས་དང་བསྟུན་ཏེ། ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པ་དང་། རྨ་ཆུའི་རིག་གནས་ལ་དུས་རབས་གསར་པའི་ནང་དོན་ཇེ་ཟབ་ཏུ་བཏང་ནས་བདེན་སྲུང་གསར་སྐྲུན་ཁྲོད་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་། དམངས་ཀྱི་ཐོག་མའི་བསམ་འདུན། འཐབ་རྩོད་ཀྱི་སྙིང་སྟོབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། རྨ་ཆུའི་རིག་གནས་ཀྱི“མཚོ་སྔོན”ཞེས་པའི་མིང་བྱང་བཏོད་དེ་དུས་རབས་གསར་པའི“རྨ་ཆུའི་མཉམ་གཞས་ཆེན་མོ”ལེགས་པོར་གྱེར་དགོས། རྨ་ཆུ་བཅོས་སྐྱོང་བྱེད་པར་ཁེ་ཕན་གྱི་ཡུན་རིང་བས་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་དགོས་ལ། འཆར་གཞི་རིང་པོ་དང་དུས་ཐུང་བཀོད་སྒྲིག་ཟུང་འབྲེལ་བྱས་ཏེ། དུས་མཚམས་གཞིར་བཟུང་ནས་ལས་དོན་སྒྲུབ་པ་དང་མཚམས་ཚིགས་གཞིར་བཟུང་གིས་མདུན་དུ་བསྐྱོད་པ། མིག་སྔའི་བྱ་བ་རེ་རེར་དམ་འཛིན་གྱིས་ལས་དོན་རེ་རེ་བཞིན་སྒྲུབ་པ་དང་། ནུས་པ་ཆུང་བས་ཕན་འབྲས་ཆེན་པོ་ལོན་པར་བྱས་ཏེ། རྨ་ཆུས་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མཚོ་སྔོན་གྱིས་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས་ཞེས་ནན་གྱིས་བསྟན་པ་རེད། 

    ཞིན་ཁྲང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འཐབ་ཇུས་ཀྱི་དམིགས་ཚད་དང་བླང་བྱ་གལ་ཆེན། གཞི་རྩའི་རྩ་དོན་བཅས་ཁོང་དུ་བརྟན་པོར་ཆུད་པ་དང་གོ་བ་གཏིང་ཟབ་བླངས་ནས“ཡོལ་གཉིས་ཆུ་སྲུང་དང་། ཁུལ་གསུམ་མཉམ་བཅོས། ཁྱུ་ཚོགས་སྐུལ་གནས། ཁྱམས་གཅིག་བདེ་བགྲོད”བཅས་ཀྱི་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་ལ་མཐོང་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དཔེ་བསྡུར་ཚད་བསྡུར་བྱེད་པ། འགག་རྩ་དམ་འཛིན་དང་གཙོ་གནད་མངོན་གསལ་དོད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། ཆུའི་ཐོན་ཁུངས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། རྨ་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྤྱི་འདོམས་ངང་སྐུལ་འདེད་གཏོང་དགོས། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་དང་། བྱ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ཕུགས་ཀྱི་ཇུས་འགོད་བྱེད་དགོས་ལ་དེང་གི་ཆར་ལས་དོན་སྒྲུབ་པ་དང་། འཆར་གཞི་རེ་རེ་བཞིན་བསྒྲུབས་ནས། འཆར་འགོད་ལག་བསྟར་དང་རྣམ་གྲངས་གལ་ཆེན་གྱིས་སྐུལ་ཁྲིད་འབུར་ཏུ་བཏོད་པ། བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན།

     གྲོས་ཚོགས་སྟེང《མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་ལས་འགན་ཁག་བགོས་ཀྱི་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི2021ལོའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་གནང་བ་རེད། ། 

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-21 09:46 , Processed in 0.033180 second(s), 16 queries .

返回顶部