博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དབུལ་ ...

已有 99 次阅读2021-2-27 15:48 |系统分类:见闻


                  ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ལ་
                       ཞུགས་པའི་གཟེངས་བསྟོད་ཐོབ་པའི་མི་སྣས་གཟི་བརྗིད་མཚན་སྙན་འཁྱེར་ནས་ཕྱིར་ཟི་ལིང་དུ་ལོག
                          ཀྲུང་གོ་བོད་ཀྱི་དྲ་བ། ཀླུ་འབུམ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

                    
                                    དབུལ་ཐར་འགག་སྒྲོལ་གྱི་འཐབ་མོ་བས་གཟི་བརྗིད་མཚན་སྙན་འཁྱེར་ནས་ཕྱིར་ལོག་པ།


     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་གྱི་དགོང་མོར། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་མཁན་མི་སྣས་པེ་ཅིང་ནས་གཟི་བརྗིད་མཚན་སྙན་འཁྱེར་ནས་ཕྱིར་ཟི་ལིང་དུ་ཕྱིར་ལོག

     རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱིས་བཤད་རྒྱུར། “ད་ཐེངས་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་སྐལ་བ་ལྡན་པ་མ་ཟད། སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་པས། འདི་ནི་རང་ཉིད་ཀྱི་གཟི་བརྗིད་ཅིག་རེད་ལ་གནོན་ཤུགས་ཤིག་ཀྱང་རེད། ཕྱིར་ལོག་རྗེས་རང་ཉིད་གྲོང་གསེབ་དར་སྤེལ་འཐབ་ཇུས་སྐུལ་འདེད་གཏོང་བའི་ལས་དོན་ནང་མུ་མཐུད་དུ་ཞུགས་ཏེ་ཚང་མས་བདེ་སྐྱིད་ལྡན་པའི་འཚོ་བ་བཟང་པོ་རོལ་བར་སྣེ་ཁྲིད་རྒྱུ་ཡིན་ཟེར།“

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་རྟགས་གནང་བའི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝོའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཆུས་ཧྲི་སན་གྱིས་བཤད་རྒྱུར། ད་ཐེངས་ཀྱི་ཚོགས་ཞུགས་ཉམས་མྱོང་ཁོང་གིས་ཚེ་གང་ལ་བརྗེད་ཐབས་བྲལ་བའི་དྲན་ཤེས་རྩ་ཆེན་ཡིན། “པན་ཡན་སྡེ་བའི་འཐུས་མི་ཞིག་ཡིན་པའི་ཆ་ནས་པེ་ཅིང་དུ་གཟེངས་བསྟོད་དཔང་ཡིག་ལེན་དུ་བྱིན་པར། ང་རང་སེམས་འགུལ་ཆེན་པོ་ཐེབས་ཡོད། སྡེ་བར་ཕྱིར་ལོག་རྗེས་ངས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཐོན་ལས་སྟོབས་ཆེར་འགྲོ་བར་མུ་མཐུད་སྣེ་ཁྲིད་དེ་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ཡིནཟེར།

     རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ལས་བསམ་པའི་སྟོབས་ཤུགས་ཟབ་མོ་འཕེལ། སྔོན་ཐོན་ཐུན་མོང་གི་འཐུས་མི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཁུན་མིང་གིས་བཤད་རྒྱུར། “དེ་རིང་ནང་ཆེན་རྫོང་ལ་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་ཐོབ་པ་དང་། ད་དུང་ང་ཚོའི་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་དང་ཧྲུའུ་ཅི་དང་པོ་ལའང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ། འདི་ནི་ང་ཚོ་ནང་ཆེན་རྫོང་གི་གཟི་བརྗིད་ཅིག་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ལོ་ངོ་མང་པོར་དབུལ་ཐར་ལས་དོན་བསྒྲུབས་པར་ཁས་ལེན་གང་ལེགས་བྱས་པ་ཞིག་ཀྱང་རེད། མ་འོངས་པར་ང་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ཁྲོད་ཞུགས་པ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་མུ་མཐུད་འབད་འཐབ་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་བཟང་པོ་བྱ་རྒྱུ་ཡིནཟེར།  །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-16 06:24 , Processed in 0.037395 second(s), 16 queries .

返回顶部