博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར ...

已有 82 次阅读2021-2-27 15:34 |系统分类:见闻


                                ༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཆེན་པོ་ཐོབ་ཞེས་ཁྱབ་བསྒྲགས་བྱས།
                                    ཀྲུང་གོ་བོད་ཀྱི་དྲ་བ། བདེ་ལེགས་མཚོ་ཡིས་བསྒྱུར། རྩོམ་སྒྲིག་པ། བདེ་ལེགས་མཚོ།

                         1.jpg

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་དེ། ཟླ2པའི་ཚེས25ཉིན། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་མིག་དཔེ་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

                        

                        

          ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་ཆེན་པོར་བརྒྱུད་དེ།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་སྐབས་གལ་ཆེན་གྱི་སྐབས་དང་བསྟུན་ནས། རང་རྒྱལ་གྱིས་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས།  ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་ལྟར། ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི9899ཡོངས་སུ་དབུལ་ཕོངས་ལས་ཐར་ཞིང་། དབུལ་ཕོངས་རྫོང832ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མ་ཟད།  དབུལ་ཕོངས་སྡེ་བ་ཁྲི12.8ཚང་མ་དབུལ་ཕོངས་ལས་ཐར།  ས་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཤིང་གཞི་རྩའི་དབུལ་ཕོངས་མེད་པར་གཏོང་བའི་ལས་འགན་ལེགས་འགྲུབ་བྱུང་བ་དང་།  མིའི་རིགས་ཀྱི་ལོ་རྒྱུས་སུ་འགོད་ཆོག་པའི་མཛད་རྗེས་ཆེན་པོའང་བཞག  འདི་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད་ཡིན་ལ།  ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་ཡིན་ཞིང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་ཀྱང་ཡིན།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-13 18:40 , Processed in 0.033264 second(s), 16 queries .

返回顶部