博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའ ...

已有 69 次阅读2021-1-22 13:42 |系统分类:见闻


                 ༄༅།།ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་
                           སློབ་སྦྱོང་ལག་བསྟར་བྱེད་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།
                           ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་སྒྲིག་པ། སངས་སྐྱབས།
 
                

     ཟླ་1ཚེས་11ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།
     ■ འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ནི། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། དོན་དངོས་ཀྱི་གཏན་ཚིགས་བཅས་ཀྱིས་གཏན་འཁེལ་བྱས་པ་ཞིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ཁ་གསལ་བྱུང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་མཛུབ་ཁྲིད་ཀྱི་རྩ་དོན་ཁ་གསལ་བྱུང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོད་པས་རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་གྱི་འགྲོ་ལམ་འདེམས་རྒྱུ་ཁ་གསལ་བྱུང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ།“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས།
     ■ ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་འགན་ནུས་བཀོད་སྒྲིག་ཐད་དེ་བས་ཚན་རིག་ལུགས་མཐུན་དང་། སྒྲིག་སྲོལ་ལམ་སྲོལ་ཐད་དེ་བས་ཆ་ཚང་བ་དང་འཐུས་སྒོ་ཚང་བ། འཁོར་སྐྱོད་དོ་དམ་ཐད་དེ་བས་ཕན་འབྲས་ཆེ་བ་བཅས་ཡོང་རྒྱུར་སྐུལ་མ་གཏོང་དགོས།
     ཚེས་11ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ནི། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། དོན་དངོས་ཀྱི་གཏན་ཚིགས་བཅས་ཀྱིས་གཏན་འཁེལ་བྱས་པ་ཞིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ཁ་གསལ་བྱུང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་མཛུབ་ཁྲིད་ཀྱི་རྩ་དོན་ཁ་གསལ་བྱུང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོད་པས་རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་གྱི་འགྲོ་ལམ་འདེམས་རྒྱུ་ཁ་གསལ་བྱུང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་མི་དམངས་ཀྱི་བྱ་གཞག་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་ངོས་འཛིན་ཡང་དག་བྱེད་པ་ནི། རང་རེའི་ཏང་གིས་དུས་མཚམས་རང་བཞིན་གྱི་ལྟེ་བའི་ལས་འགན་ཁ་གསལ་བཟོ་བ་དང་། ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བཟོ་བའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་ལ། རང་རེའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་འགོ་ཁྲིད་བྱས་ནས་རྒྱལ་ཁ་རྒྱུན་ཆད་མེད་པར་བླངས་པའི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་རྗེས། ང་ཚོས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་བཏོན་ཡོད། དེ་ཐོག་ནས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། འཐབ་ཇུས་ཀྱི་བརྡར་ཤ་འདི་ལྟར་བཅད་པར་གཞི་འཛིན་ས་གཏིང་ཟབ་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་དུས་མཚམས་ཤིག་ཡིན་པ་དང་དུས་མཚུངས། ལོ་བཅུ་ཕྲག་ནང་གསོག་འཇོག་བྱས་པ་དང་འགོ་འཛུགས་ས་གསར་པའི་ཐོག་གནས་པའི་དུས་མཚམས་ཤིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བའི་དུས་མཚམས་གསར་པ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་དང་དམིགས་ཚད་གསར་པ་དེ་བས་ཆེ་བ་མངོན་འགྱུར་ཡོང་བར་བྱེད་པའི་དངོས་པོའི་རྨང་གཞི་ཧ་ཅང་བརྟན་པོ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་སོང་བར། རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་བཏོན་ཡོད། འབྱུང་འགྱུར་གྱི་ལོ་30ནི་ང་ཚོས་ལོ་རྒྱུས་ཀྱི་འདུན་པ་ཆེན་པོ་འདི་ལེགས་པར་འགྲུབ་པའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་རིང་གི་དུས་མཚམས་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ནི་འགུལ་མེད་ཀྱི་རྣམ་པ་དང་། ནམ་ཡང་མི་འགྱུར་བ། འཕེལ་མེད་རང་སོར་གནས་པ་བཅས་ཀྱི་དུས་མཚམས་ཤིག་མིན་ལ། རང་འཕེལ་དང་། གཞན་སྐུལ། སྟོབས་ཤུགས་ཆེན་པོ་འདོན་མི་དགོས་པར་རང་བཞིན་ངང་སྒྲོལ་ཐུབ་པ་བཅས་ཀྱི་དུས་མཚམས་ཤིག་ཀྱང་མ་རེད། འདི་ནི་འགུལ་རྣམ་དང་། ཧུར་བརྩོན་ཡར་སྐྱེད། ནམ་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པ་བཅས་ཀྱི་བརྒྱུད་རིམ་ཞིག་དང་། སྐས་རིམ་རྣམ་པའི་རིམ་འཕར་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་ཡར་ཐོན། ཉིན་རེ་བཞིན་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་དང་ཚད་གཞིའི་གསོག་འཇོག་དང་འཕེལ་རྒྱས་འགྱུར་ལྡོག་གི་བརྒྱུད་རིམ་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིར་ན་མངོན་འགྱུར་ཐུབ་པ་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་བླང་བྱ་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ནས་དེ་བས་མཐོ་བའི་དུས་མཚམས་ཕྱོགས་སུ་སླེབས་པའི་བླང་བྱ་ཞིག་ཀྱང་ཡིན།
     ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་མོད། འོན་ཀྱང་དུས་ཚོད་དང་དུས་བབ་ཀྱི་ལེགས་ཆ་རང་ཕྱོགས་སུ་ཡོད། འདི་ནི་ང་ཚོའི་ངེས་ཤུགས་དང་གཏིང་ཤུགས་ཡིན་ལ། ང་ཚོའི་ཆོད་སེམས་དང་གདེང་ཚོད་གནས་ས་ཡང་ཡིན། དེ་དང་དུས་མཚུངས། རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ལ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། མ་གཞི་རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་སྐབས་སུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་གཉིས་ཀར་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པ་དང་། གོ་སྐབས་དང་འགྲན་སློང་ཆེན་པོ་སྔར་ན་མེད་པ་ཞིག་ཡོད་པས། སྤྱིའི་ཆ་ནས་འགྲན་སློང་གོ་སྐབས་ལས་ཆེ་བ་ཡོད། དེར་བརྟེན། ཏང་ཡོངས་ཀྱིས་ངེས་པར་དུ་མུ་མཐུད་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། སྐོང་འཐེན་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན་བྱེད་པ་དང་། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ། རང་ཉིད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། སྙིང་རུས་ལྷོད་མེད་ཀྱིས་གཏན་ལ་ཕབ་པའི་ང་ཚོའི་དམིགས་ཚད་མངོན་འགྱུར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་བའི་ཕྱོགས་གལ་ཆེན་ཞིག་ནི་འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་ཡོང་བ་དང་། ཇི་ལྟར་བྱས་ཏེ་འཕེལ་རྒྱས་མངོན་དུ་འགྱུར་བའི་གནད་དོན་གལ་ཆེན་འདིར་ལན་ཡག་པོ་འདེབས་རྒྱུ་དེ་ཡིན། འདུ་ཤེས་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་པས། འཕེལ་རྒྱས་ཀྱི་ལག་ལེན་ངེས་ཅན་ཚང་མ་འཕེལ་རྒྱས་ཀྱི་འདུ་ཤེས་ངེས་ཅན་གྱིས་སྣེ་ཁྲིད་བྱས་པ་ཞིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་འགྲིག་མིན་དེས་རྩ་བའི་ཆ་ནས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་མིན་གཏན་འཁེལ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་དཔལ་འབྱོར་གྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིགས་པའི་གཞུང་ལུགས་དང་འདུ་ཤེས་གལ་ཆེན་བཏོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་དང་བསམ་ཕྱོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཡོད། དེའི་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་གལ་ཆེ་ཤོས་དང་གཙོ་ཆེ་ཤོས་དེ་རེད། དེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྣེ་ཁྲིད་བྱས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་རེད། དེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་དམིགས་ཡུལ་དང་། སྒུལ་ཤུགས། བྱ་ཐབས། འགྲོ་ལམ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་སྦྲགས། འཕེལ་རྒྱས་གཏོང་བའི་སྐོར་གྱི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་གི་སྟོན་ཕྱོགས། འཕེལ་རྒྱས་གཏོང་སྟངས། འཕེལ་རྒྱས་འགྲོ་ལམ་སོགས་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་ཀྱང་བྱས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་དགོས། གཅིག་ནས་རྩ་བའི་དམིགས་ཡུལ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁོང་དུ་ཆུད་པར་བྱེད་དགོས། མི་དམངས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་བརྟན་ཤོས་དང་གཏིང་ཤུགས་ཆེ་ཤོས་ཡིན། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པ་ནི། རང་རེའི་ཏང་གིས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི“རྩ་བ”དང“བླ་སྲོག”ཀྱང་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་གཏོང་རྒྱུ་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་སྤྱོད་པ་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་དེང་རབས་ཅན་གྱི་ལྟ་བ་ཡོང་ཐུབ། ཐུན་མོང་ཕྱུག་པོ་ཆགས་པ་བྱེད་པ་ནི་དཔལ་འབྱོར་གྱི་གནད་དོན་ཞིག་ཡིན་པ་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། དགོས་མཁོ་དང་འགྲུབ་ཐུབ་པར་སྤྱི་འདོམས་བསམ་གཞིག་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་གོམ་པ་རིམ་སྤོས་ཀྱིས་ས་ཁུལ་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་སོགས་ཀྱི་གནད་དོན་རང་རྟོགས་རང་འགུལ་ངང་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཉིས་ནས་གནད་དོན་སྟོན་ཕྱོགས་སུ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁོང་དུ་ཆུད་པར་བྱེད་དགོས། རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་པས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་བླང་བྱ་གསར་པ་གཞིར་བཟུང་།  གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་བས་གནད་འཁེལ་ངང་ལག་ལེན་བསྟར་བ་དང་། བྱ་ཐབས་དེ་བས་གནད་སྨིན་དོན་གཉེར་ཐུབ་པ། འཕེལ་རྒྱས་དོ་སྙོམས་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དངོས་འབྲེལ་ཡོང་བར་བྱེད་དགོས། གསུམ་ནས་སེམས་ཁྲལ་གྱི་འདུ་ཤེས་ཐོག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁོང་དུ་ཆུད་པར་བྱེད་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་རྒྱལ་སྤྱིའི་སྟོབས་ཤུགས་ཚད་བསྡུར་ལ་ལེགས་སྒྲིག་གཏིང་ཟབ་བྱུང་བ་དང་བསྟུན་ནས། ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ། རྙོག་འཛིང་དང་དཀའ་ངལ་དེ་བས་ཆེ་བའི་རྣམ་པར་ཁ་གཏད་གཅོག་པར་ག་དུས་ཡིན་ནའང་གྲ་སྒྲིག་བྱེད་དགོས། ཆབ་སྲིད་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་གོང་དུ་བཀུར་བ་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་ནས། འཐབ་རྩོད་བྱེད་ཕོད་པ་དང་འབྲེལ་འཐབ་རྩོད་མཁས་པོ་བྱས་ཏེ་རང་ཉིད་ཕྱོགས་ཡོངས་ནས་སྟོབས་ཆེར་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཏོན་པའི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྟངས་འཛིན་ཡང་དག་དང་སྐུལ་མ་ཧུར་ཐག་གཏོང་དགོས། རང་ངོས་ལ་གཞི་ཚུགས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཐོགས་མེད་ཡོང་བ་བྱས་ཚེ། གཞི་ནས་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཀྱིས་ཁེངས་བཞིན་འཚོ་གནས་ཐུབ་པ་དང་འཕེལ་རྒྱས་གཏོང་ཐུབ། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་དྲག་ཆར་རླུང་འཚུབ་དང་རྦ་རླབས་འཇིགས་སུ་རུང་བའི་ཁྲོད་ང་ཚོའི་འཚོ་ནུས་དང་། འགྲན་ནུས། འཕེལ་ནུས། རྒྱུན་མཐུད་ནུས་པ་བཅས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འགག་རྩ་ནི་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཤར་བགྲོད་ལ་ཐུག་ཡོད། ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གཙོ་རྐང་མཐའ་འཁྱོངས་དང་། “གསུམ་འདོར་གཅིག་གཅོག་གཅིག་གསབ”ཀྱི་ལས་འགན་གཙོ་བོ་མུ་མཐུད་ལེགས་སྒྲུབ། ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་ཡོངས་ནས་ལེགས་སྒྱུར་རིམ་སྤོར། གསར་གཏོད་བྱེད་ནུས་དང་། འགྲན་རྩོད་བྱེད་ནུས། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ། མཁོ་སྤྲོད་མ་ལག་གི་ལྡེམ་ཆ་ཆེ་རུ་གཏོང་བ། ལས་ཕྱོད་དེ་བས་ཆེ་བ་དང་སྤུས་ཚད་དེ་བས་མཐོ་བའི་མ་འཇོག་དང་ཐོན་སྐྱེད་ཀྱི་འབྲེལ་བ་ཆགས་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དཔལ་འབྱོར་གྱི་འགུལ་རྣམ་དོ་སྙོམས་ཡོང་བར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ངོ་བོའི་ཁྱད་ཆོས་ནི་ཆུ་ཚད་མཐོ་བའི་རང་ཚུགས་རང་འབད་ཡིན་པས། ངེས་པར་དུ་རང་བརྟེན་གསར་གཏོད་ལ་དེ་བས་ནན་བཤད་བྱས་ཏེ། ཚན་རྩལ་གསར་གཏོད་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ལེགས་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། གསར་གཏོད་འགག་སྒྲོལ་གྱི“ཚན་ཞིབ་གྲུབ་འབྲས་ལ་བརྟེན་ནས་ཚན་ཞིབ་གྲོན་དངུལ་གཏོང་བའི”སྒྲིག་སྲོལ་ལམ་སྲོལ་ལ་ནུས་ཤུགས་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསར་གཏོད་ཀྱི་འཁོར་འབྲེལ་དང་ཐོན་ལས་ཀྱི་འཁོར་འབྲེལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟུང་འབྲེལ་དམ་ཟབ་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་འགན་ནུས་བཀོད་སྒྲིག་ཐད་དེ་བས་ཚན་རིག་ལུགས་མཐུན་དང་། སྒྲིག་སྲོལ་ལམ་སྲོལ་ཐད་དེ་བས་ཆ་ཚང་བ་དང་འཐུས་སྒོ་ཚང་བ། འཁོར་སྐྱོད་དོ་དམ་ཐད་དེ་བས་ཕན་འབྲས་ཆེ་བ་བཅས་ཡོང་བར་སྐུལ་མ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད《གྲོས་འགོ》ལ་གྲོས་འཆམ་བྱུང་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ནང་དོན་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་ཚན་རེ་རེ་དང་དུམ་མཚམས་རེ་རེ་བཞིན་ལ་གོ་བ་བླངས་ནས། སྤྱི་ཡོངས་ཁོང་དུ་ཆུད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཙོ་གནད་དང་གསར་གཏོད་ཀྱི་སར་གོ་བ་གཏིང་ཟབ་ལེན་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་ཡག་པོ་དར་སྤེལ་གཏོང་བ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་བཅས་བྱས་ནས། ལས་ཀའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ཆེ་རུ་གཏོང་དགོས།
    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-2-26 21:16 , Processed in 0.033961 second(s), 16 queries .

返回顶部