博客西藏在最高处过一种生活

日志

༄༅།།《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅི ...

热度 1已有 46 次阅读2021-1-7 17:31 |系统分类:见闻


                              ༄༅།།ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིགབཀྲམ་པ།
                                    ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་སྒྲིག་པ། སངས་སྐྱབས།

                 

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱིཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག》(གཤམ་དུསྲོལ་ཡིགཅེས་བསྡུ་རྒྱུབཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་ནན་ཏན་ཞུས་ཏེ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    བརྡ་ཐོའི་ནང་བསྟན་དོན། 2015ལོའི་ཟླ་ལྔ་པར་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའིཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིགཚོད་ལྟའི་ལག་བསྟར)》གིས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་ནས་ཏང་ཀྲུང་དབྱང་གིས་དེར་བཟོ་བཅོས་བརྒྱབ་ཡོད། ད་ཐེངས་བཟོ་བཅོས་བརྒྱབ་པའིསྲོལ་ཡིགནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ཐོག་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྙིང་སྟོབས་བརྟན་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། འདི་ནི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན། སྲོལ་ཡིགབཟོ་བཅོས་བརྒྱབ་པ་དང་ལག་བསྟར་བྱས་པ་དེས། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་དང་རྒྱབ་སྐྱོར་ཆེན་པོ་མཁོ་འདོན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
     བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུདཏང་ཙུའུཀྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་གོ་བ་ལེན་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ། འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཕན་ཡོད་ཀྱི་མཐུན་རྐྱེན་བསྐྲུན་དགོས། སྲོལ་ཡིགསློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནསསྲོལ་ཡིགགི་གཏན་འབེབས་ཁག་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱ་རྒྱུ་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིསསྲོལ་ཡིགནང་གི་གནས་ཚུལ་གལ་ཆེན་དང་གྲོས་འགོ་ལག་བསྟར་བྱས་ཏེ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས།།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱ་དྲ་བ་ལས་བཏུས་སོ།



发表评论 评论 (1 个评论)

回复 华锐哇嘉木措 2021-1-15 16:47
  

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-1-24 04:17 , Processed in 0.036719 second(s), 17 queries .

返回顶部