博客西藏在最高处过一种生活

日志

༄༅།།ལྷ་སར་དྲ་ཐོག་ཏུ་སྐད་གྲགས་ཆེ་བའི་ཟམ་པ ...

已有 100 次阅读2020-12-13 10:54 |系统分类:见闻


                                      ༄༅།།ལྷ་སར་དྲ་ཐོག་ཏུ་སྐད་གྲགས་ཆེ་བའི་ཟམ་པ་ཞིག་བསྐྲུན་ཚར་འདུག
                                   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

                   
     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པ་ཡས་མས་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་སློབ་གྲྭ་གྲོལ་བའི་དུས་ཡིན་ཞིང་། ཁྱིམ་བདག་དང་བྱིས་པ་མི་ཉུང་བ་ཞིག་ཧྲེན་ལིས་དུས་རབས་ཐང་ཆེན་གྱི་ལམ་ཐོག་ཟམ་པ་བརྒྱུད་ནས་གཞུང་ལམ་བརྒལ་གྱིན་ཡོད། ལམ་ཐོག་ཟམ་པ་དེ་སློབ་གྲྭའི་ཉེ་འགྲམ་དུ་ཡོད་པ་དང་། ད་ལྟ་བྱིས་པ་གཞུང་ལམ་བརྒལ་སྐབས་བློ་བདེ་པོ་བྱས་ཆོག ད་ནས་བཟུང་གློག་སྒུལ་འཁོར་རིགས་དང་མི་ཤུགས་འདྲུད་འཁོར་སོགས་ལ་འཚང་ཁ་རྒྱག་མི་དགོས་ལ་རླངས་འཁོར་དང་རྐང་ཐང་བ་གཉིས་ཕན་ཚུན་སོ་སོ་ཕྱེ་ཡོད། ལམ་ཐོག་ཟམ་པ་ཡོད་པས་སྟབས་བདེ་ཞིང་མྱུར་ལ་བློ་ཡང་བདེཞེས་བྱིས་པ་སློབ་གྲྭ་གྲོལ་བར་སྒུག་པའི་སྐབས་སུ་ཁྱིམ་བདག་ཚོས་ཉེ་ཆར་ལྷ་སའི་འགྲིམ་འགྲུལ་གྱི་འགྱུར་ལྡོག་གསར་པ་གླེང་འགོ་ཚུགས།

                   
    དེ་དང་ཆབས་ཅིག་ཧྲིན་ལིས་དུས་རབས་ཐང་ཆེན་གྱི་ལམ་ཐོག་ཟམ་པ་ཤར་གཏོང་བྱས་པའི་གཏམ་བཟང་དེས་གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་དེ་གར་འདྲ་པར་སྐྱོན་གྱིན་ཡོད། ལམ་ཐོག་ཟམ་པར་འགྲོ་སྐབས་མཐོང་ཡངས་པས་ལྷ་སའི་བར་སྐོར་ནི་ཞོགས་པའི་ཉི་ཟེར་དང་ནུབ་ཁའི་ཉི་འོད། ཡང་ན་དགུང་སྔོན་སྤྲིན་དཀར་གྱི་འོག་ན་ལྷག་ཏུ་མཛེས་པས། མི་ཚང་མས་ཁྱད་ཆོས་དོད་པའི་བརྙན་པར་སྣ་ཚོགས་ལེན་ཐུབ། གྲོང་མི་སྐུ་ཞབས་ཀྲོའུ་ལགས་ཀྱིས་ས་སྲོད་ཀྱི་འོད་ཟེར་ལ་བརྟེན་ནས་ལམ་ཐོག་ཟམ་པའི་མཛེས་ལྗོངས་པར་མི་ཉུང་བ་ཞིག་བླངས་ཏེ་རང་ཉིད་ཀྱི་གྲོགས་ཚོམས་ནང་བསྐུར་བ་རེད།

                   
    ལམ་ཐོག་ཟམ་པར་བསྐྱོད་པའི་མྱོང་ཚོར་ཚང་མར་བཤད་པའི་ཆེད་དུ་གསར་འགོད་པ་ཧྲེན་ལིས་དུས་རབས་ཐང་ཆེན་གྱི་ནུབ་སྒོའི་གཞོགས་ནས་ལམ་ཐོག་ཟམ་པའི་འཛུལ་སྒོའི་རྡོ་སྐས་བརྒྱུད་དེ་ཕྱིན། དེ་དུས་རྡོ་སྐས་ཀྱི་བང་རིམ་ཧྲིལ་བོའི་ཕྱི་ངོས་ནི་འཇམ་པོ་མིན་པར་ཤུད་འགོག་གི་ནུས་པ་ལྡན་པའི་ཇུས་འགོད་བྱས་པ་དེས་གྲོང་མི་རྣམས་གངས་ཆར་འབབ་པའི་གནམ་གཤིས་སུ་ལམ་ཐོག་ཟམ་པ་དེ་བས་ཀྱང་བདེ་འཇགས་ཡིན་པར་བྱས་ཡོད།

                   
     དེས་མ་ཚད་གསར་འགོད་པས་དོ་སྣང་བྱུང་བར། ལམ་ཐོག་ཟམ་པའི་ཤུད་འགོག་དང་གཟར་ཚད་དལ་བའི་རྡོ་སྐས་ཀྱི་དཀྱིལ་དུ་ད་དུང་ལྕགས་རྟའི་བགྲོད་ལམ་ཞིག་བཞག་པ་དང་། ཀུན་ལ་བདེ་བའི་ཇུས་འགོད་འདིས་གྲོང་མི་རྣམས་ཀྱིས་གནམ་གཤིས་ལ་མ་བལྟོས་པར་ཁྲོམ་གཞུང་ལ་བདེ་འཇགས་ངང་སྐྱོད་ཐུབ་རྒྱུའི་ཁག་ཐེག་བྱས་ཡོད།

                   
    རྒྱུས་ལོན་བྱུང་བ་ལྟར་ན། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1743.4བཏང་བའི་ཧྲེན་ལིས་དུས་རབས་ཐང་ཆེན་གྱི་ལམ་ཐོག་ཟམ་པ་ནི་ལྷ་སའི་ཐད་དཔྱང་གློག་སྐས་ཡོད་པའི་ལམ་ཐོག་ཟམ་པ་ཐོག་མ་དེ་རེད། དེསབོད་ལྗོངས་ཁྱད་ཆོས་ཅན་གྱིས་ལམ་གྱི་གཞོགས་གཉིས་སྦྲེལ། པེ་ཅིང་བོད་ལྗོངས་སེམས་པ་ཕྱོགས་བཞི་ཀུན་ནས་འབྲེལཞེས་པ་ལམ་ཐོག་ཟམ་པ་འདི་ཉིད་ཇུས་འགོད་བྱེད་པའི་ཀུན་སློང་དུ་བཟུང་ནས་གྲུ་བཞི་ཁ་གང་མའི་སྦྲེལ་དབྱིབས་ཅན་གྱི་བཟོ་ལྟ་ལྟར་བཀོད་སྒྲིག་བྱས་ཡོད། སྤྱིའི་རིང་ཚད་ལ128mཅན་དང་ཟམ་ངོས་ཀྱི་ཞེང་ལ4mཅན་གྱི་སྐས་ལམ་བཞི་དང་གྱེན་ལམ་བཞི་བཙུགས་ཤིང་། སྐས་ལམ་དེ་རྐང་ཐང་བ་ཟམ་པའི་གོང་འོག་གི་བགྲོད་ལམ་དུ་བསྐྱོད་རྒྱུར་སྤྱད་པ་དང་གྱེན་ལམ་དེ་འཁོར་རིགས་ཆུང་གྲས་ཁྲོམ་གཞུང་དུ་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད། ཟམ་པ་ཧྲིལ་པོར་ཁྱོན་བསྡོམས་བགྲོད་ལམ8ཡོད་པས་ལམ་མདོའི་ཁ་ཕྱོགས8ཀྱི་རྐང་ཐང་བ་ཁྲོམ་གཞུང་དུ་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད། དེའི་ཉེར་སྤྱོད་རང་བཞིན་ཤིན་ཏུ་ཆེ་བ་ཕུད། ལམ་ཐོག་ཟམ་པ་དེ་ནི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཡིན་ལ་དེའི་བཟོ་དབྱིབས་མཛེས་ཤིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་མ་ཟད། ལམ་ཐོག་ཟམ་པ་ཧྲིལ་པོར་བོད་ཀྱི་རིག་གནས་མཚོན་དོན་ལྡན་པའི་གྲུབ་ཆ་སྣ་ཚོགས་ཡོད་པས་ཟམ་པ་གནས་འདིའི་ཁོར་ཡུག་ལ་འདྲེས་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད་དོ།།
    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-1-24 04:14 , Processed in 0.036771 second(s), 16 queries .

返回顶部