博客西藏在最高处过一种生活

日志

༄༅།།བོད་ཀྱི་ཤུག་སྡོང་རྒྱལ་པོ་འཛམ་གླིང་ཅི ...

已有 286 次阅读2020-11-29 09:27 |系统分类:文化


                                  ༄༅།།བོད་ཀྱི་ཤུག་སྡོང་རྒྱལ་པོ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད་འདུག

                                  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཀྱི་ཀྱི་དྲ་བ། རྩོམ་པ་པོ། མི་གསལ།  


                          

 

     བོད་ལྗོངས་ཉིང་ཁྲིའི་བྲག་ཡིབ་ཆུས་ཀྱི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལནང་གི་ཤུག་སྡོང་ཆེ་ཤོས་ཏེའཛམ་གླིང་ཤུག་སྡོང་རྒྱལ་པོནི་ལོ་ངོ་3200ལྷག་གི་ལོ་རྒྱུས་ལྡན་པས། 2018ལོའི་ཟླ་11པརཀྲུང་གོའི་ཤིང་ལོ་མཐོ་ཤོས་ཀྱི་ཤུག་སྡོངལ་གཏན་འཁེལ་བ་མ་ཟད། ཧྲང་ཧའེ་འཛམ་གླིང་ཆེན་མོའི་ཅི་ཉི་སི་སྤྱི་ཁྱབ་པུའིའཛམ་གླིང་ཆེན་མོའི་ཅི་ཉི་སིའི་ཤུག་སྡོང་ཆེ་ཤོསཀྱི་དཔང་ཡིག་ཀྱང་རག་འདུག

     གཟི་བརྗིད་མཚན་སྙན་དེ་ནི་ཉིང་ཁྲི་བྲག་ཡིབ་ཆུས་ཀྱིསཧྲང་ཧའེ་འཛམ་གླིང་ཆེན་མོའི་ཅི་ཉི་སི་ཟིན་ཐོའི་སྤྱི་ཁྱབ་པུའུལ་དངོས་སུ་འདུན་ཞུ་བསྐྱལ་བ་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རིགས་གཅིག་མཁས་ཅན་གྱིས་ཚོད་རྩིས་དང་ཧྲང་ཧའེ་འཛམ་གླིང་ཆེན་མོའི་ཅི་ཉི་སི་སྤྱི་ཁྱབ་པུས་ཞིབ་བཤེར་གཏན་འབེབས་བྱས་མཐར་འདུན་ཞུར་ཆོག་མཆན་ཐོབ་པ་མ་ཟད། འཛམ་གླིང་ཆེན་མོའི་ཅི་ཉི་སིའི་ཤུག་སྡོང་ཆེ་ཤོསཀྱི་དཔང་ཡིག་ཀྱང་རག་ཡོད། 

     འཛམ་གླིང་ཤུག་སྡོང་རྒྱལ་པོནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་ཤིང་རིགས་ཏེ། ཡར་ཀླུང་གཙང་པོའི་ཤུག་སྡོང་གི་གྲས་ཡིན་པ་དང་བོད་ལ་མ་གཏོགས་མེད་པའི་་ཤིང་སྡོང་ཞིག་རེད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རྩི་ཤིང་ཡིན་ཞིང་། གཙོ་བོ་ཡར་ཀླུང་གཙང་པོའི་སྣང་རྫོང་ནས་སྨན་གླིང་བར་གྱི་གཙང་འགྲམ་ཁུལ་དུ་སྐྱེས་པའི་གྲངས་འབོར་ཉུང་ཞིང་ཁྱབ་རྒྱ་ཆུང་བའི་ཤིང་རིགས་ཤིག་རེད། ཤུག་སྡོང་དེའི་ཞེང་ཚད་ལ་སྨི་14.8དང་མཐོ་ཚད་ལ་སྨི་57ཡོད་ཅེས་ཟེར། 

     གཞན་ཡང་འཛམ་གླིང་ཤུག་སྡོང་རྒྱལ་པོ་ནི་བོད་ལྗོངས་ཉིང་ཁྲིའི་སའི་ཆ་རུ་ཡོད་པའི་གཤེན་རབ་བླ་ཤིང་དུ་གྲགས་པའི་ཤུག་སྡོང་ཆེན་པོ་དེ་ཡིན་ཟེར་ཞིང་། དེའི་མཐོ་ཚད་ལ་སྨི་50ལྷག་དང་སྦོམ་ཚད་ལ་མི་བཅུ་གཉིས་ཀྱི་ལག་རྡང་གིས་འཁྱུད་ཙམ་ཡོད་ཅེས་ཟེར་སྲོལ་ཡང་ཡོད་པས། བཤད་སྲོལ་ཅུང་ཙམ་མི་གཅིག་ནའང་ཧ་ལམ་འཛམ་གླིང་ཤུག་སྡོང་རྒྱལ་པོ་འམ་བོད་ཀྱི་ཤུག་སྡོང་རྒྱལ་པོ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད་ཡོད་པ་འདི་དང་བོད་ལྗོངས་ཉིང་ཁྲིའི་སའི་ཆ་རུ་གཤེན་རབ་བླ་ཤིང་དུ་གྲགས་པའི་ཤུག་སྡོང་ཆེན་པོ་དེ་གཉིས་ཀྱི་ནང་དོན་གཅིག་མཚུངས་ཡིན་པར་སེམས་འདུག།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་སེམས་ཀྱི་ཉི་ཟླའི་བོད་ཀྱི་ཀྱི་དྲ་བ་ལས་བཏུས་སོ། 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-18 01:53 , Processed in 0.032067 second(s), 16 queries .

返回顶部