博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་བསམ་པའི་དཔལ ...

已有 121 次阅读2020-11-26 07:34 |系统分类:见闻


               ༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནངས།
                                   ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

                      

     ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས་ཉི་ཤུ་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཞུགས་པའི་སྐབས་གསར་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་ཞིང་སྡེ། དཔལ་ཡོན་ལས་ཁུངས། དཔལ་ཡོན་ཁྱིམ་ཚང་། དཔལ་ཡོན་སློབ་ར། དེ་མིན་ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་འཐུས་མི་བཅས་ལ་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཚོགས་ཐོག་ནས་གསུང་བཤད་གནང་། 

     སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕིང་སོགས་ཅིང་ཞི་མགྲོན་ཁང་གི་གྲོས་ཁང་ཐོག་ཁང་ཆེན་མོའི་མདུན་ཚོམས་སུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། 

     ཞི་ཅིན་ཕིང་སོགས་འཐུས་མིའི་དཀྱིལ་དུ་ཕེབས་ཏེ་ཚང་མ་དང་མཉམ་དུ་སྙིང་ཉེ་བའི་བརྗེ་རེས་བྱས་པར་མ་ཟད་མཉམ་དུ་རྗེས་དྲན་འདྲ་པར་བླངས། 

     ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཚོགས་ཆེན་སྟེང་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་དག་ལ་སྙིང་ཉེ་བའི་མཇལ་འཕྲད་གནང་བ་ལས། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་བློ་མཐུན་དག་ལ་ཐུགས་ཁུར་ཚད་མེད་གནང་བཞིན་ཡོད་ལ། དུས་རབས་གསར་བའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་རེ་བ་ནན་མོ་བཏོན་ཡོད་པ་མངོན་པར་མཚོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ཟབ་མོ་ལེན་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་སྲ་བརྟན་དུ་བཏང་ནས། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྙིང་སྟོབས་དར་སྤེལ་བྱེད་པ། མཐུན་སྒྲིལ་སེམས་གཅིག་གིས་རྒྱང་སྐྱོད་གསར་བར་བརྩོན་པར་སྐུལ་མ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་དུས་རབས་གསར་བའི་མི་གསོ་སྐྱོང་བྱེད་པར་སྣེ་ཁྲིད་བྱས་ཤིང་། ཕུགས་འདུན་འདུ་ཤེས་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་ཡར་སྐུལ་གཏོང་དགོས་ལ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོའི་བྱ་བ་སྤེལ་ཏེ། ན་གཞོན་ལོ་ཆུང་རྣམས་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་རྒྱང་རིང་ཕུགས་འདུན་ཆགས་པར་སྣེ་ཁྲིད་བྱེད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཏེ། མང་ཚོགས་ཟབ་ཞུགས་ཀྱི་ཚད་དང་ཡིད་ཚིམས་པའི་ཚད་མཐོར་འདེགས་དང་། གསར་འཛུགས་བྱ་བའི་དོན་དངོས་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ། རོགས་ལས་སྐུལ་འདེད་གཏོང་བའི་བྱ་བའི་འདྲིལ་ཤུགས་ཆགས་པར་བྱེད་དགོས་ཞེས་གསུངས། 

     ཏེན་ཞོས་ཞང་མཇལ་འཕྲད་ལ་ཞུགས། སུང་ཁྲོང་ལན་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཐོག་ནས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། ཧོང་ཁོན་མེན་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་ལ་མགོ་འཛིན་བྱས། 

     ཚོགས་ཆེན་སྟེང་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནངས། སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་ཞིང་སྡེ། དཔལ་ཡོན་ལས་ཁུངས་བཅས་ཀྱི་འཐུས་མི་དང་། སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་དང་། དཔལ་ཡོན་སློབ་རའི་འཐུས་མི། སྐབས་གསར་བའི་རྒྱལ་ཡོངས་ཀྱི་ནར་སོན་མེད་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་འཐུས་མི་བཅས་ཀྱིས་སོ་སོར་ཚོགས་ཆེན་སྟེང་གཏམ་བཤད་སྤེལ།  །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-1-24 04:01 , Processed in 0.031975 second(s), 16 queries .

返回顶部