博客西藏在最高处过一种生活

日志

༄༅།།ལོ100སྔོན་གྱི་ཨུ་རུ་སུའི་རི་མོ་བ་ཞིག་ ...

已有 34 次阅读2020-11-21 09:11 |系统分类:文化


                          ༄༅།།ལོ100སྔོན་གྱི་ཨུ་རུ་སུའི་རི་མོ་བ་ཞིག་དང་ཧི་མ་ལ་ཡའི་གཏམ་རྒྱུད།
                       ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་། རྩོམ་སྒྲིག་པ། བདེ་སྒྲོལ།

                                             ཤམ་བྷ་ལ་འཚོལ་བ། 
                                         Nicholas Roerich
                   
                          ཆེས་ཐོག་མར་བོད་ལྗོངས་འབྲི་མཁན་གྱི་ཨུ་རུ་སུའི་རི་མོ་པ་ནི་སུ་ཞིག་ཡིན་ནམ། 
   
     འཛམ་གླིང་སྐྱེ་བོ་ཀུན་གྱིས1923ལོར་ཉི་ཀུའུ་ལ་སི•ལུའོ་ལེ་ཧོNicholasRoerichཡིས་བོད་ལྗོངས་སུ་ཤམ་བྷ་ལ་འཚོལ་བ་བྱས་པ་ནི་ཨུ་རུ་སུའི་མིས་བོད་ལྗོངས་གསར་རྩོམ་བྱེད་འགོ་བརྩམས་པར་འདོད། དོན་དངོས་ཐོག་དེའི་སྔོན་དུ་ཧི་མ་ལ་ཡས་རླབས་ཆེན་གྱི་ཨུ་རུ་སུའི་སྒྱུ་རྩལ་པ་ཞིག་གི་ཡིད་དབང་འཕྲོག་པ་སྟེ། ཁོང་གིས་བྲིས་པའི་རི་བོ་ཧི་མ་ལ་ཡ་དེ་ལུའོ་ལེ་ཧོ་(罗列赫)ལས་ཀྱང་ལོ་བཅུ་ཕྲག་ཁ་ཤས་ཀྱིས་སྔ་བ་ཡོད། 
     ཡིན་ནའང་ལོ150ཡི་རྗེས་ཀྱི་རི་བོ་ཧི་མ་ལ་ཡར་ཁོང་གི་མཚན་བཞག་མེད། 

                                                ཧི་མ་ལ་ཡ་བརྒྱུད་པ། 
                                              Vasily Vereshchagin
                   
                                རི་བོ་ཧི་མ་ལ་ཡའི་གངས། 1874ལོ་ནས1876ལོའི་བར། རས་ངོས་སྣུམ་ཚོན་རི་མོ།

                   
                                  རི་བོ་ཧི་མ་ལ་ཡའི་རི་རྩེ་མཐོ་ཤོས། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

     གངས་རིས་བརྗེད་ལ་ཉེ་བའི་ཨུ་རུ་སུའི་སྒྱུ་རྩལ་པ་དེའི་མིང་ལ་ཝ་ཞི་ལིཝེ་ལེ་ཧྲི་ཁྲ་ཅིནVasilyVereshchagin1842ལོ་ནས1904ལོའི་བར། ཟེར་ཞིང་། ཁོང་ནི་ལོ་རྒྱུས་ཐོག་ཆེས་ཕུལ་དུ་བྱུང་བའི་ཨུ་རུ་སུའི་གཡུལ་འགྱེད་རི་མོ་བའི་གྲས་ཤིག་ཡིན་པ་དང་། ཁོང་གི་སྒྱུ་རྩལ་གསར་རྩོམ་ལ་ཡོ་རོབ་གླིང་ཧྲིལ་པོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། 
     Vereshchaginལགས་ཀྱི་ཚེ་མཇུག་གི་ལོ་བཅུའི་ནང་འགྲེམས་སྟོན་ཐེངས30ལྷག་ཙམ་གཉེར་བ་མ་ཟད། སྐབས་དེ་དུས་འཛམ་གླིང་ཐོག་ཆེས་བཀྲག་མདངས་ཆེ་བའི་རི་མོའི་གླེང་སྟེགས་ཁྲོད་འགྲེམས་སྟོན་བྱས་པས་གོ་ལ་ཧྲིལ་པོར་མཚན་སྙན་ཐོབ་ཡོད། 

                   
                                         སོ་ལོ་མོན་གྱང་། 1885ལོར། རས་ངོས་སྣུམ་མཚོན་རི་མོ།

    རི་མོ་འབྲི་བ་ལས་གཞན་ཁོང་གིས་ད་དུང་མི་རིགས་ཀྱི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་རི་མོ་དང་རྩོམ་རིག་བརྩམས་ཆོས་འབོར་ཆེན་གསར་རྩོམ་བྱས་ཤིང་། ཁོང་སྐུ་གཤེགས་རྗེས་ཀྱི་དུས་རབས་གཅིག་ལྷག་ཙམ་གྱི་རིང་སྒྱུ་རྩལ་པ་དང་། པར་ལེན་པའམ་ཡང་ན་གསར་འགྱུར་ལས་དོན་པའི་ཁྲོད་ཁོང་དང་འདྲ་བར་དངོས་སུ་དམག་འཁྲུག་དང་འགལ་བ་སྣ་ཚོགས་བརྒྱུད་མྱོང་ཞིང་། མཐོང་སྣེ་སྣ་ཚོགས་ཀྱི་སྒོ་ནས་དེ་དངོས་སུ་ཟིན་ཐོར་བཀོད་ཡོད་མཁན་གཅིག་ཀྱང་མེད་པ་རེད།

                   
                     དམག་འཁྲུག་ཕམ་པ། རྣམ་ཤེས་བདེ་བར་བྱེད་པའི་རོལ་དབྱངས། 1878ལོ་ནས1879ལོའི་བར། རས་ངོས་སྣུམ་མཚོན་རི་མོ།

     Vereshchaginགྱིས་སྒྱུ་རྩལ་ལ་བརྟེན་ནས་བཏོན་མི་ཆོག་པའི་གནད་དོན་དེ་དག་དྲིས་ནས། སྐད་ཆ་བཤད་མི་ཐུབ་པའི་མི་རྣམས་ཀྱི་ཆེད་དུ་སྒྲ་འབྱིན་པ་རེད། སྒྱུ་རྩལ་པ་ཞིག་ཡིན་པའི་ངོས་ནསVereshchaginཐ་ན་སྐབས་དང་པོའི་ནོ་པེར་ཞི་བདེའི་བྱ་དགའི་འོས་འདེམས་མི་སྣའི་མིང་ཐོར་ཚུད་མྱོང་།

                   
                                Almyk chapel 1869ལོ་ནས1870ལོའི་བར། རས་ངོས་སྣུམ་མཚོན་རི་མོ།

     གལ་ཏེ་རི་མོར་བྲིས་པའི་དམག་འཁྲུག་ནི་མིའི་རིགས་མཉམ་གནས་ཀྱི་དུས་གནས་དང་ཁོར་ཡུག་ལས་བྱུང་བ་ཡིན་ན། ཧི་མ་ལ་ཡ་དང་འཕྲད་པ་ནི་དེ་བསVereshchagindཡི་ཐོག་མའི་བསམ་འདུན་ལས་བྱུང་བ་ཞིག་རེད།

                   
                                     རི་བོ་ཧི་མ་ལ་ཡའི་ས་སྲོད། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

     1873ལོར་ཨེ་ཤ་ཡ་ཤར་མའི་ས་ཁུལ་གྱི་མིའི་རིགས་རིག་པའི་དཔྱད་གཞི་འཚོལ་སྡུད་བྱ་ཆེདVereshchaginཧི་མ་ལ་ཡའི་ས་ཁུལ་དུ་བསྐྱོད་པ་དང་འབྲེལ་དེ་གར་ལོ་གཉིས་རིང་ཡུལ་སྐོར་བྱས་པ་དང་ལམ་རྒྱུད་ཀྱི་རགས་བྲིས་དཔེ་རིས150ལྷག་ཙམ་འགྲུལ་བཞུད་དེའི་ཞིབ་ཅིང་ཕྲ་བའི་ཟིན་ཐོར་གྱུར་ཡོད། དེ་དང་ཆབས་ཅིག་ཁོང་ཡང་བོད་ལྗོངས་སུ་སྐྱོད་སྔ་ཤོས་ཀྱི་ཨུ་རུ་སུའི་མིའི་གྲས་ཤིག་རེད། 
     ཧི་མ་ལ་ཡའི་མཛེས་ལྗོངས་ལ་ཡིད་ཆགས་པའི་དབང་གིས1884ལོར་ཁོང་སླར་ཡང་རྒྱ་གར་དུ་ལོག་ནས་འཚོལ་ཞིབ་གནང་བ་རེད། 

                   
                                  དབང་ཕྱུག་ལྷ་ཁང་། 1874ལོ་ནས1876ལོའི་བར། རས་ངོས་སྣུམ་ཚོན་རི་མོ།

    ཐོག་མའི་འགྲུལ་བཞུད་ནང་ཁོང་དང་ཆུང་མ་གཉིས་མཉམ་དུ་ཧྲེང་པི་ཏེ་པའོ(圣彼得堡)ནས་རྡོག་ཐོན་བྱས་ཏེ་ཅུན་ཧྲི་ཐན་ཏིང་པའོ་དང་། ཨེ་ཅིབ། ཧི་མ་ལ་ཡ་བཅས་ཀྱི་རི་རྒྱུད་བརྒྱུད་མཐར་བོད་ལྗོངས་སུ་འགྲུལ་བཞུད་མཇུག་འགྲིལ་བ་རེད། ཉེན་ཁ་ཆེ་ལ་ལམ་ཐག་རིང་བའི་ལམ་བར་རྒྱུན་དུ་རྔ་མོང་ངམ་ཡང་ན་རྟ་ལ་ཞོན་དགོས་པ་དང་སྐབས་འགར་ཐ་ན་རྐང་ཐང་མར་ཡུལ་སྐོར་བྱ་རྒྱུ་ལས་མ་འདས།
     ཁོ་ཚོས་ཧི་མ་ལ་ཡའི་ས་ཁུལ་དུ་རྒྱ་ཆེ་བའི་ལྟ་སྐོར་བྱས་པ་དང་ཟླ་བ་འགའི་དུས་ཚོད་བཀོལ་ནས་རི་ཁུལ་གྱི་ས་དབྱིབས་བྲིས་པ་རེད། 

                   
                           སངས་རྒྱས་ཆོས་ལུགས་ཀྱི་དགོན་པའི་ལྷ་ཆེན་པོ་གསུམ། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

     བཟའ་ཟླ་དེ་གཉིས་ཀྱིས་ད་དུང་སྔོན་ཆད་འབྲས་ལྗོངས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་ཚོ4ཡོད་པའིDzongriརི་རྩེར་འཛེག་རྩིས་བྱས་ཤིང་། སྟབས་མ་ལེགས་པ་ཞིག་ལ་དེ་ནི་ཟླ་བ་དང་པོ་ཡིན་པས་གྲང་ངར་ཆེ་བའི་གནམ་གཤིས་ཁྲོད་དཀའ་ངལ་དེ་འདྲ་ཁྱད་བསད་བྱེད་ཐུབ་མཁན་ཕལ་ཆེར་གཅིག་ཀྱང་མེད། ཁོང་ཚོ་ཡང་ཅུང་ཙམ་མིན་ན་གངས་འཁྱག་གི་ཁྲོད་དུ་ཚེ་སྲོག་ཤོར་སོང་། 

                   
                                  ཁ་ཆེ་ནས་ལ་དྭགས་བར་གྱི་འཁྱགས་ཀླུང་། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

    དྲོད་ཚད་ཀླད་ཀོར་མན་གྱི་ཚོད་བགམ་ཐེག་དགོས་པ་ཕུད། Vereshchaginད་དུང་ཉེན་ཁ་ཆེ་བའི་རི་སྐྱེས་སྲོག་ཆགས་ལ་འཕྲད་པ་དང་། གཡང་གཟར་ཁོར་ཡུག་ཁྲོད་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བ་དང་། ཐ་ན་ཚ་བའི་ཁུལ་དུ་འདར་ནད་འགོས་པ་སོགས་ཉེན་ཁ་དེ་དག་ཡོད་ཚད་ཀྱིས་ཀྱང་ཁོའི་འཚོལ་ཞིབ་ཀྱི་སྤྲོ་སེམས་ཇེ་ཞན་དུ་བཏང་མེད། 
    ཧི་མ་ལ་ཡའི་ས་ཁུལ་དུVereshchaginགྱིས་སྔར་ཐོས་མ་མྱོང་བའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་མཐོང་བྱུང་། ཁོང་གིས་རྒྱལ་ཁབ་གཞན་གྱི་ས་གཞིའི་ཚོན་མདངས་བཀྲ་བ་དང་ས་དབྱིབས་སྣ་མང་ཁྲོད་ལང་ལོང་དུ་འཕྱུར་བའི་ཚོར་བ་རྙེད་པ་རེད། ས་གནས་དེ་གའི་མི་རྣམས་གཞན་དང་མི་འདྲ་བའི་རིག་གནས་གོམས་སྲོལ་དང་། འཚོ་བའི་ཁོར་ཡུག་དང་དེ་བཞིན་དགོན་པའི་འཛུགས་སྐྲུན་བཅས་ཚང་མ་Vereshchaginགྱི་འདྲ་བཤུས་བྱ་ཡུལ་རེད།

                              དངོས་ཡོད་རིང་ལུགས་ཀྱི་སློབ་དཔོན་གྱིས་བྲིས་པའི་དུས་རབས19པའི་དགོན་པ། 
                                                                         Vasily Vereshchagin 
                   
                                                                 Indian motif  1875ལོར། རས་ངོས་སྣུམ་ཚོན་རི་མོ།

                   
                                      ལ་དྭགསHemisཀྱི་དགོན་པ། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

                   
                                     ལ་དྭགས་ཀྱི་རྗེས་ཤུལ། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

                   
                                      རྡོ་རྗེ་གླིང་གི་ནང་བསྟན་དགོན་པ། འབྲས་ལྗོངས། 1874ལོར།

                   
                                        འབྲས་ལྗོངས་ཀྱི་དགོན་པ། 1875ལོར། རས་ངོས་སྣུམ་མཚོན་རི་མོ། 

     སྐབས་དེའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག་རྒྱ་གར་ནི་དབྱིན་ཇིའི་མངའ་ཁོངས་ཡིན་པ་མ་ཟད། ཨུ་རུ་སུ་དང་དབྱིན་ཇིའི་དབར་ད་དུང་འགྲན་རྩོད་ཀྱི་འབྲེལ་བ་ཡོད་ཀྱང་དབྱིན་ཇིའི་སྲིད་གཞུང་གིས་ཁོང་རྒྱ་གར་དུ་འཛུལ་ཆོག་པ་དང་འབྲེལ་རང་མོས་ངང་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་པ་རེད།

                                               རྒྱ་གར་བརྒལ་བའི་འགྲུལ་བཞུད། 
                                                                              Vasily Vereshchagin 
                   
                              ཁུའུ་ཐུའུ་ཕུ་ཐ﹙库图卜塔﹚ཉེ་འགྲམ་གྱི་སྒོ་ཆེན། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

                   
                        ཝུའུ་ཏའེ་ཕུའུ﹙乌代浦﹚མཚེའུ་ཐོག་གི་རྡོ་ཀ་མ་རུའི་འབུར་བརྐོས་གྲུ་ཁ། 1874ལོར། རས་ངོས་སྣུམ་ཚོན་རི་མོ།

                   
                       ཝུའུ་ཏའེ་ཕུའུ﹙乌代浦﹚སྤྱི་གླིང་གི་རྡོ་ཀ་མ་རུའི་བར་ཁྱམས་ཀྱི་བསིལ་ཁང་། 1874ལོར། རས་ངོས་སྣུམ་ཚོན་རི་མོ།

                   
     ཁོང་གིས་མོང་མའེ་ནས་འགོ་བཙུགས་ཏེ་སྔ་རྗེས་སུ་ཀུའུ་ཅི་ལ་ཐེ་མངའ་སྡེ་དང་ལ་ཅ་སི་ཐན་མངའ་སྡེ་ལ་འབྱོར་བ་དང་། དེ་ནས་རྡི་ལི་དང་ཨ་ཀོ་ལར་བསྐྱོད་དེ་ཁ་ཆེ་དང་ལ་དྭགས་བརྒྱུད་ནས་མཐར་བོད་ལྗོངས་སུ་འབྱོར་བ་རེད། 

                                           ཆེས་ཐོག་མར་བོད་ལྗོངས་སུ་འབྱོར་པའི་ཨུ་རུ་སུའི་མི། 
                                                                                  Vasily Vereshchagin 
                   
                                བོད་ལྗོངས་ཀྱི་མི། 1874ལོ་ནས1876ལོའི་བར། རས་ངོས་སྣུམ་མཚོན་རི་མོ།

                   
                                          ནོར་གནག  1875ལོར། རས་ངོས་སྣུམ་ཚོན་རི་མོ།

      1878ལོརVereshchaginགཞོན་དུས་སློབ་སྦྱོང་བྱེད་སྐབས་སྡོད་སའི་ཕ་རི་སིར་ལོག་པ་དང་། ཁོང་གིས་ཧི་མ་ལ་ཡ་ས་ཁུལ་དུ་གསར་རྩོམ་བྱས་པའི་གཞན་ཡུལ་གྱི་མཛེས་ལྗོངས་དེར་མགྱོགས་མྱུར་ངང་མི་མང་པོས་དོ་སྣང་བྱུང་སྟེ། སྐད་གྲགས་ཆེ་བའི་སྒྱུ་རྩལ་གྱི་ཡིད་མཐུན་རོགས་སྐྱོར་པ་ཕ་ཝེརཐེ་ལེ་ཅི་ཁོ་ཧྥུPavelTretyakovཡིསVereshchaginགྱིས་བྲིས་པའི་རི་མོར་སྤྲོ་སྣང་ཆེན་པོ་སྐྱེས་པ་མ་ཟད། ཁོང་གི་བརྩམས་ཆོས་མང་པོ་ཞིག་ཉར་ཚགས་བྱས་ཡོད། 

                   
                 ས་སྲོས་ཀྱི་ཨ་པུ་རི་བོའི་ཆི་ནཱ་ཆོས་ལུགས་ཀྱི་ལྷ་ཁང་ནང་གི་ཀ་བའི་བར་ཁྱམས། 1874ལོ་ནས1876ལོའི་བར། རས་ངོས་སྣུམ་མཚོན་རི་མོ།


                   
                                   བྲག་རྡོའི་ཁྲོད་ཀྱི་ལྷ་ཁང་། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

                   
                                           མ་ཎི་འཁོར་ལོ། 1875ལོར།  རས་ངོས་སྣུམ་མཚོན་རི་མོ།

     Vereshchaginནི་ཧི་མ་ལ་ཡའི་ས་ཁུལ་གྱི་འཚོ་བ་དང་ཡུལ་ལྗོངས་མཚོན་པའི་སྒྱུ་རྩལ་པ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཁོང་གིས་ཤར་ཕྱོགས་རིང་ལུགས་ཀྱི་རི་མོའི་ཉམས་འགྱུར་དེ་མཐོ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་བཏང་ཡོད། 
    ས་བདག་དང་སྐུ་དྲག་གི་བུ་ཡིན་པའི་ཆ་ནསVereshchaginནི་དམག་དོན་དང་ཕྱི་འབྲེལ་ལས་དོན་ལ་ཞུགས་རྒྱུའི་རེ་བ་བཅངས་ཡོད་མོད། འོན་ཀྱང་མཛེས་རྩལ་ལ་སྤྲོ་བ་ཆེན་པོ་ཡོད་པ་དང་མདུན་ལམ་རྒྱ་ཆེན་པོ་ལྡན་པའི་འབྱུང་འགྱུར་གྱི་དམག་དཔོན་དེ་མཚོ་དམག་སློབ་གླིང་ནས་ཐོན་རྗེས་འཕྲལ་མར་སྒྱུ་རྩལ་སློབ་གླིང་དུ་སོང་ནས་མིང་ཐོ་བཀོད་པ་རེད།
 
                   
                                   ཁྱབ་འཇུག་གི་སྐུ་བརྙན། 1874ནས1876ལོར། རས་ངོས་སྣུམ་ཚོན་རི་མོ།

    སྒྱུ་རྩལ་སློབ་གླིང་དུVereshchaginགྱིསཡིའུ་ལི་ཞི་སིས་ཕེ་ནེ་ལོ་ཕུའུ་ཡི་གཉེན་སློང་མཁན་བསད་པཞེས་པར་བརྟེན་ནས་དངུལ་གྱི་བྱ་དགའི་རྟགས་མ་ཐོབ་ཀྱང་མཇུག་མཐར་ཁོས་རི་མོ་འདི་མེད་བརླག་ཏུ་བཏང་བ་སྟེ། དུས་ཕྱི་མའི་གནའ་གཞུང་རིང་ལུགས་ཀྱི་རི་མོ་འབྲི་སྟངས་དེ་ནི་ཁོང་ལ་དགོས་འདོད་པའི་མཚོན་སྟངས་དངོས་མ་ཡིན། 
    དེ་རྗེས་ཕ་རི་སིར་སླེབས་རྗེས་ཁོང་གིས་སྐབས་དེ་དུས་ཀྱི་སྒྱུ་རྩལ་པ་ཡག་ཤོས་ཤིག་ཏེ་རེངལའེ་ཨངཅེ་ལུའོ་མུའུJean-LYonGerumeལགས་དགེ་རྒན་ལ་བརྟེན་ཅིང་། དེ་ལྟར་ཡིན་ནའང་། Vereshchaginགྱིས་འདོད་བློ་ཡོངས་རྫོགས་སྐོང་ཐུབ་པའི་རི་མོ་ཞིག་སྔར་བཞིན་མ་རྙེད ། 

                   
                                                               Kalmyk-lama    1873ལོར།   རས་ངོས་སྣུམ་ཚོན་རི་མོ།
                             སྐབས་དེར་སྒྱུ་རྩལ་པས་དེ་བས་ཀྱང་དངོས་ཡོད་ཀྱི་བགྲོད་ལམ་ཞིག་གཏོད་རྒྱུའི་ཐག་བཅད། 

     སྟབས་ལེགས་པ་ཞིག་ལVereshchaginགྱིས་དངོས་སུ་ཤར་ཕྱོགས་ཀྱི་ས་ཁོངས་མི་འདྲ་བའི་ཡུལ་སྲོལ་གོམས་འདྲིས་ལ་ཉམས་ལེན་བྱེད་པར་ཕྱིན་པ་དེས་ཁོང་གི་རི་མོར་ཐུན་མོང་མ་ཡིན་པའི་བདེན་དངོས་རང་བཞིན་སྦྱིན་ཡོད། ཁོང་གིས་འཕྲིན་ཡིག་ཅིག་གི་ནང་དུང་རང་ཕ་རི་སི་ནས་བྲོས་ཐར་པ་དེ་ནི་བཙོན་ཁང་ཞིག་གི་ནང་ནས་བཅིངས་འགྲོལ་ཐོབ་པ་དང་འདྲ་བར་ངས་གཏུམ་དྲག་གི་མེ་ལྕེ་བཀོལ་དེ་རི་མོ་འབྲི་འགོ་རྩོམ་རྒྱུ་ཡིན་ཞེས་བྲིས་ཡོད།

                   
                                     རི་བོ་ཧི་མ་ལ་ཡའི་ཉི་མ་ནུབ། 1875ལོར། རས་ངོས་སྣུམ་ཚོན་རི་མོ།

     ལོ་བརྒྱའི་རྗེས་སུVereshchaginགྱིས་བྲིས་པའི་ཧི་མ་ལ་ཡའི་རི་རྒྱུད་དང་། རི་ཁུག གནའ་བོའི་ཧིན་རྡུའི་ཆོས་ལུགས། ཆི་ནཱ་ཆོས་ལུགས་ཀྱི་དགོན་པ། སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་སོགས་ལ་ཕྱིར་མིག་བལྟས་ཚེ། ཡུན་གཏན་ཕུན་སུམ་ཚོགས་པའི་ས་གཞི་འདིས་ད་དུང་འགྲུལ་བཞུད་པ་རབས་དང་རིམ་པ་ལ་བློ་སྒོ་འབྱེད་བཞིན་ཡོད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-11-26 06:43 , Processed in 0.020863 second(s), 16 queries .

返回顶部