博客西藏在最高处过一种生活

日志

༄༅།།ཝང་ཆི་ཧྲན་གྱིས་ཉིས་སྟོང་ཉི་ཤུ་ལོའི་ག ...

热度 1已有 53 次阅读2020-11-18 08:05 |系统分类:见闻



       ༄༅།།ཝང་ཆི་ཧྲན་གྱིས་ཉིས་སྟོང་ཉི་ཤུ་ལོའི་གསར་སྐྲུན་དཔལ་འབྱོར་གླེང་སྟེགས་སྟེང་བརྙན་རིས་བརྒྱུད་དེ་གསུང་བཤད་གལ་ཆེན་གནང་།
                              ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

                 

                       ཟླ11པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཉིས་སྟོང་ཉི་ཤུ་ལོའི་གསར་སྐྲུན་

                             དཔལ་འབྱོར་གླེང་སྟེགས་སྟེང་བརྙན་རིས་བརྒྱུད་དེ་གསུང་བཤད་གལ་ཆེན་གནང་།


    ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཟླ11པའི་ཚེས16ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཉིས་སྟོང་ཉི་ཤུ་ལོའི་གསར་སྐྲུན་དཔལ་འབྱོར་གླེང་སྟེགས་སྟེང་བརྙན་རིས་བརྒྱུད་དེ་གསུང་བཤད་གལ་ཆེན་གནང་།

    ཝང་ཆི་ཧྲན་གྱིས་བསྟན་དོན། ན་ནིང་གི་ཚུན་ལ། རྒྱལ་སྤྱིའི་གནས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་དུ་འགྱུར་བཞིན་ཡོད། དཀའ་ཁག་ཆེ་བའི་དུས་སྐབས་སུ་སྔར་ལས་ཀྱང་དཀའ་ངལ་མཉམ་སེལ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་དང་ཐུན་མོང་གི་དམིགས་འབེན་ལ་རེ་སྙེག་བྱེད་པའི་ཆོད་སེམས་མཚོན་པར་བྱེད་དགོས་ཟེར།

    ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོས་འགྱུར་ལྡོག་ལ་ཐད་ཀར་དུ་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ནང་མཁོའི་ཁྲིད་ཕྱོགས་དང་སྤུས་ཚད་གཙོར་འཛིན་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་བ། མཐུན་སྦྱོར་འཕེལ་རྒྱས། རང་སྟོབས་རང་སྤེལ། བརྟན་ཐོག་ཡར་འཕེལ་གྱི་རྣམ་པར་བརྟེན་ནས་ལོ་རྒྱུས་ཀྱི་བརྒལ་གཏོར་གསར་བ་མངོན་འགྱུར་བྱེད་པར་དེ་བས་ཡིད་འཇོག་བྱེད་ངེས་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་ཕྱོགས་ཡོངས་ནས་རྒྱ་བསྐྱེད་ནས། ཀྲུང་གོའི་ཚོང་ར་དེ་འཛམ་གླིང་གི་ཚོང་ར་དང་མཉམ་སྤྱོད་ཀྱི་ཚོང་ར། ཚང་མའི་ཚོང་ར་རུ་འགྱུར་བར་བྱེད་དགོས། ཀྲུང་གོས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ནང་འདྲེན་རྒྱ་བསྐྱེད་པ་དང་། དངུལ་གཏོང་ཚོད་འཛིན་ཇེ་ཉུང་དུ་གཏོང་བཞིན་ཡོད་ལ། སྔར་ལས་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ས་ཁུལ་གསར་བ་གསར་སྐྲུན་བྱེད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་དང་ཁུལ་ཁོངས་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་ནས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

    སྐབས་འདིའི་གསར་སྐྲུན་གླེང་སྟེགས་དེ་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་དང་ཨ་མེ་རི་ཁའི་ཕིན་པོ་ཚད་ཡོད་མཉམ་ལས་ཁེ་ལས་དང་དབྱིན་ཇིའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་། ཨ་ཧྥེ་རི་ཁ་ལྷོ་མའི་མན་ཏི་ལའི་ཞིབ་འཇུག་གླིང་སོགས་ལས་ཁུངས་ཀྱིས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་བསྡུས་པ་རེད།།

    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།




发表评论 评论 (2 个评论)

回复 嘎玛绕松 2020-11-21 01:04
  
回复 ljh8520035 2020-11-21 14:04
嘎玛绕松 2020-11-21 01:04
   

谢谢关注

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-12-5 04:12 , Processed in 0.023298 second(s), 17 queries .

返回顶部