博客西藏在最高处过一种生活

日志

༄༅།།གུ་གེའི་འདབས་རོལ་གྱི་ཆེས་དགའ་བསུ་ཐོབ ...

已有 52 次阅读2020-10-22 08:17 |系统分类:见闻


                               ༄༅།།གུ་གེའི་འདབས་རོལ་གྱི་ཆེས་དགའ་བསུ་ཐོབ་པའི་ཁྱིམ་ཚང་མགྲོན་ཁང་།
                                   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

                     
                                                  འདི་ནི་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་རེད།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ཀྱི་བཟོ་བཀོད་ཀྱི་རྣམ་པ་ལྡན་པའི་ཉིས་ཐོག་དེའི་ནང་ཉལ་ཁྲི36ཡོད་པ་དང་། ལྷས་རའི་ནང་དུ་མིང་མི་ཤེས་པའི་མེ་ཏོག་ཆུང་ཆུང་གིས་ཁེངས་ཡོད། ལྷས་རའི་ཕྱི་རོལ་གྱི་སྦྱར་སྡོང་འགའ་རླུང་དང་བསྟུན་ནས་ཀྲོང་ངེར་འགྲེངས་འདུག “ཡ་མཚན་རྒྱུ་མེད་པའི”ཞིང་དུད་ཀྱི་ར་སྐོར་འདི་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དུ་ཆེས་དགའ་བསུ་ཐོབ་པའི་ཁྱིམ་ཚང་མགྲོན་ཁང་རེད།
     ར་སྐོར་ནང་དུ་ལངས་ནས་ཤིང་སྡོང་གི་བསིལ་གྲིབ་འོག་ཏུ་རྒྱང་ལྟ་བྱས་ཚེ་སྤྱི་ལེ2ཙམ་གྱི་ས་རུ་བརྗིད་ཉམས་ཀྱིས་ཆགས་པའི་གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་མཐོང་རྒྱུ་ཡོད་ཅིང་། གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་ནི་རི་བོ་ཞིག་གི་སྟེང་དུ་ཆགས་ཡོད་པ་དང་།  དེར་ལོ་རྒྱུས་ཀྱི་གསང་བ་དང་རིག་གནས་ཀྱི་གསང་བ། རང་བྱུང་གི་གསང་བ་མང་པོ་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད་པ་རེད།

                     
                                         འདི་ནི་བཅིངས་འགྲོལ་བདེ་སྐྱིད་ཁྱིམ་ཚང་མགྲོན་ཁང་རེད།

     བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོར།ད་སོ་མར་ཡུལ་སྐོར་བ་མཐའ་མ་དེ་བསྐྱལ་མ་ཐག་པའི་བཅིངས་འགྲོལ་བདེ་སྐྱིད་གཞི་ནས་རང་ཁྱིམ་གྱི་ལྷས་རའི་ནང་བསྡད་དེ་གསོལ་ཇ་སྐོལ་བཞིན་ཡོད། བཅིངས་འགྲོལ་བདེ་སྐྱིད་ཀྱིས་ཉེ་ལམ་གྱི་ཡོང་འབབ་རགས་རྩིས་བྱས་པར“རྒྱལ་སྟོན་དུས་ཆེན་ཁོ་ནར་ཡོང་འབབ་སྒོར་ཁྲི2རག་ཡོད་པ་རེད།”
     2006ལོར། བཅིངས་འགྲོལ་བདེ་སྐྱིད་དང་བཟའ་ཟླས་གྲོང་ཚོའི་ནང་ཁྱིམ་ཚང་མགྲོན་ཁང་ཐོག་མ་དེ་བཙུགས་པ་ཡིན་ལ། སྐབས་དེར་ཁང་པ་ད་དུང་ས་ཁང་ཡིན་ལ་ཉལ་ཁྲི་ཡང4ལས་མེད་མོད་དེ་ལྟར་ནའང་མོའི་བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་དང་པོར་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་ཡོད།

                    
                                      འདི་ནི་བཅིངས་འགྲོལ་བདེ་སྐྱིད་ཁྱིམ་ཚང་མགྲོན་ཁང་ནང་གི་མེ་ཏོག་རེད།

    བཅིངས་འགྲོལ་བདེ་སྐྱིད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཐོང་པ་ན་གྲོང་མི་དེ་བས་མང་པོ་དེའི་ནང་ཞུགས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་བཙུགས་མོད། དེ་ལྟར་ནའང་ཁང་པའི་རྒྱ་ཁྱོན་དང་མཛེས་བཟོ་བྱེད་ཚད་ཀྱིས་རྐྱེན་པས་ཁང་པ་རྙིང་པས་ཡུལ་སྐོར་བའི་ཞིབ་ཚགས་ཅན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད།
    2018ལོར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རྩ་ཧྲེང་གྲོང་ཚོས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་སྔ་རྗེས་སུ་འཛུགས་སྐྲུན་མ་དངུལ་སྒོར་ཁྲི2500ལྷག་ཙམ་བཏང་སྟེ། མང་ཚོགས་ཀྱི་སྡོད་ཁང36གསར་སྐྲུན་བྱས་པ་དེ་རྩ་ཧྲེང་གྲོང་ཚོའི་དུད་ཚང36གི་མི144ལ་ཁྱབ་ཡོད་པ་རེད།

                     
                                   འདི་ནི་བཅིངས་འགྲོལ་བདེ་སྐྱིད་ཀྱིས་མགྲོན་ཁང་ལ་གཙང་དག་བྱེད་བཞིན་པ་རེད།

     དེའི་ནང་ཁྱིམ་ཚང32ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ཡུལ་སྐོར་བའི་དགོས་མཁོ་ལྟར་རང་ཁྱིམ་གྱི་ལྷས་ར་གྲལ་དག་ཅིང་སྐྱིད་སྣང་དོད་པ་ཞིག་བསྐྲུན་ཡོད་པ་དང་། ཁྱིམ་ཚང་མགྲོན་ཁང་དུ་ཆུ་ཚ་པོ་དང་དྲ་རྒྱ་ཡོད་ཅིང་། གྲོང་མིས་ཡུལ་སྐོར་བར་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཞིམ་ཟས་གྲ་སྒྲིག་བྱས་པ་དང་ཡུལ་སྐོར་བས་དེ་གར་ངལ་གསོ་བརྒྱབ་སྟེ་བོད་ལྗོངས་ཀྱི་ཞིང་དུད་དཀྱུས་མའི་འཚོ་བར་སྔར་བས་ཤེས་རྟོགས་བྱེད་ཐུབ།
     བཅིངས་འགྲོལ་བདེ་སྐྱིད་ཀྱི་གཉེར་སྐྱོང་འདུ་ཤེས་དེ་དག་ལས་མདུན་གྲལ་དུ་སླེབས་ཡོད་དེ། ཡུལ་སྐོར་བར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཆེད། བཅིངས་འགྲོལ་བདེ་སྐྱིད་དེ་སྔ་ཧོ་པེ་ཧན་ཏན་གྲོང་ཁྱེར་དུ་མགྲོན་ཁང་དོ་དམ་གསོ་སྦྱོང་བྱེད་པར་བསྐྱོད་ནས་ཡུལ་སྐོར་བས་བཟའ་བཏུང་བྲོ་བ་མི་འདྲ་བ་སྤྱོད་པར་བསམ་བློ་བཏང་ནས། བཅིངས་འགྲོལ་བདེ་སྐྱིད་ཀྱིས་གསོ་སྦྱོང་བྱེད་རིང་ཆེད་དུ་ཚལ་རྔོ་སྟངས་ལ་སློབ་སྦྱོང་བྱས་པ་མ་ཟད། ལྷས་རའི་ནང་ལ་ཕུག་དང་པད་ཚལ་སོགས་རྒྱུན་གཏན་གྱི་སྔོ་ཚལ་བཏབ་ནས་ཡུལ་སྐོར་བས་སྔོ་ཚལ་འཐོག་པའི་སྤྲོ་སྣང་མྱོང་རོལ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།

                     
                                         འདི་ནི་བཅིངས་འགྲོལ་བདེ་སྐྱིད་ཁྱིམ་ཚང་མགྲོན་ཁང་རེད།

     འབད་བརྩོན་ཇི་ཙམ་བྱས་ན་འབྲས་བུ་དེ་ལྟར་སྨིན་པ་ལྟར། བཅིངས་འགྲོལ་བདེ་སྐྱིད་ཁྱིམ་ཚང་མགྲོན་ཁང་ལ་ཡུལ་སྐོར་བ་ཀུན་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། མགྲོན་ཁང་དུ་བཅིངས་འགྲོལ་བདེ་སྐྱིད་དང་ཡུལ་སྐོར་བའི་མཉམ་པར་དང་། ཡུལ་སྐོར་བས་བཅིངས་འགྲོལ་བདེ་སྐྱིད་ལ་བྱིན་པའི་སྣུམ་ཚོན་རི་མོ་དང་འདྲ་པར་སོགས་བསྒྲིགས་ཡོད་ཅིང་། ཡུལ་སྐོར་བས་འདི་གར་ངལ་གསོ་བྱས་ཆོག་ལ། གྲོགས་པོ་རྙིང་པ་དང་འདྲ་བར་ཇ་འཐུང་ཞོར་ཁ་བརྡ་ཅི་རིགས་གནང་ཆོག་ལ། གནས་འདི་ནི་སེམས་ཀྱི་ལོག་མལ་ལྟ་བུར་ཆགས་ཡོད་པ་རེད།
     དེང་ཆར། རྩ་ཧྲེང་གྲོང་ཚོར་ཁྱོན་ཁྱིམ་ཚང་མགྲོན་ཁང32ཏེ་ཉལ་ཁྲི572ཡོད་པ་དང་། 2019ལོར་ཁྱིམ་ཚང་མགྲོན་ཁང་གི་དུད་ཚང་རེས་ཆ་སྙོམས་མི་ཐེངས800ལ་སྣེ་ལེན་བྱས་ནས་སྤྱིའི་ཡོང་འབབ་སྒོར་ཁྲི་60ཡས་མས་ཟིན་ཡོད། ཉེ་བའི་ལོ་ཤས་རིང་རྩྭ་མདའ་རྫོང་གིས་རང་ངོས་ཀྱི་ཡུལ་སྐོར་ལེགས་ཆར་བརྟེན་ནས“གུ་གེའི”འཁྲབ་ཚན་ཡག་པོ་གཏོང་པ་དང“མཐོ་ལྡིང”གི་མིང་རྟགས་ཡག་པོ་བསྐྲུན་པ།“ཞང་ཞུང”ལམ་བུར་ཡག་པོར་བསྐྱོད་དེ་ཡུལ་སྐོར་དམངས་ཕྱུག་གི་གྲུབ་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-11-26 01:06 , Processed in 0.018842 second(s), 16 queries .

返回顶部