日志

༄༅།།མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་བོད་འབ ...

已有 54 次阅读2020-9-25 07:53 |系统分类:见闻


                         ༄༅།།མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་བ་གཏོད་པ།
                            ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རིག་འཛིན་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

                              
                                

          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་སོ་སོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཤིང་རྨང་གཞི་བརྟན་པོ་བཏིང་ཡོད། 

      ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱལ་ཁབ་ཀྱི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་རྒྱབ་སྐྱོར་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འདེགས་སྐྱོར་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་མཚོ་སྔོན་གྱི་དོན་དངོས་ལ་གཞི་བཙུགས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་རང་འགུལ་ངང་ཞུགས་ཤིང་། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན། སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན། ལག་ལེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་བརྟན་ལྷིང་དང་བོད་དར་རྒྱས་ཡོང་བར་བྱེད་པའི་དགོངས་པ་གལ་ཆེན་རྦད་དེ་ཡང་དག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་གཅིག་འདོམས་བཀོད་སྒྲིག་བྱེད་པའི་ཐབས་ཇུས་རྦད་དེ་ཡང་དག་ཡིན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་རྦད་དེ་ཡང་དག་ཡིན་པ་བཅས་ར་སྤྲོད་གང་ལེགས་བྱས་ཡོད། 

     ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་བོད་འབྲེལ་ལས་དོན་ཡང་དུས་རབས་གསར་པར་སླེབས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་རྩ་བའི་བརྩི་གཞི་དང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱས་ཏེ་བསམ་བློ་གསར་པར་སློབ་སྦྱོང་དང་ཐབས་ཇུས་གསར་པ་ཤེས་རྟོགས། དམིགས་ཚད་གསར་པ་ནན་འཛིན། དུས་བབ་གསར་པ་ཁོང་དུ་ཆུད་པ། ལས་འགན་གསར་པ་དོན་འཁྱོལ། བླང་བྱ་གསར་པ་ལག་བསྟར་བཅས་བྱས་ནས་རྒྱུན་ཆད་མེད་པར་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། ང་ཚོས་བསམ་བློ་གསར་པ་སློབ་སྦྱོང་ནན་ཏན་དང་། ཁྱོན་ཡོངས་དམ་འཛིན། གསར་གཏོད་བེད་སྤྱོད་བྱེད་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལག་ལེན་དང་གསར་གཏོད། བོད་དང་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་བཅོས་ཀྱི་ཐབས་ཇུས་བཅས་ཡིན། ང་ཚོས་འཐབ་ཇུས་གསར་པར་གོ་བ་གཏིང་ཟབ་དང་ཡུན་རིང་མཐའ་འཁྱོངས། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ“དགོས་ངེས་བཅུ”ཡི་ནང་དོན་གཙོ་བོ་ཡིན་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ནི་རང་རེའི་ཏང་གིས་བོད་སྐྱོང་བོད་བརྟན་བོད་དར་གྱི་ལས་དོན་ཁྲོད་ཐོབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་ཞུན་བརྡར་དང་གསར་གཏོད་འཕེལ་རྒྱས་ཡིན་ལ། དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོར་སྒྲུབ་པའི་རྩ་གནད་དང་བླ་སྲོག་ཡིན། ང་ཚོས་དམིགས་ཚད་གསར་པར་དམ་པོར་དམིགས་ཏེ་ཡིད་ཆེས་བརྟན་པོ་དང་འབད་འབུངས་མདུན་སྐྱོད་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་དེ་རྣམ་པ་གསར་པ་གཏོད་དགོས། ང་ཚོས་མིག་སྔའི་བོད་འབྲེལ་ལས་དོན་ལ་འཕྲད་པའི་གནས་བབ་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་བསྡུས་བརྡར་གཅོད་བྱེད་པ། སྟངས་འཛིན་འཁྲུལ་མེད་བཅས་བྱེད་དགོས། ང་ཚོས་ཚད་གཞི་དང་ཚད་ཐིག་གཏན་འཁེལ་བྱས་ནས་གནད་སྨིན་ཇུས་འདོན་དང་ལས་འགན་གསར་པ་དོན་འཁྱོལ་ལ་ནན་འཛིན་ཡག་པོ་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ང་ཚོས་མ་ལག་ལྡན་པའི་ཇུས་འགོད་དང་རྩོད་སྒྲུབ་ཀྱི་ཇུས་འདོན། ཕྱོགས་གཅིག་ཏུ་དུ་ཤུགས་རྒྱབ་ནས་གསུང་བཤད་གལ་ཆེན་གྱིས་བཏོན་པའི་བླང་བྱ་གསར་པ་རབ་དང་རིམ་པ་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། 

     བོད་འབྲེལ་ལས་དོན་ཡག་པོར་སྒྲུབ་རྒྱུའི་ལས་འགན་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཏང་ནས་འགན་འཁྲི་འཁུར་བ། དངོས་འཛིན་དངོས་སྒྲུབ་ཀྱིས་རྒྱུན་ཆད་མེད་པར་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་བ་འབུལ་དགོས། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-10-31 23:43 , Processed in 0.023527 second(s), 16 queries .

返回顶部