日志

༄༅།།སྐྱེ་ཁམས་གནས་མཆོག་རྨ་འབྲི་རྫ་གསུམ་འབ ...

已有 91 次阅读2020-8-21 08:04 |系统分类:见闻


                                 ༄༅།།སྐྱེ་ཁམས་གནས་མཆོག་རྨ་འབྲི་རྫ་གསུམ་འབྱུང་ཡུལ།
                  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རིག་འཛིན་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།


                         1.jpg

                                                     མཐོ་སྒང་གི་བྱ་རྒོད། 


                         2.jpg

                                             རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ངང་བ། 


                         

                                                       གནའ་ཁྱུ། 


                          4.jpg

                                                          གླག་ཕྲུག


                         5.jpg

                                                      ཆུ་ཆེན་གྱི་མགོ་ཁུངས། 


                          6.jpg

                                       རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཛེས་པ། 


                          7.jpg

                                                       གཙོད་ཁྱུ། 


                           8.jpg

                                                        འབྲོག་པའི་རྩྭ་ཐང་། 


     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ས་དབྱིབས་རྙོག་འཛིང་ཆེ་བ། རང་བྱུང་ཁོར་ཡུག་རིགས་སྣ་མང་པའི་ཁྱད་ཆོས་ལྡན་པས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཁྱབ་ཚུལ་ལ་དམིགས་བསལ་གྱི་ཁོར་ཡུག་ཆ་རྐྱེན་མཁོ་འདོན་བྱས་ཡོད། ས་ཁུལ་དེ་ནི་འཛམ་གླིང་ཐོག་ས་མཐོ་ཁུལ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་དང་གཅིག་སྡུད་ཆེ་ཤོས། ཁྱད་ཆོས་མངོན་གསལ་དོད་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས“མཐོ་གྲང་སྐྱེ་དངོས་ཀྱི་རང་བྱུང་སོན་རྒྱུའི་ཐོན་ཁུངས་མཛོད”ཅེས་པའི་མཚན་སྙན་གྲགས་ཡོད།  

     ད་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱིས་སྔར་བཞིན་གཞི་ཁྱོན་ངེས་ཅན་ཟིན་ཡོད། དེ་གཙོ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་པ་དང་ལྟ་སྲུང་བར་རག་ལས་ལ། དུས་ཡུན་རིང་པོར་ཡུལ་དུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པའི་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་ལའང་རག་ལས་ཡོད། དེས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཀའ་གནད་མང་པོར་བློ་སྒོ་ཕྱེས་ཡོད། 

     རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་གཏིང་ཟབ་བསྟར་ནས“དམིགས་གསལ་གཅིག་དང་མཐོ་བ་གཉིས་”ཀྱི་འཐབ་ཇུས་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་ཞིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང“སྐྱེ་ཁམས་སྲུང་ཡོལ”“རྒྱལ་ཁབ་སྤྱི་གླིང་”བཅས་རབ་མཛེས་མཚོ་སྔོན་དེ་ཀྲུང་གོ་དང་འཛམ་གླིང་ཡོངས་ལ་བསྒྲགས་པའི་མིང་བྱང་དུ་གྱུར་ཡོད།  །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱ་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-21 04:45 , Processed in 0.019155 second(s), 16 queries .

返回顶部