日志

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ ...

已有 86 次阅读2020-8-6 09:00 |系统分类:见闻


               ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷ་སར་བརྟག་ཞིབ་གནང་བ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ།
                                      ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ།

               
              འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གནམ་གྲུར་བཞུགས་ནས་ལྷ་སའི་གོང་དཀར་གནམ་ཐང་དུ་ཕེབས་པའི་རྣམ་པ་རེད།

    ཟླ7པའི་ལྷ་ས་ནི། རླུང་བུ་འཇམ་ཞིང་ཆར་ཆུ་ཟམ་ཟིམ་དུ་འབབ་ལ། དྭངས་གཙང་གི་མཁའ་དབུགས་ཁྲོད་དབྱར་གྱི་མཛེས་སྡུག་ཅི་དགར་ངོམ་པས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད། ལས་རིགས་ཁག་གི་ལས་ཐོན་སླར་གསོ་བྱུང་ནས། དཔལ་འབྱོར་བརྟན་འཇགས་ངང་སླར་གསོ་བྱུང་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་འཕེལ་རྒྱས་ཤིན་ཏུ་བཟང་། ཟླ7པའི་ཚེས31ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གནམ་གྲུར་བཞུགས་ནས་ལྷ་སར་ཕྱགས་ཕེབས་གནང་ནས་བརྟག་ཞིབ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་རེད།   
    བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། བོད་ལྗོངས་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཏིན་ཡེ་ཞན་སོགས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གོང་དཀར་གནམ་ཐང་དུ་ཕེབས་བསུ་གནང་བ་མ་ཟད། ཕྱག་འཇུ་གནང་ནས་གུས་འདུད་ཞུས་པ་དང་ཕན་ཚུན་ལ་མཇལ་དར་ཕུལ།

               
     འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྣམ་གཉིས་ཀྱིས་ཕན་ཚུན་ལ་མཇལ་དར་ཕུལ་ནས་འཚམས་འདྲི་གནང་བའི་ཚུལ་རེད།
     དེ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རླངས་འཁོར་ལ་བཞུགས་ནས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་པཎ་ཆེན་བཞུགས་ཤག་རྡོ་རྗེ་ཕོ་བྲང་དུ་ཕེབས། ཆར་པ་ཟམ་ཟིམ་འབབ་པའི་ལྷ་ས་གྲོང་ཁྱེར་དུ་བསིལ་རླུང་དལ་གྱིས་ལྡང་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་ཀྱིས་དེ་གར་ཕེབས་བསུ་གནང་བ་རེད། ལྷ་སའི་དགོན་སྡེ་ཆེ་གྲས་ཁག་གི་གྲྭ་དམངས་ཀྱི་འཐུས་མི་དང་ལག་ཏུ་དྲི་མེད་ལྷ་དར་བཏེགས་པའི་ལྷ་སའི་དད་ལྡན་མང་ཚོགས་ཀྱི་འཐུས་མིས་ཆར་བ་ཟམ་ཟིམ་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད།

              
                 འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སེར་སྐྱ་དད་ལྡན་མང་ཚོགས་རྣམས་ལ་གུས་ལན་ཞུ་པའི་ཚུལ་རེད།


               
            འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ནས་འབྲུ་སྔོན་མོ་གཏོར་ནས་ལོ་ལེགས་འབྱུང་བར་སྨོན་ལམ་འདེབས་པའི་ཚུལ་རེད།


               
                           སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་ལག་ཏུ་དྲི་མེད་ལྷ་དར་བཏེགས་པའི་ཚུལ་རེད།
                             ཞེས་རོང་ཆེན་ལྷ་རྒྱ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-23 17:42 , Processed in 0.018165 second(s), 16 queries .

返回顶部