日志

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ ...

已有 148 次阅读2020-8-6 08:10 |系统分类:见闻


 ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ཞུས་ནས་འཛམ་
       གླིང་ཞི་བདེ། རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བའི་སྐྱབས་འཇུག་ཞུས་པ།
            ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀླུ་འབུམ་ཚེ་རིང་གིས་བསྒྱུར། 

微信图片_20200805083029.jpg

                   ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་བཞེས་སྐབས་ཀྱི་སྐུ་འདྲ། 


    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན་གྱི་ཞོགས་པར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། 

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་

ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་དུ་ཕེབས་ནས་ཕྱག་

མཆོད་དང་ཞལ་འདོན་གནང་བ་དང་།   འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་དར་རྒྱས་མི་དམངས་བདེ་སྐྱིད་ཡོང་བའི་སྐྱབས་

འཇུག་ཞུས་པ་རེད། 


微信图片_20200805083035.jpg

                པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་

                  བཅུ་གཉིས་བཞེས་པའི་སྐུ་འདྲར་མཆོད་མཇལ་གནང་བཞིན་པ། 


微信图片_20200805083042.jpg

                  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་

                    བཅུ་གཉིས་ལ་བཞེས་པའི་སྐུ་འདྲར་མཇལ་ཕྱག་འབུལ་བཞིན་པ། 

 

      གཙུག་ལག་ཁང་གི་བསང་དུད་ལང་ལོང་དུ་འཕྱུར་བ་དང་མཆོད་མེའི་འོད་སྣང་རབ་ཏུ་འཕྲོ། གཙུག་ལག་ཁང་གི་དགེ་

འདུན་པ་ཚོས་ཆོས་ལུགས་ཀྱི་ཆོ་ག་ལྟར་བ་དན་གྱི་རྒྱལ་མཚན་མཐོན་པོར་སྒྲེང་བ་དང་ལག་ཏུ་བོད་སྤོས་བཟུང་ནས། བོད་བརྒྱུད་

ནང་བསྟན་གྱི་ཆེས་མཐོ་བའི་ཆོས་ལུགས་ཀྱི་ཆོ་ག་ལྟར་གཙུག་ལག་ཁང་གི་སྒོ་མདུན་གཉིས་སུ་གྲལ་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་

བཅུ་གཅིག་པ་མཆོག་ཕེབས་པར་བསུ་མ་ཞུས། 


            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲར་མཇལ་ནས་འབྲུ་རིགས་

                       སྣ་ལྔའི་ལོ་ལེགས་འབྱུང་བར་སྐྱབས་འཇུག་ཞུ་བཞིན་པ། 


     ཆོས་ཀྱི་དུང་གི་སྒྲ་དབྱངས་གྲགས་པ་དང་བསྟུན་དགེ་འདུན་པ་དག་གི་སྣེ་ཁྲིད་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་

གིས་གཙུག་ལག་ཁང་གི་འདུ་ཁང་གཙོར་མཛད་པའི་དགའ་ལྡན་ལྷ་ཁང་དང་།  སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལྷ་ཁང་། 

ཤཱཀྱ་མུ་ནེ་ལྷ་ཁང་བཅས་སུ་མཆོད་མཇལ་ཞུས་ཏེ། སྨོན་ལམ་དང་ཞལ་འདོན་གནང་བཞིན་སྐུ་འདྲར་སྙན་དར་ཕུལ། 


微信图片_20200805083052.jpg

                     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲའི་

                       མདུན་དུ་དགེ་འདུན་རྣམས་ཀྱི་སྣེ་ཁྲིད་དེ་ཆོས་གསུང་བཞིན་པ། 


微信图片_20200805083056.jpg

               པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙུག་ལག་ཁང་གི་དགེ་འདུན་པའི་

                    འགྲོ་རོགས་འོག་དགོན་པའི་ལྡེབས་རིས་ལ་གཟིགས་བཞིན་པ།  


     ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོས་བོད་གངས་ཅན་གྱི་ལྗོངས་སུ་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཅན་གྱི་སྐུ་འདྲ་

གདན་དྲངས་བའི་སྐུ་མདུན་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ལྷ་སྐུ་ལ་གསེར་

ཕྱེ་བྱུགས་པ་དང་། ཕྱག་འཚལ་ཞིང་སྙན་དར་ཕུལ། དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཆོས་ཁྲི་ལ་བཞུགས་ནས་སངས་

རྒྱས་ཀྱི་སྐུ་འདྲར་གདོང་ཕྱོགས་ཏེ། ཁྲི་བའི་ཕེབས་རོགས་འོག་དགེ་འདུན་པའི་སྣེ་ཁྲིད་དེ་ཞལ་འདོན་གནང་ནས་འཛམ་གླིང་ཞི་བདེ་

དང་། རྒྱལ་ཁབ་དར་རྒྱས། མི་དམངས་བདེ་སྐྱིད། དགག་དང་བར་ཆད་སེལ་བ་བཅས་ཀྱི་སྐྱབས་འཇུག་ཞུས་པ་མ་ཟད། ཚོགས་གྲོལ་

རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་གནང་བ་དང་འབྲེལ་གསོལ་མཆོད་

དང་ཞལ་ཟས་ཀྱང་གནང་བ་རེད། 


微信图片_20200805083059.jpg

微信图片_20200805083103.jpg

              གཙུག་ལག་ཁང་གི་དགེ་འདུན་པས་ཞལ་འདོན་གསོལ་འདེབས་གནང་བཞིན་པ། 

                  ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 1

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-26 17:18 , Processed in 0.025105 second(s), 16 queries .

返回顶部