日志

༄༅།།ཆོས་ལུགས་འཆམ་མཐུན། གྲུབ་མཐའ་གསུམ་འཆམ ...

热度 1已有 128 次阅读2020-6-21 15:56 |系统分类:见闻


                      ༄༅།།ཆོས་ལུགས་འཆམ་མཐུན། གྲུབ་མཐའ་གསུམ་འཆམ་མཐུན་མཉམ་གནས་ཀྱི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།
                                ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                 
                                                                              སྐུ་འབུམ་མཐོང་གྲོལ་ཆེན་མོ།

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་གཉིས་ཀྱིས་1418ལོར་གསར་དུ་བཞེངས་པ་དང་། དེ་ནི་བོད་ལྗོངས་སུ་ས་སྐྱ་དང་། དགེ་ལུགས། བོ་དོང་ལུགས་བཅས་གྲུབ་མཐའ་གསུམ་ཚུད་པའི་དགོན་པ་གཅིག་པུ་དེ་རེད། གྲུབ་མཐའ་སོ་སོར་རང་རང་གི་གྲྭ་ཚང་ཡོད། དགོན་པའི་འགྲམ་དུ་མཆོད་རྟེན་དཀར་པོ་ཞིག་ཡོད་ལ། དེའང་མཆོད་རྟེན་དང་དགོན་པ་གཉིས་ཀ་ཟུང་དུ་འབྲེལ་བའི་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དཔེ་མཚོན་ཅན་ཞིག་སྟེ།  འཛམ་གླིང་གནའ་བོའི་མཆོད་རྟེན་བཟོ་སྐྲུན་སྒྱུ་རྩལ་གྱི་གཅེས་ནོར་ཞིག་རེད་ཅེས་བརྗོད་ཆོག་ལ། དེས་དུས་རབས་13པའི་དུས་མཇུག་ནས་དུས་རབས་15པའི་དུས་དཀྱིལ་བར་གྱི་གཙང་ཁུལ་དགོན་སྡེའི་བཟོ་སྐྲུན་གྱི་དཔེ་མཚོན་རྣམ་པ་ཅན་ལེགས་པར་མཚོན་ཡོད།


དཔལ་འཁོར་ཆོས་སྡེའི་ཚོགས་ཆེན་འདུ་ཁང་།


དཔལ་འཁོར་ཆོས་སྡེའི་ཟུར་ཞིག


དཔལ་འཁོར་ཆོས་སྡེའི་ཟུར་ཞིག


     ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འཁོར་ཆོས་སྡེ་ལ་“སྐུ་འབུམ་མཐོང་གྲོལ་ཆེན་མོ”ཞེས་ཀྱང་འབོད། མཆོད་རྟེན་ལ་ཁྱོན་བསྡོམས་བང་རིམ་དགུ་ཡོད། མཐོ་ཚད་སྨི་42.2ཟིན་པ་དང་ལྷ་ཁང་77དང་སྒོ་108ཡོད། འཛུགས་སྐྲུན་གྱི་གྲུབ་ཆའི་ཐད་ནས་བལྟས་ན། དཀྱིལ་ནི་མཆོད་རྟེན་གྱི་གཞུང་དང་།  མཐའ་འཁོར་དུ་སྐོར་ལམ་རིམ་པ་རེ་རེས་བསྐོར་ཅིང་། མུ་འབྲེལ་གྱི་ལྷ་ཁང་སོ་སོ་བར་ཆོད་པ་དང་། འོག་ནས་གོང་བར་དུ་ལྷ་ཁང་གི་རྒྱ་ཁྱོན་རིམ་བཞིན་ཇེ་ཆུང་དུ་སོང་ནས་མཐར་ཐད་ཀར་མཆོད་རྟེན་གྱི་རྩེ་མོར་སླེབས་ཐུབ། བང་རིམ་ལྔ་པའི་མན་ཆད་ནི་ངོས་བཞི་ཟུར་བརྒྱད་ཡིན་ལ། བང་རིམ་དྲུག་པ་ཡན་ཆད་ནི་སྒོར་དབྱིབས་རེད། དེ་མ་ཟད་དཔལ་འཁོར་ཆོས་སྡེའི་ནང་དུ་ད་དུང་སྐུ་བརྙན་དང་ལྡེབས་རིས། ཆོས་དཔེ་སོགས་རྩ་ཆེའི་རིག་དངོས་ཆིག་ཁྲི་ལྷག་ཡོད། རིག་དངོས་འདི་དག་གི་བརྗོད་དོན་ཟབ་ཅིང་ཕུན་སུམ་ཚོགས་པ་དང་རྣམ་པ་ཡིད་དུ་འོང་བས། དུས་རབས་13པ་ནས་15པའི་བར་གྱི་བོད་ལྗོངས་ཀྱི་ནང་བསྟན་སྒྱུ་རྩལ་གྱི་རི་མོའི་བྲི་ལུགས་ལ་ཞིབ་འཇུག་བྱེད་པའི་མཚོན་བྱེད་བརྩམས་ཆོས་ལྟ་བུར་གྱུར་ཡོད། 1962ལོར་དཔལ་འཁོར་ཆོས་སྡེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་བཅུག་པ་དང་། 1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས།
     དཔལ་འཁོར་ཆོས་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དཔལ་ལྡན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “དགོན་པ་གསར་དུ་བཞེངས་པ་ནས་བཟུང་གྲུབ་མཐའ་གསུམ་ཡོད། ད་ལྟའི་བར་གྱི་ལོ་ངོ་
600ལྷག་གི་ལོ་རྒྱུས་ཁྲོད་དུ། དཔལ་འཁོར་ཆོས་སྡེ་དགོན་པའི་ནང་དུ་ཆོས་ལུགས་ཀྱི་རྩོད་གླེང་གཏན་ནས་བྱུང་མ་མྱོང་། གྲུབ་མཐའ་གསུམ་པོས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བཟོད་སྒོམ། མཉམ་གནས་བཅས་བྱས་པ་དང་། དགོན་པའི་དགེ་འདུན་པ་རྣམས་ཕན་ཚུན་འཆམ་མཐུན་དང་། རྒྱལ་གཅེས་ཆོས་གཅེས། བློ་གཅིག་སེམས་གཅིག་གིས་དགེ་བའི་ལས་ལ་གཞོལ་ཞིང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྲུང་དམངས་ཕན། སྲོལ་བཟང་དར་སྤེལ་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་འཆམ་མཐུན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།”ཅེས་བཤད།


དཔའ་འཁོར་ཆོས་སྡེའི་བྱ་དགའི་རྟགས་མ།

     དགོན་པའི་དོ་དམ་ཚོགས་པ་བཙུགས་པ་ནས་བཟུང་། དཔལ་འཁོར་ཆོས་སྡེས་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་པའི་ཐད་ལ་གྲུབ་འབྲས་མི་དམན་པ་ཐོབ་པས། སྔ་རྗེས་སུ་བྱ་དགའ་རིགས་སྣ་ཚོགས་ཐེངས་12ལ་ཐོབ་པ་རེད། 

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་དྲ་བ་ལས་བཏུས་སོ།


发表评论 评论 (2 个评论)

回复 久美多吉 2020-6-30 20:23
བཀླགས་ཚར།  
回复 ljh8520035 2020-7-1 08:20
久美多吉 2020-6-30 20:23
བཀླགས་ཚར།  

ok

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-10-21 02:10 , Processed in 0.025365 second(s), 17 queries .

返回顶部