日志

༄༅།།དབུལ་པོ་རིག་གནས་ཀྱིས་སྐྱོར། དབུལ་ཕོང ...

热度 1已有 175 次阅读2020-6-21 09:55 |系统分类:见闻


                 ༄༅།།དབུལ་པོ་རིག་གནས་ཀྱིས་སྐྱོར། དབུལ་ཕོངས་ལག་རྩལ་གྱིས་བསལ།
                        ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

ed5ee8c60e8903a11831(5458640)-20200619101347_副本.jpg

                        ལག་རྩལ་ཕྱོགས་ཞེན་མེད་པར་ཁྲིད་པ།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གནས་ཀུན་སྒྱུ་རྩལ་གྱིས་ཕྱུག་ཅིང་མི་ཀུན་བཟོ་བོ་རུ་སྣང་བ་ནི་ཐུན་རིན་རྫོང་གི་ཚབ་ཚིག་

ཡིན་ཞེས་བརྗོད་ཆོག་སྟེ། ག་ས་གང་དུ་སྒྱུ་རྩལ་གླིང་ག་དང་ལྷ་བཟོ་ཡིས་ཁེངས་པས། རེབ་གོང་སྒྱུ་རྩལ་གྱི་རིག་གནས་རྫོང་མཐུག་ཅིང་

རྒྱུན་འཛིན་གྱི་རྒྱུན་རིང་སྟེ།ཉེ་བའི་ལོ་འདི་དག་གི་རིང་ལ། སྒྱུ་རྩལ་གླིང་ག་དེ་དག་གིས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་ཤུགས་

ཆེན་པོའི་དྲིལ་སྒྲོག  ཁོད་ཡངས་པའི་གར་སྟེགས་ཆེར་བསྐྲུན་པ་བཅས་བརྒྱུད་ནས་ཐུན་རིན་རྫོང་གི་ཁེ་ལས་རུ་འདྲེན་གྱི་སྣེ་ཁྲིད་ནུས་པ་

བཏོན་ཏེ། ས་གནས་མང་ཚོགས་རྣམས་རང་སའི་རིག་གནས་ལ་བརྟེན་ཏེ་དབུལ་ཐར་དང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དུ་འཇུག་ཆེད།

 རིགས་ལ་དབྱེ་བ་མེད་པར་ཐང་ག་འབྲི་སྦྱོང་དང་དབུལ་ཕོངས་སློབ་མར་རིན་མེད་སྒོས་ལག་རྩལ་འཁྲིད་པ། དབུལ་ཕོངས་མང་ཚོགས་ལ

་མཁོ་དངོས་ཅི་རིགས་སྦྱིན་པ་སོགས་ཀྱི་རོགས་སྐྱོར་མང་དུ་བྱས་ནས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་སྐོར་གྱི་

དགོངས་པ་གལ་ཆེན་ལག་ལེན་དུ་བསྟར་དང་བསྟར་མུས་སུ་ཡོད་པ་དང་། སྒྱུ་རྩལ་གླིང་ག་དེ་དག་ནི་ཐུན་རིན་རྫོང་གི་དབུལ་ཕོངས་མང་

ཚོགས་ལ་མཚོན་ན་ལས་ཞུགས་ཀྱི་དཀའ་ངལ་ཐག་གཅོད་དང་མ་འོངས་པའི་འཚོ་གནས་ལམ་ཕྱོགས་ལེགས་སྒྱུར་ལ་འབད་སའི་སྟེགས་བུ་

ཞིག་ཏུའང་གྲུབ་ཡོད། །


                      སྐལ་བཟང་རྒྱ་མཚོས་སློབ་མར་ཐང་ག་འབྲི་ཚུལ་ཁྲིད་བཞིན་པ།


9fe33ec2c6a002a5ab6a(5458644)-20200619101357_副本.jpg

                          རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་འགྲེམ་སྟོན་ཁང་།


5a6ca29d12372c2a4957(5458642)-20200619101352_副本.jpg

             རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་སློབ་མ་རྣམས་ཀྱིས་ཐང་ག་འབྲི་སྦྱོང་བྱེད་བཞིན་པ།


WeChat 圖片_2020061609(5458634)-20200619101331_副本.jpg

                  བསྟོད་པའི་མཐེ་བོང་བྱམས་སེམས་ཅན་ལ་བསྒྲེངས།


WeChat 圖片_2020061608(5458638)-20200619101324_副本.jpg

                        སྦྱིན་པའི་ཕྱག་ཟུང་དབུལ་ཕོངས་ཁྱིམ་དུ་བརྐྱངས།  

                 ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།  


 

发表评论 评论 (2 个评论)

回复 久美多吉 2020-7-12 16:45
བཀླགས་ཚར།  
回复 ljh8520035 2020-7-14 08:30
ok

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-23 17:29 , Processed in 0.019287 second(s), 17 queries .

返回顶部