日志

༄༅།།མདོ་ལ་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་ ...

热度 1已有 195 次阅读2020-1-10 19:17 |系统分类:见闻


                  ༄༅།།མདོ་ལ་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱས་པ།
                       ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རིག་གྲོལ། 

               
     ལོ་ངོ་འདི་དག་གི་རིང་། མདོ་ལ་རྫོང་གིས“མཛེས་སྡུག་མདོ་ལ་བདེ་སྐྱིད་མདོ་ལ”འཛུགས་སྐྲུན་བྱ་རྒྱུ་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བཟུང་སྟེ། “སྣོད་བཅུད་ལ་བརྟེན་ནས་རྫོང་འཛུགས་པ་དང་ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བའི”འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཤིང་། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ། ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་། འགོ་འཛུགས་ས་མཐོ་པོའི་སྒོ་ནས་འཆར་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་བྱས་ཏེ། “རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང”དང“5Aརིམ་པའི་མཛེས་ལྗོངས་ཁུལ”འཛུགས་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ། ཡུལ་སྐོར་ལས་རིགས་སྣེ་འདྲེན་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་པ་དང་། “གནས་མཆོག་མདོ་ལ། ཤར་ཕྱོགས་སུའེ་ཙེར”ཞེས་པའི་ཡུལ་སྐོར་སྤུས་རྟགས་མཚོ་སྔོན་ནས་འཛམ་གླིང་ལ་ཁ་ཕྱོགས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་གསེར་གྱི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།

                
      2019ལོར། མདོ་ལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དང་བྱ་གཞག་ཁག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། 2000ལོའི་གོང་དུ་ཡུལ་སྐོར་གྱི་ཐ་སྙད་དེ་མདོ་ལ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཀླད་པའི་ནང་ཧ་ལམ་སྟོང་ཆ་ཞིག་ཡིན་པ་དང་། མདོ་ལ་རིང་མོའི་ཡུལ་སྐོར་དེ་སྔའི་ཡུལ་སྐོར་ཁྲོམ་རའི་ཁྲོད་ཀྱི་མིང་མེད་རིགས་གཅིག་ནས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས། ལེགས་པ་ནས་ཕུལ་བྱུང་བར་རིམ་པ་བཞིན་མཆོང་སྐྱོད་དང་མདུན་སྐྱོད་བྱེད་པ་བཅས་ཀྱི་ཐོག་ནས་ལོ་མང་འཕེལ་རྒྱས་མྱུར་པོ་བྱུང་བ་བརྒྱུད། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོའི་གཏོད་པའི་མིང་གཞུང་ནང་ཚུད་པ་དང་ཡུལ་སྐོར་ལས་རིགས་དེ་ལྗང་མདོག་གི“GDP”དེས། མདོ་ལ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་བདེ་སྐྱིད་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་རེད། 

                
      མདོ་ལ་རྫོང་གིས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་ཞིང་། སྤུས་ལེགས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་འགྲོ་བར་ཤུགས་བསྣན། “རྒྱལ་སྤྱིའི་འཕུར་སྐྱོད་དུས་ཆེན”དངམཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་མདོ་ལའི་ལམ་དུམ་འགྲན་སྡུར། རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་རིག་གནས་ཡུལ་སྐོར་དུས་ཆེན། དབྱི་སི་ལམ་གྱི་ཟས་མཆོག་རིག་གནས་འོས་སྦྱོར་ཚོགས་འདུ་དང་། “ཀྲུང་གོའི་སྙན་ངག་ལེ་དབར་ཁྲིར་སྐྱོད་པ་དང་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་སྙན་ངག་སྒྱུ་རྩལ་དུས་ཆེན”“རོལ་དབྱངས་མཚན་ཚོགས”སོགས་དུས་ཆེན་གལ་ཆེན་དང་མང་ཚོགས་ཀྱི་རིག་རྩལ་བྱེད་སྒོ་གཉེར་བ་རེད། 2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི230ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས15%འཕར་ཡོད། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ལས་ཞུགས་མི་སྣ་ཁྲི1.18ཟིན་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི21%བཟུང་ཡོད།སྣེ་ལེན་གྱི་གཞི་ཁྱོན་ངེས་ཅན་ལྡན་པའི་མགྲོན་ཁང131ཟིན་པ་དང་སྣེ་ལེན་ཉལ་ཁྲི་ཁྲི1.6ལས་བརྒལ་ཡོད་པ་རེད། 2018ལོར་རྫོང་ཡོངས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར10ལས་བརྒལ་བ་དེ་དུས་མཚུངས་ལས37.5%འཕར་ཡོད། མི་རེའི་ཆ་སྙོམས་འཛད་སྤྱོད་སྒོར435ཟིན་ཡོད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

 


发表评论 评论 (2 个评论)

回复 丹正嘉的blog 2020-1-13 16:10
མདོ་ལ་རྫོང་གིས“མཛེས་སྡུག་མདོ་ལ་བདེ་སྐྱིད་མདོ་ལ”འཛུགས་སྐྲུན་བྱ་རྒྱུ་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བཟུང
回复 ljh8520035 2020-1-14 08:49
丹正嘉的blog 2020-1-13 16:10
མདོ་ལ་རྫོང་གིས“མཛེས་སྡུག་མདོ་ལ་བདེ་སྐྱིད་མདོ་ལ”འཛུགས་སྐྲུན་བྱ་རྒྱུ་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བཟུང་།

རྒན་རྟ་མགྲིན་རྒྱལ་ལགས་ལ་ཐུགས་རྗེ་ཆེ་ཞུའོ།     

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-10-2 00:50 , Processed in 0.020543 second(s), 17 queries .

返回顶部