日志

༄༅།།མཚོ་སྔོན་གྱི་ས་ཁུལ་མང་པོས་སྔ་ཕྱིར་དྲ ...

已有 124 次阅读2019-10-11 15:16 |系统分类:见闻


                                   ༄༅།།མཚོ་སྔོན་གྱི་ས་ཁུལ་མང་པོས་སྔ་ཕྱིར་དྲོད་རླངས་གཏོང་འགོ་བརྩམས།
                         ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། ལྷ་དཔལ་སྐྱབས། རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

                    

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་གྱི་མཁར་གྲོང་ས་ཁུལ་དག་ལ་དགུན་དུས་སུ་དྲོད་རླངས་མཁོ་འདོན་བྱེད་པའི་དངོས་ཡོད་ལ་ཁ་གཏད་དེ། རང་ཞིང་གིས་སྔ་མོ་ནས་བཀོད་སྒྲིག་གང་ལེགས་བྱས་ཏེ་སྔ་གཞུག་ཏུ་ཞིབ་འཇུག་རབས་དང་རིམ་པ་བྱས་པ་བརྒྱུད་མཁར་གྲོང་རང་བྱུང་སོལ་རླངས་ཀྱི་དྲོད་སྲུང་མཁོ་འདོན་བྱས་ཏེ། མཁར་གྲོང་གི་དྲོད་རླངས་ཀྱིས་དགུན་ཁའི་གྲང་ངར་འགོག་པ་དང་ད་ལོའི་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་བྱ་བར་འགན་སྲུང་བྱེད་པའི་བརྡ་སྦྱོར་སོགས་ལེགས་པོར་སྤེལ། ས་གནས་སོ་སོའི་རླངས་དབུགས་དངོས་འབེབས་ལག་བསྟར་གྱིས་དྲོད་ནུས་མཁོ་འདོན་ལས་རིགས་ཐད་ལ་ལྟ་སྐུལ་བདག་དོམ་འགན་འཁྲི་ལེགས་པོར་སྤེལ། རང་བྱུང་སོལ་རླངས་ཀྱི་དགོས་མཁོའི་མཁོ་འདོན་ཐད་ལ་འགན་སྲུང་ཐུབ་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་དགོས་མཁོ་ལྟར་མཁོ་སྤྲོད་བྱེད་པའི་རྩ་དོན་གིར་བཟུང་སྟེ། ལོ་དེའི་འཛད་སྤྱོད་པ་གསར་བའི་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འབེབས་བྱས་པ་དང་། རྒྱུ་སྤུས་ལ་འགན་བཅོལ་དང་བདེ་འཇགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་རང་བྱུང་སོལ་རླངས་ཀྱི་འཛད་སྤྱོད་པ་གསར་བ་དག་གིས་རླངས་དབུགས་མཐུད་སྦྲེལ་བྱ་བ་སོགས་ཀྱང་ལེགས་པོར་སྒྲུབ། ད་ལྟ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་མཁར་གྲོང་གཙོ་བོ་དག་གིས་དུས་ལྟར་དྲོད་རླངས་མཁོ་འདོན་ཐུབ་པའི་རེ་འདུན་བླང་བྱ་ལྟར་དྲོད་རླངས་མཁོ་འདོན་བྱ་བར་གྲ་སྒྲིག་བྱེད་བཞིན་ཡོད། མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དང་་མཚོ་སྐོར་ས་ཁུལ་གྱི་མཁར་གྲོང་དག་ལ་དྲོད་རླངས་མཁོ་འདོན་བྱེད་པ་སྔ་མོ་ནས་ལག་བསྟར་བྱས་ཟིན་པ་རེད།

      དྲོད་རླངས་མཁོ་སྤྲོད་ཐད་ཀྱི་བདེ་འཇགས་ལ་འགན་སྲུང་བ་ཆེད། ས་ཁུལ་སོ་སོའི་དྲོད་རླངས་མཁོ་སྤྲོད་ལྟ་སྐུལ་ལས་ཁུངས་དག་གིས་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ཐད་ཀྱི་གནད་དོན་འབུར་ཐོན་དང་དྲོད་རླངས་འཛད་སྤྱོད་པའི་རེ་འདུན་ཞུ་སྦྱོར་གཙོ་གནད་དུ་བཟུང་སྟེ། མཁར་གྲོང་གི་དྲོད་རླངས་མཁོ་སྤྲོད་བྱ་བའི་ཚ་ནུས་ཐོན་ཁུངས་དང་ཚ་ནུས་ས་ཚིགས། འདྲེན་སྦུག་སྒྲིག་ཆས་ལ་ཞིག་གསོ་བྱེད་པ། བདེ་འཇགས་འགན་སྲུང་གི་གནས་ཚུལ། གཞིས་སྡོད་ས་ཁུལ་ཆུང་བ་དང་ཐོག་ཁང་རྙིང་བའི་ནང་དུ་དྲོད་རླངས་མཁོ་འདོན་བྱེད་པའི་གནས་ཚུལ། དེ་མིན་འཛད་སྤྱོད་པའི་རེ་འདུན་རེ་ཞུ། དྲ་རྒྱའི་སྟེང་གི་གླེང་ཕྱོགས་འདྲ་མིན་སོགས་བརྒྱུད་དེ། དྲོད་རླངས་མཁོ་སྤྲོད་སྐབས་ཀྱི་གནས་ཚུལ་ལ་རེ་རེ་བཞིན་རྩད་གཅོད་ནན་མོ་བྱས་ཡོད་ལ། དྲོད་རླངས་མཁོ་འདོན་བྱེད་པའི་ཁེ་ལས་དག་གིས་ཁྱོན་ཡོངས་ནས་དྲོད་རླངས་མཁོ་འདོན་གྱི་འགན་འཁྲི་གཙོ་བོ་དང་ལེན་བྱས་ཤིང་། ཏན་ཏིག་སྒོས་དྲོད་རླངས་ནུས་ཁུངས་ཀྱི་གསོག་འཇོག་དང་དྲོད་རླངས་མཁོ་འདོན་གྱི་བདེ་འཇགས་ཐོན་སྐྱེད། སྐབས་བསྟུན་གྲ་སྒྲིག ཞབས་ཕྱི་སོགས་རིགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ། ཐེངས་རྗེས་མར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་བྱ་བའི་དགོས་མཁོ་ལག་བསྟར་དངོས་འབེབས་གསལ་བོ་བྱས་ཤིང་། སྡེ་ཁག་དག་གི་འབྲེལ་འདྲིས་ལ་ཤུགས་སྣོན་དང་གནས་བབ་ལ་བརྡར་ཤ་གཅོད་པ། ལས་རིགས་ལག་བསྟར་གྱི་ལྟ་སྐུལ་བདག་དོམ་ལག་བསྟར་བྱེད་པ། བྱ་བའི་བྱེད་ཐབས་ཞིབ་ཚགས་ཅན་ཏུ་གཏོང་བ། དུས་ལྟར་མང་ཚོགས་ཀྱིས་རེ་ཞུ་ཕུལ་བའི་དྲོད་རླངས་མཁོ་སྤྲོད་ཐད་ལ་ཕྱིར་ལན་ལྡོག་པ། ད་ལོའི་དགུན་དཔྱིད་གཉིས་ཀྱི་དྲོད་རླངས་མཁོ་སྤྲོད་ལ་འགན་སྲུང་དང་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་བྱ་བ་ལེགས་པོར་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ལ་དྲོད་རླངས་མཁོ་སྤྲོད་དང་སོལ་རླངས་བདེ་འཇགས་སྲ་བརྟན་སྒོས་བེད་སྤྱོད་བྱ་རྒྱུར་སྣེ་ཁྲིད་བྱས།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-27 22:17 , Processed in 0.021970 second(s), 16 queries .

返回顶部