日志

༄༅།།ད་ལོར་མཚོ་སྔོན་གྱིས་མི་གྲངས་འབུམ་གཅི ...

已有 155 次阅读2017-4-7 09:51 |系统分类:娱乐


            ༄༅།།ད་ལོར་མཚོ་སྔོན་གྱིས་མི་གྲངས་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་བརྒྱད་བརྒྱ་ལ་རྩལ་ནུས་ཟབ་སྦྱོང་བྱེད་རྒྱུ་རེད།

                                     ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།


                                                      

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ངལ་རྩོལ་ནུས་ཤུགས་ཐད་ཀྱི་རྩལ་ནུས་ཟབ་སྦྱོང་བྱ་བའི་སྤྱིའི་འགན་འཁྲི་དང་འཆར་འགོད་སྒྲིག་གཞི། ཟབ་སྦྱོང་བྱེད་པའི་གནད་ས་གཙོ་བོ་སོགས་ཁྱབ་སྒྲོག་བྱས་ཟིན།

      ཤེས་གསལ་བྱུང་བ་ལྟར་ན། ད་ལོ། མཚོ་སྔོན་ཞིང་ཆེན་གྱིས་གཙོ་བོ་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་དང་། ཁེ་ལས་ཀྱི་ཐོན་ནུས་འདོར་སྒྱུར་གྱི་ལས་གནས་བསྒྱུར་བའི་ལས་བྱེད་མི་སྣ། ལས་ཞུགས་མ་བྱས་པའི་སློབ་ཆེན་སློབ་མ། བོད་ཁུལ་གྱི་ལས་ཞུགས་མ་བྱས་པའི་ངལ་རྩོལ་ནུས་ཤུགས་དང་མཁར་གྲོང་གི་རོང་འབྲོག་མང་ཚོགས་སོགས་ལ་ཁ་གཏད་དེ། འབྲེལ་ཡོད་ཀྱི་ཆ་རྐྱེན་འཐུས་ཚང་ཡིན་པ་དང་ཟབ་སྦྱོང་ལ་ཞུགས་འདོད་ཡོད་པའི་ངལ་རྩོལ་ནུས་ཤུགས་ཡོད་ཚད་མཁར་གྲོང་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཟབ་སྦྱོང་བྱེད་པའི་གྲས་སུ་བཞག་ནས། ལས་གཞི་གལ་ཆེན་བཞི་དང་གནད་གལ་ཆེན་བཅུ་ཡི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཟབ་སྦྱོང་བྱེད་པ་ལག་བསྟར་བྱས་ནས། རོང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ལག་རྩལ་དང་། ལས་ཞུགས་དང་ལས་སྒོ་གསར་སྤེལ་ནུས་པ་མཐོར་འདེགས་སུ་གཏོང་བར་སྐུལ་སྤེལ་བྱས་པ་བརྒྱུད། ལས་ཞུགས་དང་ལས་སྒོ་གསར་སྤེལ། ཐོན་ལས་འཕེལ་རྒྱས་དང་གནད་ཕིགས་དབུལ་སྐྱོར་བཅས་ལ་ཞབས་འདེགས་ཞུ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱིས་ད་ལོར་ཁྱོན་བསྡོམས་མི་གྲངས་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་བརྒྱད་བརྒྱ་ལ་མཁར་གྲོང་ངལ་རྩོལ་ནུས་ཤུགས་ཐད་ཀྱི་རྩལ་ནུས་ཟབ་སྦྱོང་སྤེལ་རྒྱུ་ཡིན་ལ། དེའི་ཁྲོད་དུ་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཐད་མི་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་དྲུག་བརྒྱ་ལ་ཟབ་སྦྱོང་བྱེད་རྒྱུ་ཡིན་པ་དང་། མཁར་གྲོང་གི་ངལ་རྩོལ་ནུས་ཤུགས་ཐད་མི་གྲངས་ཁྲི་གཉིས་དང་སྟོང་བརྒྱད་ཉིས་བརྒྱ་ལ་ཟབ་སྦྱོང་བྱེད་རྒྱུའི་འཆར་འགོད་བཟོས་ཡོད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-25 03:11 , Processed in 0.017411 second(s), 16 queries .

返回顶部