日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཐེངས་ལྔ་བར་ཤང་ ...

已有 135 次阅读2017-4-7 09:46 |系统分类:娱乐


                ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཐེངས་ལྔ་བར་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཚད་གཞི་
                         ཇེ་མཐོར་བཏང་བ་དང་ཚད་གཞི་དེ་རྒྱལ་ཡོངས་ཀྱི་ཨང་བཞི་བར་སླེབས་ཡོད་པ།

                                      ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།

                              

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2017ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དང་རྒན་གསོ་གྲོན་དངུལ་ཚད་གཞི་དེ་ཇེ་མཐོར་བཏང་ནས་མི་རེར་ཟླ་རེར་སྒོར155ལ་སླེབས་པ་དང་། དེ་ནི་སྔར་ཡོད་ཀྱི་ཚད་གཞི་མི་རེར་ཟླ་རེར་སྒོར140སྟེང་སྒོར15ཁ་སྣོན་བྱས་ཡོད།

      ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པར་གཙིགས་སུ་བཟུང་སྟེ། དམངས་འཚོའི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་ཆེད་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་དང་གཞི་རྩའི་རྒན་གསོ་གྲོན་དངུལ་ཚད་གཞི་ལེགས་སྒྲིག་བྱེད་པ་དེ་དམངས་འཚོའི་དོན་དངོས་བཅུའི་གྲས་སུ་བཞག་སྟེ་གཙིགས་འཛིན་བྱས་པ་དང་། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་ཤང་གྲོང་སྡོད་དམངས་ལ་ཐུགས་ཁུར་བྱེད་པ་མངོན་པར་མཚོན་ཡོད།

      དེའི་ཡར་སྔོན་ལ། མཚོ་སྔོན་ཞིང་ཆེན་གྱིས་སོ་སོར2012ལོའི་ཟླ1པོ་དང2014ལོའི་ཟླ1པོ། 2014ལོའི་ཟླ7པ། 2016ལོའི་ཟླ1པོ་བཅས་ལ་རྒན་གསོའི་ཚད་གཞི་ཇེ་མཐོར་གཏོང་བའི་བྱ་བ་བསྒྲུབས་པ་དང་། བསྡོམས་པས་ཚད་གཞི་སྒོར85ཇེ་མཐོར་བཏང་ཡོད། ཐེངས་འདིའི་ཚད་གཞི་ལེགས་སྒྲིག་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐེངས་ལྔ་བར་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་དང་གཞི་རྩའི་རྒན་གསོ་གྲོན་དངུལ་ཚད་གཞི་ཇེ་མཐོར་བཏང་བ་ཡིན་ལ། ཇེ་མཐོར་བཏང་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་དང་གཞི་རྩའི་རྒན་གསོ་གྲོན་དངུལ་ཚད་གཞི་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཞི་རྩའི་རྒན་གསོ་གྲོན་དངུལ་ཚད་གཞི་ལས་སྒོར85ཡིས་མཐོ་བ་དང་རྒྱལ་ཡོངས་ཀྱི་ཨང་བཞི་བར་སླེབས་ཡོད།

      མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་ཚོགས་འགན་སྲུང་ལས་སྒྲུབ་ལས་ཁུངས་ཀྱིས་ལེགས་སྒྲིག་དང་ཁ་གསབ་བྱེད་པའི་བྱ་བར་གྲ་སྒྲིག་བྱས་ཡོད་པ་དང་། མི་འགྱངས་བར་ཁ་སྣོན་བྱས་པའི་གཞི་རྩའི་རྒན་གསོ་གྲོན་དངུལ་དེ་ཁ་གསབ་བྱ་རྒྱུ་རེད།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-25 03:33 , Processed in 0.020676 second(s), 16 queries .

返回顶部