日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཐེངས་ ...

已有 126 次阅读2017-4-5 08:50 |系统分类:娱乐


                        ༄༅།།མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཐེངས་བརྒྱད་ལ་མཁར་གྲོང་སྡོད་དམངས་ཀྱི་
                                 མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་།

                                    ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།


                             

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གཅིག་ཉིན། གསར་འགོད་པས་དམངས་སྲིད་དམངས་ཕན་སྲིད་ཇུས་གསར་འགྱུར་འབྲེལ་གཏུག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་དོན་བཞི་བའི་སྟེང་ཉིས་སྟོང་བཅུ་བདུན་ལོའི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མཐོར་འདེགས་གཏོང་བའི་ཐད་ལ་གྲོས་ཞིབ་བྱས་པ་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་གྱིས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་བཏང་། དེའི་ནང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་དངུལ་དེ་ཟླ་རེར་སྒོར་ལྔ་བཅུ་ཡིས་ཇེ་མཐོར་བཏང་སྟེ་ཟླ་རེར་སྒོར་བཞི་བརྒྱ་ལྔ་བཅུ་རུ་སླེབས་པ་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དངུལ་དེ་ལོ་རེར་སྒོར་སུམ་བརྒྱ་དང་ལྔ་བཅུ་ཡིས་ཇེ་མཐོར་བཏང་སྟེ་ལོ་རེར་སྒོར་སྟོང་གསུམ་དང་སུམ་བརྒྱ་ཉི་ཤུ་རུ་སླེབས། ཐེངས་འདིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཐེངས་བརྒྱད་ལ་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་བ་ཡིན་ལ། ཉེ་བའི་ལོ་འགའི་རིང་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་ཚད་ཆེས་མཐོ་བའི་ཐེངས་ཤིག་ཀྱང་ཡིན། ཚད་གཞི་ཇེ་མཐོར་བཏང་རྗེས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ནུབ་བྱང་གི་ཞིང་ལྗོངས་ལྔའི་མདུན་གྲལ་དུ་སླེབས་ཡོད།

      མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་ཆ་སོ་སོས་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་འགན་སྲུང་དངུལ་སྟེར་བའི་བྱ་བ་བཟང་བོར་སྒྲུབ་ནས་ཟླ་གསུམ་པའི་ཟླ་མཇུག་གི་སྔོན་ལ་ཁྱོན་ཡོངས་ནས་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྲིད་ཇུས་དང་མ་དངུལ་གྱི་ཆད་གསབ་བྱ་བ་དོན་འཁྱོལ་བྱེད་དགོས་པའི་རེ་བ་བཏོན།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-25 03:23 , Processed in 0.018888 second(s), 16 queries .

返回顶部