日志

༄༅།།ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་བུད ...

热度 1已有 466 次阅读2017-3-9 09:24 |系统分类:娱乐


               ༄༅།།ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་བུད་མེད་རྣམས་ལ་དུས་ཆེན་གྱི་འཚམ་འདྲི་དང་སྨོན་འདུན་ཞུས་པ།

                                          ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  

                 

                      

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མིན་ཧི་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་དུ་བརྩེགས་དྲུབ་བུད་མེད་ལས་བཟོ་བར་ལྟ་རུ་སོང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ལ་དུས་ཆེན་གྱི་འཚམ་འདྲི་དང་སྨོན་འདུན་ཡག་པོ་ཞུས།

      ཀོན་ཐིན་གྲོང་རྡལ་སན་ཁྲོན་ཚན་རྩལ་རིག་གནས་ལྟེ་གནས་སུ་ཉེ་འཁོར་གྱི་ཤང་དང་སྡེ་བ་ནས་ཡོང་བའི་ཧོར་རིགས་བུད་མེད་རྣམས་ལ་བརྩེགས་དྲུབ་ནུས་རྩལ་གསོ་སྦྱོང་བྱེད་བཞིན་ཡོད་པ་དང་། ཝང་གོ་ཧྲིན་གསོ་སྦྱོང་རྟེན་གཞི་རུ་སོང་ནས་བརྩེགས་དྲུབ་ཐོན་རྫས་ལ་ལྟ་བ་དང་བརྩེགས་དྲུབ་ལག་རྩལ་ལ་འདྲི་རྩད་བྱས་ཏེ་བྱམས་བརྩེའི་ངང་ཁ་བརྡ་བྱས། ལ་ཅ་སྡེ་བ་ནས་ཡོང་བའི་ལིས་ཞང་ཅིན་གྱིས་ཝང་གོ་ཧྲིན་ཧྲུའུ་ཅི་ལ་བཤད་རྒྱུར། བརྩེགས་དྲུབ་བྱེད་པར་རང་ཉིད་དགའ་བོ་ཡོད་པ་དང་། རྒན་པ་དང་བྱིས་པར་གཉོར་སྐྱོང་བྱེད་ཐུབ་པ་མ་ཟད་ད་རུང་ལོ་གཅིག་གི་ནང་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་བཙལ་ཐུབ་ཟེར། ཝང་གོ་ཧྲིན་གྱིས་བཤད་རྒྱུར། བརྩེགས་དྲུབ་ནི་མི་རིགས་རིག་གནས་ཀྱི་སྒྱུ་རྩལ་ཞིག་ཡིན་ལ་ཕྱུག་བསྒྱུར་གྱི་ཐོན་ལས་ཤིག་ཀྱང་ཡིན་པས། ཧོར་རིགས་བརྩེགས་དྲུབ་མཐུན་ཚོགས་ཀྱིས་ཚང་མ་རྩ་འཛུགས་བྱས་ཏེ་ནུས་རྩལ་སློབ་སྦྱོང་དང་ལག་རྩལ་སློབ་ཁྲིད་བྱས་ནས་ཞིང་སྡེའི་བུད་མེད་རྣམས་ལ་ཡོང་སྒོ་སྐྲུན་པ་དང་ཕྱུག་བསྒྱུར་བྱེད་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད་ཟེར། ཁོས་བཤད་རྒྱུར། རིག་གནས་ཡོད་ན་མདུན་ལམ་ལྡན། ཚང་མས་སློབ་སྦྱོང་ལ་ཤུགས་བསྣན་ཏེ་ཧུར་བརྩོན་གྱིས་རིག་གནས་དང་ནུས་རྩལ་ལྡན་པར་བྱས་ནས། མུ་མཐུད་དུ་རང་སྟེང་གི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ཞིང་ལས་མཁོ་འདོན་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྔོན་བསྐྱོད་པ་བཟང་པོ་ཞིག་བྱས་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བའི་འཁོར་སྐྱོད་ལེགས་པོ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། “གསུམ་བརྒྱད”བུད་མེད་དུས་ཆེན་ཐོན་ལ་ཉེ་བས་ཚང་མར་དུས་ཆེན་ལ་དགའ་སྐྱིད་ཡོང་བའི་སྨོན་འདུན་ཞུ་ཟེར།

       ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་བུད་མེད་ལས་དོན་འཕེལ་རྒྱས་ཀྱི་རོགས་སྐྱོར་ལ་མཐོང་ཆེན་བྱེད་པ་དང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་སྐུལ་སློང་དང་མཐུན་སྒྲིལ་གྱིས་རྒྱ་ཆེའི་བུད་མེད་རྣམས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་དང་།  ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་བུད་མེད་རྣམས་ལ་དོན་བཟང་སྒྲུབ་པ་དང་དོན་དངོས་སྒྲུབ་ནས་བུད་མེད་ཀྱིས་ལས་དོན་སྒྲུབ་པ་དང་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱས་ཏེ། རྒྱ་ཆེའི་བུད་མེད་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན།

      ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ལས་རྐང་ལ་གཞི་བཙུགས་ནས་ཧུར་བརྩོན་གྱིས་བྱ་བ་སྒྲུབ་པ་དང་། ཁྱིམ་ཚང་ལེགས་པོར་བསྐྱང་ནས་ཁྱིམ་སྲོལ་ལེགས་པོ་རྒྱུད་འཛིན་དང་བྱིས་པར་སློབ་གསོ་ཡག་པོ་བཏང་ནས་དཔལ་ཡོན་ཁྱིམ་ཚང་གསར་སྐྲུན་བྱེད་པ་དང་། ལས་སྐྲུན་གསར་སྐྲུན་གྱི་དུས་རབས་གསར་བའི་བུད་མེད་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།   ཝང་ཡུས་པའོ་དང་ཡན་ཅིན་ཧའེ་བཅས་འཚམ་འདྲི་ལ་ཕེབས་རོགས་བྱས།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



发表评论 评论 (2 个评论)

回复 pari 2017-3-9 14:16
“天祝藏族自治县举办藏汉双语和谐乡村培训活动”--应该在全县铺开进行双语培训。
回复 ljh8520035 2017-3-10 08:53
pari 2017-3-9 14:16
“天祝藏族自治县举办藏汉双语和谐乡村培训活动”--应该在全县铺开进行双语培训。
    

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-25 03:31 , Processed in 0.020240 second(s), 17 queries .

返回顶部