日志

༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་བོད ...

已有 193 次阅读2017-3-9 09:08 |系统分类:娱乐


                  ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་བོད་ལྗོངས་བུད་མེད་འཐུས་མི་རྣམས་ཀྱི་མཉམ་འགྱུར
                                     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

         

       “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་སྐབས་སུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་བར་ཞུགས་པའི་བོད་ལྗོངས་གཞི་རིམ་གྱི་བུད་མེད་འཐུས་མི་དང་བུད་མེད་ལས་བྱེད་མི་སྣས་བྲེལ་བ་ཆེན་པོའི་ཁྲོད་རང་ཉིད་ཀྱི་དུས་ཆེན་བསུས། འདི་ནི་ཚོགས་འདུའི་བར་གསེང་དུ་བུད་མེད་འཐུས་མི་རྣམས་ཀྱིས་བོད་ལྗོངས་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་འཁུར་ཏེ་ནན་ཏན་གྱི་ཚོགས་འདུ་ལ་ཞུགས་པ་དང་འཐུས་མིའི་འགན་འཁྲི་གཟི་བརྗིད་ལག་ལེན་བྱ་རྒྱུ་ཡིན་པར་བཤད་བཞིན་པའི་ཚུལ་རེད།


          W020170308319846969564.jpg

ཟླ3པའི་ཚེས7ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་ལྔ་བས་ཚན་ཆུང་དབྱེ་ནས་གྲོས་བསྡུར་བྱས་ཤིང་། འདི་ནི་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་འཇིགས་མེད་རྣམ་རྒྱལ(གཡས)གྱིས་ཨུ་ཡོན་གཞན་དག་དང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད།


          W020170308319847035296.jpg

      ཟླ3པའི་ཚེས7ཉིན་གྱི་ཆུ་ཚོད17བར་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་བའི་གྲོས་གཞི་བཏོན་མཚམས་འཇོག་པའི་དུས་ཡིན་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་ལྔ་བར་ཞུགས་པའི་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བོད་ལྗོངས་ཀྱི་དོན་དགོས་དང་མི་དམངས་མང་ཚོགས་ཀྱིས་སེམས་འཁུར་བྱེད་བཞིན་པའི་གནད་དོན་ལ་དམིགས་ནས་བསྡོམས་པས་ཚོགས་ཆེན་སྟེང་གྲོས་གཞི43བཏོན། འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་སྤྲད་བཞིན་པའི་ཚུལ་རེད།


                   W020170308319847130150.jpg

      ཟླ3པའི་ཚེས7ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་བའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཤིང་། འདི་ནི་བོད་ལྗོངས་ཀྱི་འཐུས་མི་བློ་བཟང་བསྟན་པ(གཡོན་གྱི་དང་པོ)དང་སྐལ་བཟང་སྒྲོལ་དཀར(གཡོན་གྱི་གཉིས་པ)སོགས་དང་བསམ་ཚུལ་བརྗེ་རེས་བྱེད་བཞིན་པའི་ཚུལ་རེད།    །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-25 01:23 , Processed in 0.018534 second(s), 16 queries .

返回顶部