日志

༄༅།།ཝང་ཆི་ཧྲན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ ...

已有 315 次阅读2017-3-8 09:16 |系统分类:娱乐


                    ༄༅།།ཝང་ཆི་ཧྲན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་
                    ལག་ལེན་མཐར་ཕྱིན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཆུ་མགོར་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།
                                              ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ

                 

       ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་

                  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 


        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་རྣམས་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

       སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། ཝང་ཆི་ཧྲན་མཚོ་སྔོན་གྲོས་ཚོགས་ཁང་དུ་ཐོན་པ་དང་། གྲངས་ཉུང་མི་རིགས་ཀྱི་འཐུས་མི་གསུམ་གྱིས་ཝང་ཆི་ཧྲན་ལ་དྲི་མེད་ཁ་བཏགས་དཀར་པོ་ཕུལ། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་ཐེངས་འདིའི་གྲོས་ཞིབ་ལ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་ཝང་ཅན་ཅོན་དང་ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། གཞི་རིམ་ནས་ཐོན་པའི་པིས་ཧྲིན་ཀྲུང་སོགས་འཐུས་མི་རྣམས་ཀྱིས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་སྟངས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གནས་ཚུལ། ཁྲིམས་ལྟར་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་འགན་ནུས་ལག་བསྟར་བྱས་པའི་གནས་ཚུལ། ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་ལ་སྐུལ་སློང་བྱས་པ། གཞི་རིམ་ལས་བྱེད་པས་ཏང་སྲོལ་སྲིད་སྲོལ་འགྱུར་ལྡོག་ལ་བཟུང་བའི་མྱོང་ཚོར་སོགས་བརྗོད་དོན་དུ་བཟུང་ནས་གཏམ་བཤད། ཝང་ཆི་ཧྲན་གྱིས་སྐབས་དང་སྐབས་སུ་སྐད་ཆ་བར་གསེབ་བྱས་ནས། འབྲེལ་ཡོད་གནས་ཚུལ་དྲིས་པ་དང་། འཐུས་མི་རྣམས་དང་ལྷན་དུ་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས།

      ཝང་ཆི་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གཟབ་ནན་སྒོས་ཉན་རྗེས་བསྟན་དོན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ཡིན་པ་དང་། རྨ་ཆུ་དང་འབྲི་ཆུས་ཀྲུང་ཧྭ་མི་རིགས་གསོ་སྐྱོང་བྱས་ཏེ། ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭ་རིག་གནས་མངལ་དུ་སྦྲུམ། ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་གྱིས་བགྲོད་ལམ་གདམ་ང་ཐག་བཅད་པ་དང་། རིག་གནས་ཡིད་རྟོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲེལ་སྟངས་ཆེས་ལེགས་ཤོས་དེ་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་གནའ་ནས་བཟུང་རང་ཉིད་ཀྱི་རིག་གནས་སྲོག་རྩ་བར་མ་ཆད་པའི་ངང་བསྲིངས་ནས། ཕྱི་འོང་རིག་གནས་ཐམས་ཅད་མཇུག་མཐར་ཀྲུང་གོ་ཅན་དུ་བསྒྱུར་ཡོད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གོ་རིམ་ནི། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བོ་སིམ་འདྲེས་བྱུང་བའི་གོ་རིམ་ཞིག་ཀྱང་ཡིན། ལོ་རྒྱུས་རིག་གནས་སྲོལ་རྒྱུན་དང་རིག་གནས་གསར་བཅོས་ཀྱིས་ཀྲུང་གོ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་བསྐྱོད་དགོས་པ་ཐག་གཅོད་བྱས་པ་དང་། ནུབ་ཕྱོགས་ཀྱི་བགྲོད་ལམ་སྟེང་གཏན་ནས་བསྐྱོད་མི་རུང་བར་བྱས་ཤིང་། དེ་ནི་འཕེལ་རྒྱས་དུས་རིམ་གྱི་ཧེ་བག་ཙམ་མ་ཡིན་པར། རིག་གནས་ཀྱི་རྒྱུད་པ་མི་འདྲ་བ་ལས་བྱུང་བ་རེད། མིས་རང་གིས་རང་ལ་ཡིད་རྟོན་མ་བྱས་ན། སུས་ཁྱེད་ལ་ཡིད་ཆེས་བྱེད། ང་ཚོའི་རང་རློམ་ནི་ལོ་རྒྱུས་དང་མཚན་ཉིད་རིག་པ། རིག་གནས་བཅས་ཀྱི་བསམ་གཞིག་ལས་བྱུང་བ་ཡིན། མཚོ་སྔོན་གྱིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་མཐར་དངོས་འབེབས་བྱས་ཏེ། མི་དམངས་མང་ཚོགས་ལ་འབྱོར་ཕྱུག་དཔལ་ཡོན་གྱི་འཚོ་བ་རོལ་དུ་འཇུག་དགོས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཀྱི་ཆུ་མགོ་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཟེར།

      ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ང་ཚོས་ངེས་པར་དུ་བློ་མཐུན་ཝང་ཆི་ཧྲན་གྱི་གསུང་བཤད་གལ་ཆེན་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་ཇེ་དྲག་ཏུ་བཏང་ནས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱེད་དགོས་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བྱ་བའི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས་སུ་བསྒྱུར་ནས། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ཟབ་འཁྱོལ་ཡོང་བར་བྱེད་དགོས། ལོ་རྒྱུས་ཀྱི་མིག་ཟུང་དང་དགག་སྒྲུབ་ཀྱི་བསམ་གཞིག་སྤྱད་དེ་མཚོ་སྔོན་གྱི་གནས་བབ་ལ་གོ་བ་ཡང་དག་ལེན་དགོས་པ་དང་། མ་ནོར་མ་འཆུག་པའི་སྒོ་ནས་མཚོ་སྔོན་གྱི་ཁྱད་ཆོས་དང་འཕེལ་རྒྱས་ཆོས་ཉིད་རྙེད་པར་བྱས་ཏེ། འགན་འཁྲིའི་འདུ་ཤེས་དྲག་པོའི་ངོས་ནས་མཚོ་སྔོན་གྱི་ལས་དོན་ཚང་མ་བཟང་བོར་བསྒྲུབ་དགོས་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སྤེལ་བའི་བྱ་བ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པར་བྱས་མཐར། ཏང་ཀྲུང་དབྱང་གི་སེམས་ཁུར་དང་རིགས་སོ་སོའི་མི་དམངས་ཀྱི་རེ་ལྟོས་སྟོང་ཟད་དུ་གཏོང་མི་རུང་ཟེར།  ལྟ་ཞིབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཞའོ་ཕའེ་དང་ཀྲུང་གོ་ཀྲུང་དབྱང་གཞུང་སྒྲུབ་ཐིན་རྟོག་ཞིབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།    །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-25 02:49 , Processed in 0.019374 second(s), 16 queries .

返回顶部