日志

༄༅།།ལྷ་ས་གྲོང་ཁྱེར་གྱི་ཉེན་བཅོལ་ལྔར་ཞུགས ...

已有 320 次阅读2016-4-6 17:22 |系统分类:经济

 
༄༅།།ལྷ་ས་གྲོང་ཁྱེར་གྱི་ཉེན་བཅོལ་ལྔར་ཞུགས་མཁན་གྱི་མི་གྲངས་ཁྲི46ལས་བརྒལ་བ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ལོ་མཇུག་གི་ཚུན་དུ། ལྷ་ས་གྲོང་ཁྱེར་ཉེན་བཅོལ་ལྔའི་ནང་ཞུགས་པའི་མི་གྲངས་ཁྲི46.71ལ་བསླེབས་པ་དང་། ཤང་གྲོང་ཡོངས་སུ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་སྟེང་འཛུགས་སྐྲུན་བྱས་ལ། སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱིས་མང་ཚོགས་ཡོངས་ལ་ཕན་ཁེ་བསྐྲུན་ཡོད། སྔོན་དཔག་བྱས་ན2020ལོའི་ལོ་མཇུག་ལ་ཐོན་པ་ན། རིགས་སོ་སོའི་སྤྱི་ཚོགས་ཉེན་བཅོལ་ནང་ཞུགས་པའི་མི་གྲངས་མི་ཐེངས་ཁྲི50ལས་བརྒལ་བ་དང་། ཉེན་བཅོལ་རིགས་སྣ་ཚོགས་ནང་ཞུགས་པའི་ཚད་ཆ་སྙོམས་ཀྱི95%ཡན་ལ་བསླེབས་ནས་ཉེན་བཅོལ་ནང་ཞུགས་དགོས་པར་འགན་སྲུང་བྱེད་པ་མངོན་འགྱུར་བྱུང་། 

     གཞི་གྲངས་ལས་མངོན་པ་ལྟར་ན།  2015ལོའི་ལོ་མཇུག་གི་ཚུན་དུ། ལྷ་ས་གྲོང་ཁྱེར་ཉེན་བཅོལ་ལྔའི་ནང་ཞུགས་པའི་མི་གྲངས་ཁྲི46.71ལ་བསླེབས་པ་དང་། དེའི་ཁྲོད་གྲོང་རྡལ་ལས་བཟོ་བ་དང་། ཤང་གྲོང་སྡོད་དམངས་རྒན་གསོའི་འགན་ལེན་ནང་ཞུགས་པའི་མི་གྲངས་སོ་སོར་ཁྲི3.6དང་།  ཁྲི21ལ་བསླེབས་ཡོད་པ་དང་། རྒན་གསོ་མ་དངུལ་སོ་སོར་སྒོར་དུང་ཕྱུར1.68དང་སྒོར་ཁྲི6297འགྲེམ་གཏོང་བྱས་ཤིང་།  ཤང་གྲོང་གི་འགན་ལེན་ནང་ཞུགས་པའི་ཚད་ཆ་སྙོམས་ཀྱི95%ཡན་ལ་བསླེབས་ཡོད། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བཤད་རྒྱུར། “ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་མ་དངུལ་བསྟུད་མར་ལོ11རིང་ལེགས་སྒྲིག་བྱས་པ་བརྒྱུད། མིག་སྔར།  རྒན་གསོ་མ་དངུལ་ཆ་སྙོམས་ཀྱི་མི་རེ་ཟླ་རེར་སྒོར3296.3ལ་བསླེབས་ཡོད།”  ལྷ་ས་གྲོང་ཁྱེ་ཡོངས་ཀྱི་ལས་བཟོ་བའི་སྨན་བཅོས་འགན་སྲུང་དང་། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་། ལས་བཟོ་བའི་མངལ་སྐྱེས་འགན་སྲུང་སོགས་ཀྱི་ནང་ཞུགས་པའི་མི་གྲངས་སོ་སོར་ཁྲི5.3དང་། ཁྲི6.5 ། ཁྲི3.9བཅས་ལ་སླེབས་པ་དང་། ཉེན་བཅོལ་ནང་ཞུགས་པའི་ཚད་སོ་སོར98%དང་། 98%  95%ལ་སླེབས་ཡོད་ཟེར། 

     འགན་ཁུར་པས་བཤད་རྒྱུར།  ད་ལོར། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གསར་དུ་ལས་ཞུགས་བྱས་པའི་མི་སྣ་དང་། བབ་བསྟུན་ལས་ཞུགས་མི་སྣ།  ལས་ཁུངས་ཀྱི་ལས་དོན་སྡེ་ཚན་མི་སྣ་བཅས་གཙོ་བོར་བཟུང་ནས་བསྡུ་ལེན་དང་འཇལ་སྤྲོད་ཀྱི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ།“མང་ཚོགས་ཡོངས་འགན་སྲུང་ནང་ཞུགས་པར་ཐོ་འགོད་བྱེད་པའི”བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། སྤྱི་ཚོགས་འགན་སྲུང་དེ་ཤང་གྲོང་སོ་སོར་དབྱེ་བ་ནས་ཤང་གྲོང་གཅིག་གྱུར་འཆར་འགོད་བྱེད་པར་འགྱུར་ལྡོག་བྱུང་། ལྷ་ས་གྲོང་ཁྱེར་ཤང་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་གི་ལེགས་སྒྲིག་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱས་ནས་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་བཤེར་གྱི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། “དམིགས་འཛུགས་གཉིས”ཀྱི་དོ་དམ་ལ་ཤུགས་བསྣན་ནས་རིན་སྤྲོད་པའི་རྣམ་པ་བཅོས་སྒྱུར་གྱི་བྱ་བ་ལེགས་པོར་སྒྲུབ་ནས། སྨན་བཅོས་འགྲོ་གྲོན་ལ་འོས་མཐུན་གྱིས་ཚོད་འཛིན་བྱེད་དགོས།  །

      ཞེས་རོང་ཆན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-30 11:38 , Processed in 0.021010 second(s), 16 queries .

返回顶部