博客西藏在最高处过一种生活

日志

དབུ་ཅན་འབྲི་སྐབས་ག་ས་གཉིས་སྐུང་དེ་འབྲི་བ ...

已有 1337 次阅读2015-1-11 00:41 |系统分类:见闻| ཚོགས།

དབུ་ཅན་འབྲི་སྐབས་ག་ས་གཉིས་སྐུང་དེ་འབྲི་བ་ནི་ནོར་འཁྲུལ་རེད། དབུ་ཅན་དཔེ་གཟུགས་ནང་དུ་ཕྱོགས་དང། ཚོགས། རིགས་སོགས་འབྲི་སྐབས་རྗེས་འཇུག་དང་ཡང་འཇུག་ག་ས་གཉིས་བསྐུངས་ཏེ་གཅིག་ཏུ་འབྲི་བ་ནི་ཧ་ཅང་ལྟ་ན་མི་སྡུག་པ་ཞིག་ཡིན་པ་མ་ཟད། བོད་སྐད་ཡིག་གི་འབྲི་སྲོལ་ལ་གནོད་སྐྱོན་བཏང་བ་རེད། དབུ་མེད་ཁོ་ནར་སྐུང་ཡིག་བེད་སྤྱོད་བཏང་ཆོག་པ་དང་དེ་མིག་ལ་ཧ་ཅང་མཛེས་པ་ཞིག་རེད། དབུ་མེད་འབྲི་སྐབས་ད་དུང་མ་དང་ང་ས་སོགས་སྐུང་དེ་འབྲི་སྲོལ་ཞིག་ཀྱང་ཡོད། བཀའ་འགྱུར་དང་བསྟན་འགྱུར་གཞིར་བཞག་བྱས་ཏེ་བོད་ཀྱི་འབྲི་རྒྱུན་དང་ཐུན་མོང་སྐད་ཡིག་གཅིག་གྱུར་བྱེད་དགོས་ཀྱི་ཡོད་པ་ཡོངས་གྲགས་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པ་དང་།བོད་ཀྱི་རྒྱུན་སྲོལ་རིག་གནས་སྲུང་སྐྱོབ་བྱ་རྒྱུ་ནི་ཚང་མའི་འོས་འགན་ཞིག་རེད། ཡིན་ནའང་དེང་སྐབས་སྲོལ་རྒྱུན་དང་འགལ་ཏེ་སྐུང་ཡིག་འབྲི་སྲོལ་ཞིག་དར་ཏེ་རྒྱུན་འབྱམས་ཆེ་བས་མཚམས་འཇོག་ངེས་པར་བྱེད་དགོས།།--ཡོན་ཏན་མཁས་གྲུབ་ནས།།

评论 (0 个评论)

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-5-8 09:43 , Processed in 0.033876 second(s), 16 queries .

返回顶部