博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... https://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅། །བསམ་གྲུབ་རྩེ་ཆུས་ཕྱུག་སྒོ་གཞུང་ཤང་ཁ ...

已有 48 次阅读2021-4-14 23:16 |个人分类:嘿马拉雅文化发展促进会|系统分类:民俗

༄༅། །བསམ་གྲུབ་རྩེ་ཆུས་ཕྱུག་སྒོ་གཞུང་ཤང་ཁོངས་ལྕགས་སྟོད་ཀྱི་གཞས་རྒྱ 

གཞས་སྒོ་འཛུགས་པ།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། འོ་ལགས་སོ། དགའ་ནི་འཚོགས་པའི་དགའ་རོགས་ཚོགས། །སྐྱིད་ནི་འཚོགས་པའི་སྐྱིད་རོགས་ཚོགས། །བླ་མ་མི་གཅིག་ཆོས་གྲོགས་ཚོགས། དཔོན་པོ་མི་གཅིག་དཔོན་འཁོར་ཚོགས། །ཕ་མ་མི་གཅིག་སྲུན་མཆེད་ཚོགས། །ཕྱདཀར་གཞུང་ནས་དར་གཅིག་འབུ །བསྟན་པ་དར་བའི་དར་ཤིང་རྒྱས། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །

གཞས་དང་པོ།

དང་པོ་མ་ཆགས་དང་པོ་ཆགས། །དང་པོ་སྲིད་པའི་ས་དང་རྡོ་གཉིས་ཆགས་ལ། །དེའི་སྟེང་དུ་ཆགས་པ་དེ་ལ། །སྲིད་པའི་རྡོ་གཞོང་དཀར་མོ་ཆགས་ལ། །དེའི་སྟེང་དུ་ཆགས་པ་དེ་ལ་མཐའ་ཡ་རྒྱ་མཚོ་ཆེན་པོ་ཆགས་ལ། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །དེའི་སྟེང་དུ་ཆགས་པ་དེ་ལ། །དབུས་ཀྱི་རི་རྒྱལ་ལྷུན་པོ་ཆགས་ལ། །དེའི་སྟེང་དུ་ཆགས་པ་དེ་ལ། །སྲིད་པའི་ཤིང་སྡོང་ཆེན་པོ་ཆགས་ལ། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །དེའི་ལོགས་སུ་ཆགས་པ་དེ་ལ། །སྲིད་པའི་བྱ་ཁྱུང་དཀར་མོ་ཆགས་ལ། །སྡེར་ཏོ་ལྕགས་སླང་ཁ་སྦུབ་ཆགས་ལ། །མཇུག་མ་ལེ་ཆེན་བཅོ་བརྒྱད་ཆགས་ལ། །གཤོག་སྒྲོ་ལེ་ཆེན་བཅོ་བརྒྱད་ཆགས་ལ། །ལེ་ཆུང་གཅིག་གིས་བཅུ་དགུ་ཆགས་ལ།  །མན་མཆུ་གཡུ་ཡི་སྦབ་ལེ་ཆགས་ལ ལྕེ་ཆུང་གློག་དམར་ཁྱུག་འདྲ་ཆགས་ལ། །མཐོ་ནམ་མཁའ་ཡ་ལཞུ་ཙམ། །ཡས་མཆུ་གསེར་གྱི་སྦབ་ལེ་ཡོད་ལ། །སྤྱན་མིག་དམར་སེར་ཁྱུང་འདྲ་ཡོད། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །

གཞས་གཉིས་པ།

མ་གི་འོག་ཕྱོགས་ཀླུ་ཡུལ་མ་ལ། །ཀླུ་རྒྱལ་གའུ་ཚོགས་པ་བཞུགས། །ཀླུ་བཙན་འབུམ་གྱི་ཁྲི་ལ་བཞུགས་ཡོད། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །འདི་ཡི་བར་ཕྱོགས་བཙན་གྱི་ཡུལ་ལ། །བཙན་རྒྱལ་གཡུ་དམར་རྒྱལ་ཆེན་བཞུགས་ལ། །བཙན་རྒྱལ་འབུམ་གྱི་ཁྲི་ལ་བཞུགས་ཡོད། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །ཡ་གི་སྟེང་ཕྱོགས་ལྷ་ཡུལ་ཡ་ན། །ལྷ་རྒྱལ་དབང་པོ་བརྒྱ་བྱིན་བཞུགས་ཡོད། །ལྷ་དམ་འབུམ་གྱི་ཁྲི་ལ་བཞུགས་ཡོད། །གླུ་དང་གཞས་དང་རྐང་བྲོ་གསུམ་པོ། །གླུ་གཞས་བྲོ་ཡི་མཆོད་པ་འབུལ། །

གཞས་གསུམ་པ།

རི་ལ་བྱས་པའི་གཡས་རི། །རྩ་བའི་བླ་མའི་ཆོས་རི། གཞས་ལ་བྱས་ན་ཤབ་པ་ཤབ་པ་ལ། །གླུ་དང་གཞས་ཀྱི་མེ་ཏོག་ཆར་འབབས། རི་ལ་བྱས་པའི་གཡོན་རི། འགོ་འདྲེན་དཔོན་པོའི་ཁྲིམས་རི། །གཞས་ལ་བྱས་ན་ཤབ་པ་ཤབ་པ་ལ། །གླུ་དང་གཞས་ཀྱི་མེ་ཏོག་ཆར་འབབས། །རི་ལ་བྱས་པའི་གུང་རི། །དྲིན་ཅན་ཕ་མའི་ཁྱིམ་རི་རེད། །གཞས་ལ་བྱས་ན་ཤབ་པ་ཤབ་པ་ལ། །གླུ་དང་གཞས་ཀྱི་མེ་ཏོག་ཆར་འབབས། །  

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-5-6 23:58 , Processed in 0.033905 second(s), 17 queries .

返回顶部