博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... https://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅།།རྒྱལ་སྟོན་དུས་ཆེན་གྱི་མཆོད་སྤྲིན་བཀྲ ...

已有 114 次阅读2020-9-28 21:05 |个人分类:嘿马拉雅文化发展促进会|系统分类:文学

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ།

༄༅།།རྒྱལ་སྟོན་དུས་ཆེན་གྱི་མཆོད་སྤྲིན་བཀྲ་ཤིས་རྟགས་བརྒྱད་མ།

ཆོས་འབྲོག་ཉི་མ་དོན་ལགས་ཀྱིས།

འཇིག་རྟེན་གོ་ལའི་འཕོ་འགྱུར་ཆུ་ཀླུང་བཞུར། །

དབང་ཕྱོགས་ལྷུམས་སུ་རིན་ཆེན་འབྱུང་གནས་འཁྱིལ། །

ལོ་རྒྱུས་ཀློང་ཆེན་རབ་རིམ་དགུང་དུ་གཡོས། །

ཀྲུང་གོ་གསར་པའི་ཟླ་བ་མཁའ་ལ་འཕགས། །

 

བདུན་བཅུའི་འཕོ་བསྒྱུར་ཀླུ་དབང་མཐུ་དཔལ་ལས།  

ཕན་བདེའི་དབུ་བ་འཛུམ་དཀར་ཆུ་ཀླུང་འཕེལ། །

སྐྱེ་རྒུའི་ལེགས་བྱས་རྩི་ཤིང་ནགས་ཚལ་རྒྱས། །

མཆོད་སྤྲིན་བཀྲ་ཤིས་རྟགས་བརྒྱད་མེ་ཏོག་བཞད། །

 

དབུལ་པོའི་སྡུག་བསྔལ་མུན་སེལ་འོད་སྣང་འབར། །

ཕལ་རྒོལ་གངས་འཁྱགས་འཇོམས་པའི་ཚ་དྲོད་རྒྱས། །

དམངས་ཀྱི་ཕན་བདེའི་ལོ་ཏོག་འཕེལ་བའི་དཔལ། །

གུང་ཁྲན་ཏང་གི་ཉིན་བྱེད་རྒྱལ་མཚན་འགྱིངས། །

 

སྤྱི་ཚོགས་གོང་འཕེལ་དུས་ཀྱི་འཁོར་སྐྱོད་མཐུན། 

མ་ལེའི་གཞུང་ལུགས་དོན་དམ་ལག་ཏུ་བླངས། །

ཁྱད་འཕགས་དམངས་གཙོའི་སྲིད་དབང་ལམ་ལུགས་ཀྱི། 

སྤྱི་ཚོགས་རིང་ལུགས་གདུགས་ཀྱི་གྲིབ་བསིལ་སྣུམ། །

 

མེས་རྒྱལ་ཁྱིམ་ཚང་ཡན་ལས་བརྒྱད་ལྡན་གཏེར། །

འདྲ་མཉམ་རོགས་རེས་ལྷག་བསམ་དྭངས་ཤིང་གཙང་། །

མཛའ་བརྩེའི་འཆམ་མཐུན་བརླན་གཤེར་དཔལ་མངའ་བར། །

མི་རིགས་ང་དྲུག་གསེར་ཉ་དགའ་བདེར་རོལ། །

 

རྨང་གཞིའི་སྒྲིག་བཀོད་སུམ་རྩེན་གནས་ལ་འགྲན། །

རྒྱུ་ནོར་ལོངས་སྤྱོད་ཀླུ་ཡི་རྒྱལ་པོའང་སྐྱེངས། །

ལྷ་ཀླའི་འདོད་ཡོན་མཉམ་འཛོམས་སྣང་ཚུལ་གྱི། །

མངའ་ཐང་འབྱོར་བས་བུམ་པའི་ལྟོ་བ་ཕྱུག །

 

སྲོལ་རྒྱུན་ཤེས་རིག་ལྗོན་ཤིང་རྩ་བ་བརྟན། །

དེང་རབས་སྔོན་ཐོན་དཔལ་ཡོན་འདབ་བརྒྱ་གྲོལ། །

ཁྲིམས་སྲོལ་གཙང་མའི་མེ་ཏོག་རྣམ་པར་བཀྲ། །

བསམ་པའི་དཔལ་ཡོན་པདྨོའི་བཀྲག་མདངས་རྒྱས། །

 

སློབ་གྲྭ་སྣ་ཚོགས་རྒྱུ་སྐར་ལྷང་ལྷང་འཁྲིགས། །

འཆད་ཁྲིད་ཐོས་བསམ་སྤྲིན་དཀར་ལོང་ལོང་གཡོ། །

ཤེས་བྱ་རིག་པའི་གྲུ་ཆར་ལྷུང་ལྷུང་འབབས། །

ཚན་རིག་སློབ་གསོ་པ་ཊའི་མཛེས་རིས་བཀྲ །

 

རྒྱུད་གཅིག་ལམ་གཅིག་དཔྱིད་ཀྱི་དྲོད་རླུང་བསུས། །

འཛམ་གླིང་འཆམ་མཐུན་ཕན་བདེའི་གྲུ་ཆར་སྙིལ། །

སྔར་སོང་རྒྱུན་འཛིན་མ་འོངས་གསར་གཏོད་ཀྱི། །

མི་རིགས་བསྐྱར་དར་དབྱར་སྐྱེས་དུང་སྒྲ་ཁྲོལ། །

 

ཟས་གོས་འགྲོ་སྡོད་རླངས་སྣུམ་འཛད་མཐའ་མེད། །

ལུས་བདེ་སེམས་སྐྱིད་འཕྲུལ་འཁོར་འགུལ་ཤུགས་ཆེ། །

དུས་བབ་བརྟན་ལྷིང་བགྲོད་ལམ་ཡངས་ཤིང་སྙོམ། །

འབྱོར་འབྲིང་སྤྱི་ཚོགས་འཁོར་ལོ་མདུན་དུ་ཕྱོགས། །

 

ཀྲུང་གོ་གསར་པའི་དཔལ་ཡོན་ཆུ་འཛིན་ལས། །

སྨོན་ཚིག་དབྱར་སྐྱེས་རྔ་སྒྲ་རང་དགར་གྲགས། 

ཡིད་ཀྱི་མགྲིན་སྔོན་དབང་མེད་གར་དང་བཅས། །

བཀྲ་ཤིས་རྟགས་བརྒྱད་མཆོད་སྤྲིན་ཚུལ་དུ་ལ། 

 

བགྲང་བྱ་བདུན་བཅུའི་འཕོ་བསྒྱུར་རྒྱ་མཚོའི་འཇིངས། །

བློ་དམན་སྦལ་བའི་རྐྱལ་གྱིས་གཞལ་དཀའ་ཡང་། །

མཐོང་སྣང་ཀུ་ཤའི་རྩེ་མོའི་ཟིལ་པ་ཙམ། །

རྟགས་བརྒྱད་དཔེ་དོན་སྦྱོར་ལ་སྤྲོ་བ་བརྟས། །

 

རྣམ་ཀུན་ཏང་གི་རྒྱལ་མཚན་གཙུག་ཏུ་བཀུར། །

རྣམ་དག་ལྷག་བསམ་གདུགས་དཀར་དགུང་དུ་འདེགས། །

རྣམ་བཀྲའི་ཤེས་རིག་པ་ཊ་རྒྱན་དུ་འཛིན། །

རྣམ་འཇོམས་དགྲ་བགེགས་འཁོར་ལོའི་འོག་ཏུ་གནོན། །

 

རབ་ཡངས་མངའ་ཁོངས་བུམ་པའི་ལྟོ་བ་རྒྱས། །

རབ་འབྱམས་མངའ་འབངས་གསེར་ཉ་རྒྱ་མཚོར་རོལ། །

རབ་རིབ་ལོ་ཟླར་དུང་དཀར་རང་མདངས་གསལ། །

རབ་མཛེས་ཕུགས་འདུན་པདྨོ་བཞད་གྱུར་ཅིག །

 

བཀྲ་ཤིས་རྒྱལ་མཚན་གོ་ལའི་གཙུག་ཏུ་འགྱིངས། །

བཀྲ་ཤིས་གདུགས་དཀར་འོག་ཏུ་མངའ་འབངས་བདེ། །

བཀ྄་ཤིས་བུམ་པར་འབྱོར་ཕྱུག་བདུད་རྩི་འཁྱིལ། །

བཀྲ་ཤིས་པ་ཊའི་མཛེས་རིས་ཤེས་རིག་དར། །

 

བཀྲ་ཤིས་གསེར་ཉ་དབུལ་གྲོལ་དལ་འགྲོར་འཇུག །

བཀྲ་ཤིས་དུང་སྒྲ་བདེ་སྐྱིད་དཔལ་དུ་སྨིན། །

བཀྲ་ཤིས་པདྨའི་དཔལ་ཡོན་རྣམ་པར་བཞད། །

བཀྲ་ཤིས་འཁོར་ལོས་འབྱོར་འབྲིང་ལམ་དུ་དྲངས། །

 

བཀྲ་ཤིས་རྟགས་བརྒྱད་གོ་ལའི་ཤར་དུ་འཁྲུངས། །

བཀྲ་ཤིས་རྟགས་བརྒྱད་ཀྲུང་གོའི་དཔལ་ཡོན་མཚོན། །

བཀྲ་ཤིས་རྟགས་བརྒྱད་རྫོགས་ལྡན་དཔལ་བཟང་པོར། །

བཀྲ་ཤིས་རྟགས་བརྒྱད་མེས་རྒྱལ་རྒྱལ་གྱུར་ཅིག །

 

སྤྱི་ལོ་༢༠༡༩ལོའི་མཚོ་སྔོནསྦྲང་ཆར་དུས་དེབ་ཀྱི་རྒྱལ་སྟོན་ཆེད་སྒྲིག་ལེ་ཚན་ཐོག་དབུས་གཙང་གི་ཐུས་ཚ་ཏུ་འཁོ 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-1-22 08:08 , Processed in 0.035532 second(s), 17 queries .

返回顶部