日志

ནུབ་ཁའི་ཕ་ཡུལ

已有 160 次阅读2016-12-27 14:54 |系统分类:文化

ནུབ་ཁའི་ཕ་ཡུལ

                     ཨ་དུང་བཀྲ་བྷ

སྲོད་ཁའི་མཚམས་སྤྲིན་ལ་འོད་མདངས་འཚེར་དུས

ཕ་ཡུལ་ནི་ཁ་དོག་རྣམ་པར་བཀྲ་བའི་རི་མོ་ཞིག

རི་མོ་འདི་དུས་ཀྱི་མེ་ལོང་ངོར་གསལ་ལེར་ཤར་དུས

འཇིག་རྟེན་གྱི་གྲུ་ཟུར་གང་རུང་ན

ཧམ་སེམས་ཀྱི་པུར་སྨྱུག་འཛིན་མཁན་གང་མང་འདུག

དེ་དག་གིས་རི་མོ་འབྲི་བཞིན་རི་མོའི་གསང་བ་སློག

དེ་དག་གིས་རི་མོ་འབྲི་བཞིན་རི་མོའི་རིན་ཐང་འཇལ

རི་མོ་དེ་རི་ཁུགས་སྟོང་གི་ནོར་བུར་བློམ

ཡིན་ཡང  རྣམ་ཤེས་རི་མོར་འཁོར་བའི་མེས་པོ་ཞིག་གི་མིག་ཆུ

ས་ཆེན་ཨ་མའི་བྲང་གཞུང་དུ་སྐྱུར་སིལ་སིལ་ངང་ལྷུང་སོང

ཉི་ཟླའི་མིག་ཀོང་ནས་སྐར་མས་འདར་ཟིག་བྱེད་དུས

ཕ་ཡུལ་ནི་པར་མིག་སྟོང་གི་དཀྱིལ་སྙིང་དུ་བཟུང་བའི་བུད་མེད་གཅེར་བུ་ཞིག

སུས་ཀྱང་ཐོབ་འདོད་པའི་པར་རིས་སྒྱུ་རྩལ་ཞིག་ཡིན

ཡིན་ཡང   ད་སོ་མར་མིག་ཟུང་ཕྱེས་པའི་བྱིས་པ་ཀླད་ལོག་དེས

ཕ་ཡུལ་གྱི་ཡོད་ཚད་པར་མིག་ཏུ་བཅུག་ཟིན

མདོར་ན  ཕ་ཡུལ་ནི་འབྱུང་བཞིའི་འཇིག་པ་བྱུང་རྗེས་ཀྱི་བེམ་པོ་སྐམ་པོ་ཞིག་རེད

ད་སྐབས་གསར་དུ་རྙེད་པའིི་གནའ་རྫས་རྙིང་བ་ཞིག་རེད

 

 

 

 

 

 

 

 

 

 

 

 

 

 

全部作者的其他最新日志

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-4 13:01 , Processed in 0.050282 second(s), 20 queries .

返回顶部