博客西藏在最高处过一种生活

日志

西藏女人——写给母性的高原和高原的母性(汉藏对照)

热度 1已有 290 次阅读2018-3-8 06:20 |个人分类:心灵吟唱的诗样生活|系统分类:文学| 索木东, 诗歌

            1
一袅桑烟升起
晨曦慢慢降临
老祖母蹒跚的脚迹里
一个鲜活的生命
用一声嘹亮的啼哭
打破黎明的宁静
 
而后,是那个炎热的夏天
丢开老祖母
那双冰凉的大手
就彻底丢弃了
快乐的童年
那个高原的男儿
逐渐学会
把身后的影子
和岁月一起拉长
 
            2
接下来是八月
田野里的母亲
丰硕的乳房垂向大地
四野的青稞
一起点头
那个黝黑健硕的图博特女人
就是秋季的天空下
最美的神灵
 
而沧桑注定
要在丰收的季节
一起来临
准备远足的少年
他清澈的眼底
逐渐装满
枯黄的色彩
 
            3
妹妹出嫁的时候
已经到了腊月
欢快的乐章
正在祝福中奏响
你转身离去的一瞬
幸福的眸子里
一滴晶莹的泪水
冻结年关的青藏
 
此后,将是
漫长的冬季
积雪继续遮掩
这片土地
所有的贫瘠
唯有,那些
顽强的生命
就在骨头的缝隙里
深沉地孕育
 
            4
妙音女神,走过
神性的天空
春天已经来临
我知道,这一刻
幸福的女儿
将要天使般
降临人世
 
布谷鸟歌唱的五月
连着血脉的那抹绿意
就在,彩虹
妆点着的大地上
把母性的种子
向四野
温暖地撒播
 
 
བོད་ཀྱི་བུད་མེད།
——མཐོ་སྒང་ལྟ་བུའི་ཨ་མ་དང་ཨ་མ་ལྟ་བུའི་མཐོ་སྒང་དེར་ཕུལ་བ་ཡིན།

               གངས་ཅན་གསོམ་སྡོང་གིས་བརྩམས། ཚེ་རིང་མགོན་པོས་བསྒྱུར།
 
          ༡
བསང་དུད་ལང་ལོང་དུ་འཕྱུར་ཞིང་།
ཞོགས་པ་ཉིད་ག་ལེར་ཕེབས་ཡོང་།
རྨོ་མོ་རྒན་པ་དེའི་འཁྱར་འཁྱོར་གྱི་གོམ་འགྲོས་ལས།
ཚེ་སྲོག་གསར་བ་ཞིག་སྟེ།
ངུ་སྐད་སང་སང་ཞིག་གིས།
སྐྱ་རེངས་ཀྱི་ལྷིང་འཇགས་དེ་དཀྲོགས་སོང་།
 
འོན་ཀྱང་དེའི་རྗེས་སུ།
ཚ་དྲོད་ཆེ་བའི་དབྱར་ཀ་དེ་སླེབས་སོང་།
འཁྱག་སིབ་སིབ་ཀྱི་ལག་པ་ཆེན་པོ་དེས།
གཞོན་དུས་ཀྱི་བདེ་སྐྱིད་མཐའ་དག་དོར་ཞིང་།
མཐོ་སྒང་གི་སྐྱེས་པ་དེས།
རིམ་གྱིས་རང་རྒྱབ་ཀྱི་གྲིབ་མ་དང་།
ལོ་ཟླ་ཉིད་ལྷན་ཅིག་ཏུ་རིང་དུ་བསྐྱེད།
 
          ༢
དེ་ཡི་རྗེས་སུ་ཟླ་བརྒྱད་པ་ཡིན་ཏེ།
ཐང་ཀླུང་ན་ཡོད་པའི་ཡུམ་ཆེན་གྱི་ནུ་ཟུང་།
གཡུར་དུ་སྨིན་ནས་ས་ཆེན་ལ་འཕྱང་འདུག
ཕྱོགས་བཞི་ཡི་ནས་འབྲུ་སྔོན་མོས།
མཉམ་གཅིག་ཏུ་མགོ་ལྕོག་ལྡེམ་གྱིན་འདུག་ཅིང་།
ཤ་མདོག་གནག་ཅིང་བརྗིད་པའི་བོད་པའི་བུད་མེད་དེ་ནི།
སྟོན་དུས་ཀྱི་ནམ་མཁའི་འོག་ཏུ།
ཆེས་མཛེས་སྡུག་དང་ལྡན་པའི་ཚེ་སྲོག་དེ་ཡིན།
 
འོན་ཀྱང་འབྲས་བཟང་གི་སྟོན་ཀ་དེ་དང་ལྷན་དུ།
འགྱུར་བ་ཞིག་ཀྱང་ཅི་ནས་ཡོང་སྲིད་དེ།
རྒྱང་རིང་ལ་གོམ་པ་རྒྱག་འདོད་ཡོད་པའི།
གཞོན་པ་དེའི་དྭངས་གསལ་གྱི་མིག་ཟུང་ནི།
རིམ་གྱིས་སྐྱོ་ངལ་གྱིས་གང་སོང་།
 
          ༣
ནུ་མོ་གནས་ལ་འགྲོ་དུས།
གཞི་ནས་དགུན་ཟླ་བཅུ་གཉིས་ལ་སླེབས་འདུག
སྤྲོ་སྐྱིད་ཀྱི་རོལ་མོ་ཞིག
སྨོན་འདུན་གྱིས་དཀྲོལ་ནས་སླེབས་ཤིང་།
ཁྱོད་ཉིད་ཁ་ཕྱི་རུ་འཁོར་མ་ཐག
བདེ་སྐྱིད་ཀྱི་མིག་ཟུང་ལས།
དྭངས་གཙང་གི་མཆི་མ་རྡོག་གཅིག་འཕངས་ཤིང་།
ལོ་མཇུག་ལ་སླེབས་པའི་མཐོ་སྒང་འདི།
 
ཡང་གཅིག་འཁྱག་པས་སྡོམ་དུ་བཅུགས།
དེ་ནས་བཟུང་།
དགུན་ཟླ་རིང་མོ་ཞིག་ཡིན་ངེས་ཏེ།
ས་ཆེན་འདི་དང་། གཤིན་པོ་མ་ཡིན་པ་མཐའ་དག
གཞི་ནས་ཁ་བས་གཡོགས་ཏེ་བསྡད།
ཞུམ་པ་མེད་པའི་ཚེ་སྲོག་ཉག་གཅིག་སྟེ།
རུས་པ་ཡི་བར་གསེང་དག་ཏུ།
ག་ལེར་མྱུ་གུ་སྦྲུམ་ནས་ཡོད།
 
           ༤
དབྱངས་སྙན་ལྷ་མོ།
ནམ་མཁའ་ནས་བཞུད་ཅིང་།
དཔྱིད་ཀ་གཞི་ནས་སླེབས་སོང་།
ངས་ཤེས་ཡོད་དེ།
སྐབས་འདི་ལ། བདེ་སྐྱིད་ཀྱི་བུ་མོ་དེ།
ལྷའི་ཕོ་ཉ་ཞིག་དང་འདྲ་བར།
ག་ལེར་མི་ཡུལ་འདིར་སླེབས་ཡོང་།
 
ཁུ་བྱུག་གིས་གླུ་ཆུང་ལེན་པའི་དབྱར་ཟླ་ལྔ་བ།
ཁྲག་རྒྱུད་དུ་གྲམ་པའི་ལྗང་མདོག
འཇའ་ཚོན་གྱིས་བརྒྱན་པའི་ས་ཆེན་གྱི་སྟེང་དུ།
ཨ་མ་ལྟ་བུའི་ས་བོན་དེ།
དྲོད་ལམ་ལམ་གྱིས་ཕྱོགས་བཞི་རུ་བཏབ་སོང་།
 

【选自“藏族青年优秀诗人作品集”之《故乡是甘南》(汉藏对照),刚杰·索木东著、才让公保译,四川民族出版社,2017年12月】

发表评论 评论 (1 个评论)

回复 丹正嘉的blog 2018-3-24 10:58
赞、赞。

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-27 16:11 , Processed in 0.290068 second(s), 23 queries .

返回顶部