博客西藏在最高处过一种生活

日志

西宁刚坚教育培训学校招聘13名高三授课老师

已有 689 次阅读2015-9-3 13:17 |系统分类:见闻

西宁刚坚教育培训学校招聘13名高三授课老师

2015-09-03 བསམ་བུ།                                                 ༄༅། །ཟི་ལིང་གངས་རྒྱན་སློབ་གྲྭས་མཐོ་གསུམ་

གྱི་དགེ་རྒན་སྡུད་པའི་བརྡ་ཐོ།

དང་པོ། དམིགས་དོན།

ཉེ་སྔོན་ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭས ༢༠༡༥ ལོའི་མཚོ་སྔོན་ས་ཁུལ་གྱི་སྐད་གཉིས་མཐོ་རྒྱུགས་ཀྱི་སློབ་ཞུགས་གྲངས་ཚད་དང་མི་རིགས་སློབ་འབྲིང་ཁག་གི་མཐོ་གསུམ་གྱི་སློབ་རིམ་འཕར་ཚད་ལ་རྟོག་ཞིབ་བྱས་པ་ལྟར། ད་ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་ཚད་གཞི་མ་ལོན་པའི་སློབ་གྲོགས་ཕལ་ཆེར་ཞིག་གིས་མཐོ་གསུམ་གསབ་སྦྱོང་གི་སློབ་གྲྭ་རྙེད་ཀྱིན་མེད་པའི་གནས་ཚུལ་དངོས་ལ་དམིགས་ཏེ། ཆེད་དུ་ཟླ་ངོ་གསུམ་ལྷག་རིང་གི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབ་བརྩི་ཡོད་ལ། དེར་མཐོ་འབྲིང་གི་བསླབ་གཞི་ཁག་གི་དགེ་རྒན་ཉམས་མྱོང་ཅན། ཐེངས་ལྔ་ཡས་མས་སུ་མཐོ་གསུམ་སློབ་མར་སློབ་ཁྲིད་བྱས་མྱོང་ཞིང་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་དགེ་རྒན ༡༣ བསྡུ་ལེན་བྱ་བརྩི་ཡོད་པས། འདིའི་ཕྱོགས་ཀྱི་ཆ་རྐྱེན་འཛོམས་ཤིང་མོས་པ་ཡོད་པའི་དགེ་རྒན་ལྷན་རྒྱས་ཀྱིས་མྱུར་དུ་མིང་ཐོ་འགོད་རྒྱུ་གལ།

གཉིས་པ། བསླབ་གཞི་ཁག་གི་མི་གྲངས།
གསུམ་པ། ཐོ་འགོད་ཆ་རྐྱེན།

མཐོ་འབྲིང་གི་བསླབ་གཞི་ལ་བྱང་ཆ་ལྡན་ཞིང་ལོ་ལྔ་ཡས་མས་སུ་མཐོ་གསུམ་ལ་སློབ་ཁྲིད་བྱས་མྱོང་བའི་དགེ་རྒན་ཉམས་མྱོང་ཅན་ཞིག་ཡིན་དགོས།

༢ སློབ་མ་ལ་ཤ་ཚ་ཞིང་འགན་ཁུར་དང་ལེན་གྱི་འདུ་ཤེས་ལྡན་པའི་དགེ་རྒན་ཞིག་ཡིན་དགོས།

༣ མིང་ཐོ་འགོད་དུས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་འོས་ཚད་དགེ་རྒན་གྱི་དཔང་ཡིག སློབ་ཞུགས་རིམ་པ་དང་ལས་ཞུགས་གནས་ཚུལ་གྱི་ངོ་སྤྲོད་མདོར་བསྡུས་ཤིག་དགོས།

བཞི་པ། ངེས་ཤེས་གནད་དོན།

༡ ཟླ་ཕོགས = གཏན་འཇགས་ཟླ་ཕོགས + སློབ་ཁྲིད་གླ་ཕོགས + བྱ་དགའི་དངུལ

༢ ཟླ་ངོ་གསུམ་གྱི་རིང་དུ་སློབ་གྲྭར་གན་རྒྱ་བཞག་ནས་སློབ་གྲྭས་བཀོད་སྒྲིག་ལྟར་དུ་རང་གི་འཁྲིད་གཞི་ལ་སློབ་ཁྲིད་བྱ་ཐུབ་དགོས།

༣ སློབ་ཁྲིད་ཀྱི་དུས་ཚོད་ནི་ཕལ་ཆེར་ཟླ ༩ ཚེས ༢༠ ཉིན་ནས་ཟླ ༡༢ ཚེས ༢༠ བར་ཡིན་ལ། གཟའ་མཇུག་དང་ཁྲིམས་བཀོད་ངལ་གསོའི་ཉིན་མོར་སློབ་ཁྲིད་མི་བྱེད།

ལྔ་པ། མིང་ཐོ་འགོད་གནས་དང་དུས་ཚོད།

༡ མིང་ཐོ་འགོད་པའི་དུས་ཚོད། ༢༠༡༥ ལོའི་ཟླ ༩ ཚེས ༡ ཉིན་ནས་ཚེས ༡༠ ཉིན་བར།

༢ ས་གནས། ཟི་ལིང་གྲོང་ཁྱེར་ནན་ཀོན་སྲང་ལམ་གྱི་སྒོ་རྟགས་ཨང་༧༤ །

༣ སློབ་གྲྭའི་ཁ་པར། 0971—8218185 18997126883

འབྲེལ་གཏུག་དགེ་རྒན་གྱི་ཁ་པར། 15349741335

༥ ཡིག་སྒམ། 2601043312@qq.com

ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ།

༢༠༡༥ ལོའི་ཟླ ༩ ཚེས ༡ ཉིན།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-15 02:12 , Processed in 0.291640 second(s), 21 queries .

返回顶部