日志

གངས་ཆབ་ཟེགས་མའི་འགྱུར་ཁུགས་ངོ་སྤྲོད་ཐོར . ...

热度 2已有 2932 次阅读2012-9-8 16:20 |个人分类:བརྡ་ཐོ།|系统分类:娱乐

    རང་རྒྱལ་གྱི་དམངས་ཁྲོད་སྒྱུ་རྩལ་རིག་གནས་དང་མི་རིགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་སྲིད་ཇུས་དང་འབྲེལ་ནས།བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དེ་དམངས་ཁྲོད་སྒྱུ་རྩལ་རིག་གནས་ཀྱི་རྩ་བ་གླུ་བྲོ་སྒྲ་གསུམ་གྱིས་གཙོ་བྱས་ཏེ།ང་ཚོས་ཡབ་མེས་རླབས་ཆེན་ཚོས་ལོ་ངོ་དུ་མའི་འཚོ་བའི་མངར་སྐྱུར་ཁྲོད་གསར་བཏོད་གསར་སྐྲུན་བྱས་པའི་སྒྱུ་རྩལ་རིག་གནས་ཀྱི་རྩེད་རིགས་སྣ་ཚོགས་འཚོལ་སྡུད་དང་ལེགས་སྒྲིགམྱུར་སྐྱོབ་དང་རྒྱུད་འཛིན།དར་སྤེལ་བྱས་ཏེ་ལོ་རེ་བཞིན་མུ་འབྲེལ་སྤྲོ་ཚོགས་ཀྱི་ཚུལ་དུ་གཙང་མ་གསུམ་དང་སྲུང་སྐྱོབ་གསུམ་གྱི་དམ་བཅའ་བརྩན་ནས་འབུལ་རྒྱུ་ཡིན་ལ།བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་སྒྱུ་རྩལ་རིག་གནས་འདི་རང་ས་ནས་རྒྱལ་ཡོངསདང་།རང་རྒྱལ་ནས་འཛམ་གླིང་ལ་ཁ་ཕྱོགས་ཏེ།རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་མི་རིགས་ཡོངས་ལ་གླུ་གར་གྱི་སྟེགས་བུ་བརྒྱུད་ནས་ངོས་འཛིན་དང་རྒྱུས་ལོན་བྱེད་པའི་ནུས་པ་ཅི་ལྕོགས་འདོན་བཞིན་ཡོད།

    གངས་ཆབ་ཟེགས་མའི་འགྱུར་ཁུགས་ནི་ལོ་རེ་བཞིན་མདོ་དབུས་ཁམས་རོང་གི་གླུ་བ་གླུ་མ་གྲགས་ཅན་ཁག་གཅིག་དང་གསར་བྱུང་ན་གཞོན་ཕུལ་བྱུང་གླུ་བ་གླུ་མ་ཁག་གཅིག་གདན་ཞུས་བྱས་ཏེ་སྤྲོ་ཚོགས་གླིང་ནས་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་རྣམ་པ་རྒྱ་ཆེ་ལ་ནང་དོན་གཏིང་ཟབ་པའི་སྒེར་གྱི་དགོང་ཚོགས་ཆེས་ཆེ་བ་ཡིན།ལོ་ངོ་གསུམ་གྱི་རིང་རྒྱལ་ཁབ་ཕྱི་ནང་དང་རོང་འབྲོག་སྟོད་སྨད་ཀྱི་ཉན་མཁན་ཡོངས་ལ་བག་ཆགས་ཟབ་མོ་བཞག་ཅིང་།བོད་ཀྱི་ན་གཞོན་དང་ན་ཆུང་གླུ་བ་གླུ་མ་སྐོར་ཞིག་ཀྱང་གསོ་སྐྱོང་མཛད་པས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པའི་སྒེར་སྒྲུབ་སྤྲོ་ཚོགས་ཞིག་ཀྱང་ཡིན།

发表评论 评论 (2 个评论)

回复 jiayangf 2012-9-10 09:15
བཀྲ་ཤིས་བདེ་ལེགས།
回复 高原雄鹰扎西 2012-9-11 12:17
བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-5 08:54 , Processed in 0.053306 second(s), 23 queries .

返回顶部