日志

དྲི་རྟགས

已有 552 次阅读2013-10-16 18:06 |系统分类:文化

དྲི་རྟགས

སྐར་ཚོགས་ལ་མོ་བརྒལ་དུས

ཨ་སྔོན་མཛེས་རྒྱན་དུ་གཏམས་པའི་སྐར་ཆེན་ཁྱེད

སུ་ཞིག་གི་ཆེད་དུ

འཇིག་སྣང་གི་གཟབ་མཆོར་སྤྲས་པའི་སྨག་ལྗོངས་འདིར

ཁེར་བུད་གླིང་བུ་དཀྲོལ་དོན་ཅི

 

 

འཇིག་རྟེན་བདེ་བའི་གཉིད་དུ་སིམ་དུས

ཕྲན་བུའི་སྣང་བར་ཞེན་པའི་གསེར་སྦྲང་ཁྱེད

སུ་ཞིག་གི་ཆེད་དུ

གཤོག་ཟུང་རྡེབ་ཙམ་བརྐྱངས་ཙམ་གྱིས

མེ་ཁར་གདོང་མཆོངས་བྱེད་དོན་ཅི

 

ཁྱེད་ཚོས ཞིར་མོའི་བློ་ཡིས་དཔྱད་ན

དྲི་རྟགས་འོག་ཏུ་བསྣན་པའི་ཁྲེགས་ཚིག་དེ

རྩ་ཐང་གི་རྒལ་ཚིགས་དང་ཞིང་ཁའི་མུ་ཁར་འཁྱམས་པའི

ཁྲ་ཆུང་སྤྱན་མིག་ལས་འཚེར་བའི་འོད་མདངས་མན་ངག་གིས་འགྲེལ་ཐུབ

༢༠༡༣ལོའི་ཟླ་༡༠པའི་ཚེས་༡༤ཉིན

本人藏文版博客地址:http://blog.amdotibet.cn/xzsn521/index.aspx

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-6 06:06 , Processed in 0.050930 second(s), 20 queries .

返回顶部