日志

PPT制作的方法与过程(藏汉双语)བཟོ་སྒྲུབ་བྱ་ཐབས་དང་བརྒྱ ...

已有 633 次阅读2013-10-16 18:02 |系统分类:教育

 

ཉེ་དུས་གུས་པས་སློབ་ཕྱིའི་དུས་ཚོད་བེད་སྤྱད་ནས་pptསློབ་ཁྲིད་ཁྲིད་ཆས་བཟོ་སྒྲུབ་བྱ་ཐབས་དང་བརྒྱུད་རིམ་སྐོར་གྱི་རྒྱ་བོད་སྐད་གཉིས་ཀྱི་སྨྱན་མང་ཁྲིད་ཆས་ཞིག་བཟོ་བཞིན་པའི་སྒང་ཡིན། རེ་བར་གང་མགྱོགས་རྒྱ་ཆེའི་དྲ་གྲོགས་རྣམ་པ་དང་སློབ་གསོའི་བྱ་བཞག་ཐོག་ཕྱག་ལས་གནང་མཁན་གྱི་བཤེས་གཉེན་རྣམ་པ་དང་འཇལ་འཛོམས་ཡོང་བའི་རེ་བ་དང་འབད་འབུངས་བྱེད་བཞིན་ཡོད།

ཀ་ཁའི་རྒྱང་འབོད་ནས།  

PPT སློབ་ཁྲིད་ཁྲིད་ཆས་བཟོ་སྒྲུབ་བྱེད་དགོས་པའི་དམིགས་ཡུལ།

སློབ་ཁྲིད་ཁྲིད་ཆས་བཟོ་སྒྲུབ་བྱེད་དགོས་པའི་་་དམིགས་ཡུལ་ནི་སློབ་ཁང་སློབ་ཁྲིད་ཀྱི་སྒྲིག་གཞི་ལེགས་བསྒྱུར་དང་། སློབ་ཁང་སློབ་ཁྲིད་ཀྱི་ལས་ཆོད་དང་སྤུས་ཚད་མཐོར་འདེགས་གཏོང་བའི་ཆེད་དུ་ཡིན། དེར་བརྟེན། ཁྲིད་ཆས་ཀྱི་སློབ་ཁྲིད་རིན་ཐང་ལ་བསམ་གཞིགས་བྱ་རྒྱུ་ནི་སྔོན་འགྲོ་ཡིན། དེ་ཡང་ཁྲིད་བྱའི་བསླབ་ཚན་དེར་ཁྲིད་ཆས་བཀོལ་སྤྱོད་འཚམ་མིན་ལ་བལྟ་དགོས། སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་ཀྱིས་སློབ་ཁྲིད་གྲུབ་འབྲས་མངོན་་གསལ་དོད་པོ་ཐོན་ཐུབ་ན་ཁྲིད་ཆས་བཟོ་སྒྲུབ་བྱེད་དགོས་པའི་དགོས་པ་མེད། ཁྲིད་ཆས་ཀྱི་ནང་དོན་གཏན་འཁེལ་བྱེད་སྐབས་སློབ་མས་གོ་བ་ལེན་དཀའ་བ་དང་ཁོང་དུ་ཆུད་པར་དཀའ་ཚེགས་ཡོད་པའི་གནང་དོན་མཁོ་འདོན་བྱེད་དགོས་ལ་དོ་སྣང་ཡང་གནང་དགོས།

སྨྱན་མང་ལག་རྩལ་སློབ་ཁྲིད་སྟེགས་བུའི་ཁྲོད་ཁྱབ་གདལ་བཏང་བ་ནས་བཟུང་སྲོལ་རྒྱུན་སློབ་གསོའི་ཐབས་ལམ་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད། རྩིས་འཕྲུལ་གྱི་ལག་རྩལ་ལ་བསྟེན་ནས་བཟོས་པའི་སློབ་ཁྲིད་ཁྲིད་ཆས་ནི་མི་དང་འཕྲུལ་ཆས་དབར་གྱི་མཛའ་འབྲེལ་གྱི་སྟེགས་བུ་གཏོད་ནས་སློབ་ཁྲིད་ལ་མངོན་གསུམ་འཁྲུལ་་་མེད་ཀྱི་ཕན་ནུས་ཐོན་ཡོད། མ་ཟད། ཕན་འབྲས་ཡོད་པའི་སྒོ་ནས་སློབ་མ་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་བཀུག་ནས་སློབ་ཁང་སློབ་ཁྲིད་ལ་གཡུར་ཟའི་གྲུབ་འབྲས་ཐོན་ཐུབ། འཐུས་འཚང་གྱི་སློབ་ཁྲིད་གྲུབ་འབྲས་དང་ཆེས་བཟང་བའི་རྩོམ་རིགས་སྤུས་ཚད་ནི་སློབ་ཁྲིད་ཁྲིད་ཆས་བཟོ་སྒྲུབ་བྱ་སྐབས་སྨྱན་མང་གང་རུང་མཉམ་སྡེབ་དང་བཙུད་འཇུག་ཀྱི་ཐག་གཅོད་དང་ལག་རྩལ་ཁ་སྣོན་བྱེད་པར་རག་ལས་ཡོད།

教学课件制作的目的是优化课堂教学结构,提高课堂教学的效率和质量, 所以,首先要考虑的是课件的教学价值,也就是说这个课是否有使用课件的必要。用传统的教学方式就达到良好的教学效果,就没有必要制作课件。因此,在确定制作课件的内容时,应当注意选取那些学生理解和掌握有困难的教学内容。
多媒体技术一经问世即给传统的教育方式带来了巨大的冲击。利用计算机技术制作出的教学课件以友好的人机界面,为教学提供了逼真的效果,有效地激发了学生的学习兴趣,带来了良好的课堂教学效果。良好的教学效果和较高的作品质量,取决于在制作教学课件时对合成或嵌入各种媒体的处理和加工技术。

 

 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-4 19:24 , Processed in 0.053625 second(s), 20 queries .

返回顶部