日志

རྒས་དང་འཚར་གྱི་རྩེད་འཇོ

已有 2451 次阅读2013-7-4 22:19 |系统分类:心情

རྒས་དང་འཚར་གྱི་རྩེད་འཇོ  

                        སྙིང་ནོར་བསྟན་འཛིན་དངོས་གྲུབ་ཀྱི་སྐྱེས་སྐར་ལ

༼ ༡༽

སེམས་དང་སེམས་ཀྱི་དུང་བརྩེ་ལས

ཤ་དང་རུས་པའི་སེམས་རྟེན་དགོད

རྒས་དང་འཚར་གྱི་བརྒལ་ཚིགས་ལས

དུས་ཀྱི་བགྲང་བྱ་བཞི་ཡི་ལ་མོ་བརྒལ

༼༢ ༽

རྟེན་དང་བྱིན་གྱིས་བརླན་པའི་ཉིན་བཟང་འདི

སྐྱེ་འཆིའི་ཆོས་ཉིད་བུ་མོར་དྲན་པ་སྐུལ་བའི་ཉིན

དགའ་སྡུག་རོལ་མོས་མྱོས་པའི་གླུ་ཚོགས་ཉིན

རྒས་དང་འཚར་གྱི་མེ་ཚེའི་ལ་མོར་འཁྱུད་པའི་ཉིན

ཕ་མ་བུ་ཡི་གཤིབ་ཡུན་ཐུང་ནས་ཐུང་དུ་འཐེན་པའི་ཉིན

༼༣ ༽

ཁ་པར་སྐུད་སྣེར་འཁྱུད་ནས་མཁའ་ལ་འཕགས་པའི་ཟླ་བ་ཁྱེད

དྲན་པའི་སྨག་གིས་བཅོམ་པའི་མཚན་ལྗོངས་འདིར

དྲན་དགའི་འོད་ཀོར་སྲུང་སྐར་བརྒྱུད་དེ་ཚེས་ཚེས་དུས

སྙིམ་གང་བཅུས་པའི་ཆུ་ཐིགས་རེ་རེའི་རྒྱན

མིག་ཟུང་ཟླ་བོར་སྤྲས་པ་སྐར་མདའི་ཚུལ་དུ་ཐིམ་སོང

༼༤ ༽

བསྐྱར་ཟློས་དང་ཕྱིར་བཤོལ་མེད་པའི་ཉིན་མོ་འདིར

ཨ་མ   ཨ་ཕ   བུ་ཕྲུག  མཇལ་འཛོམས་ནི་ཅི་འདྲའི་སྤྲོ་ཨང

ཡིན་ནའང   ཁྱེད་ལ་དབང་བ་ནི

སློབ་གྲོགས་དང་བཤེས་གཉེན་གྱི་ཟླ་བོ་ལས

ཨ་ཕ   ཨ་མའི་ཟླ་བོ་ནི་ཤེལ་སྒོའི་ནང་གི་མོག་མོག་ཙམ

༼༥ ༽

ཧ་ཉིད་གོ་བའི་གཅེས་ཕྲུག་ཡཱ    སྙིང་ནོར

གཟའ་སྐར་ཚེས་བཟང་གི་སྐྱེས་སྐར་ཉིན་མོ་འདིར

ཆེས་དགའ་བའི་ཏན་ཀའོ་ཁམ་དང་པོ་དེ་ཟ་དུས

སྐྱོ་གདུང་མིག་ཆུ་སྡུག་ཡུས་ཁོག་ཏུ་མིད་ནས

བཞིན་ལ་འཛུམ་མདངས་རྒྱས་པའི་འདྲ་པར་དག

འཕྲིན་ཕྲན་པང་ནས་འཇལ་དུས

ལ་མོ་ཀླུང་གིས་བསྒྲིབས་པའི་ཐག་རིང་གཞན་ཡུལ་དུ

མིག་མཐའ་མཆི་མས་བརླན་ཞིང

རྡབ་རྡིབ་སྒྲེ་བའི་ངག་ལས་དྲན་སེམས་དབྱངས་རྟ་བཀུག་ཞོར

འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་པའི

ཁྱར་ཁྱོར་གྱི་སྙན་ངག་དམ་དུམ་འབྲི་བཞིན་པ་ནི

ཁྱེད་ལ    དགའ་ཡང་དགའ་ལ    དུང་ཡང་དུང་པའི་ཨ་ཕ་ཡིན

༼ ༦ ༽

གཅེས་པར་འོས་པའི་སྙིང་ནོར

ནམ་ཞག་འཁོར་བའི་རྒྱུན་དུ

བདེ་བདེ་ཐང་ཐང་དང་བསམ་དོན་ལྷུན་འགྲུབ

སློབ་སྦྱོང་གི་སྦྱངས་འབྲས་ཡར་ངོའི་ཟླ་བཞིན་འཕེལ་བར་སྨོན

མཆན།     蛋糕སྒྲ་བསྒྱུར་བྱས།

༢༠༡༣ལོའི་ཟླ་༧པའི་ཚེས་༢ཉིན།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-4 20:22 , Processed in 0.053233 second(s), 20 queries .

返回顶部