日志

སྙན་ངག་ཚན་པ་གཉིས།

已有 4058 次阅读2013-4-2 09:17 |系统分类:心情

སྙན་ངག་ཚན་པ་གཉིས།

གཅིག་སེམས་གཅིག།

རྒྱ་མཚོའི་མདངས་ལ་འཁྱུད་པའི་ཨ་སྔོན་དབྱིངས་སུ་ཕྱོགས་པས།

ལྷག་བསམ་གྱི་གཏོང་ཕོད་ཆེ་བའི་མཚར་སྡུག་གི་ཉི་མ་དེ་འཇལ་བྱུང་།

གོ་ལའི་ཡང་རྩེར་ལྷུན་གྱིས་གྲུབ་པའི་གངས་དཀར་རི་བོར་ཅེར་བས།

དམ་ཚིག་གཙང་མའི་འདབ་ལོ་ལྷུག་གྲོལ་གངས་ལྷའི་མེ་ཏོག་དང་འཇལ་བྱུང་།

ཆུ་ནང་གི་ཉ་མོ་བཞིན་མི་ཚོགས་ཀྱི་བ་ལོང་རྒྱས་པའི་འདུ་འགོད་ཁྲོད་།

མིག་ཟུར་མདའ་མོས་བརྩེ་དུངས་གྱི་མདུད་པ་ཐེབས་པའི་ཡིད་འཕྲོག་ཁྱེད་དང་ཐུག།

བརྩེ་བ་རྡོག་པོ།

ཉི་མའི་ཟོལ་མེད་ཀྱི་གཏོད་ཕོད་ལྷག་བསམ་དེ་མེད་ན།

ཁོད་ཡངས་ཨ་སྔོན་སྟོང་ལྷང་ལྷང་དང་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད།

གངས་ལྷའི་ཁོག་སྙིང་ལས་རྒྱས་པའི་འཚོ་བཅུད་དེ་མེད་ན།

ཁ་བའི་འདབ་མས་སྤུད་པའི་གངས་དཀར་རི་བོ་དེ་ཕྱི་ཐག་མི་རིང་།

ཁབ་ལྟར་རྣོ་བའི་ཁྱེད་ཀྱི་མིག་ཟུར་མདའ་མོའི་སྒུལ་ཤུགས་དེ་མེད་ན།

ང་ནི་རྒྱང་རིང་བའི་འཇིག་རྟེན་གཞན་ཞིག་ཏུ་འཚོ་སྲིད།

༢༠༡༣ལོའི་ཟླ་༤པའི་ཚེས་༢ཉིན ཞོགས་པར་སྦྱར

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-4 20:00 , Processed in 0.050275 second(s), 20 queries .

返回顶部