日志

རྗེས་དྲན་ཡིད་ཀྱི་མཆོད་མེ་རྐོང་བུ་གཅིག ... . ...

热度 2已有 3348 次阅读2012-12-8 22:17 |系统分类:文化

རྗེས་དྲན་ཡིད་ཀྱི་མཆོད་མེ་རྐོང་བུ་གཅིག

                                                         ཙོང་ཁ་པ་རྗེས་དྲན་ཚུལ་དུ

ཁ་སང    དེ་རིང     སང་ཉིན

དུས་ཚིགས་ཤིག་གི་བསྐྱར་ཟློས་རྒལ་ཚིགས་ལས

ངས་ཁྱེད་ཀྱི་རིན་ཐང་རྟོགས

མ་གཞི

ཁ་སང་གི་དེ་རིང་གི་ཚབ་བྱེད་མི་ཐུབ་ལ

དེ་རིང་གི་སང་ཉིན་ཚབ་མཚོན་མི་ནུས

ཡིན་ཡང     དམ་པ་ཉིད་ནི

གཙག་རླུང་སྔས་སུ་བྱས་ནས་འཚོ་ཡང

ཞུམ་མེད་བྷ་ཊའི་ཡུལ་གྱི་རྣམ་ཤེས་རུམ

རྟག་བརྟན་ཚེ་འབར་མཆོད་མེའི་རྐོང་བུ་ཉག་གཅིག་དེ་ལགས

འདས་པའི་དུས་ཀྱི་དེ་རིང

ཁ་ཅན་མཁའ་དབྱིངས་དུས་མཐའི་རླུང་གིས་གཡོས

ས་གཞི་པད་མ་འཁྱགས་ཀྱིས་བསྡམས

སྐྱེ་བོའི་སྤྱན་ལས་ཆུ་མིག་བརྡོལ

ཉིན་བྱེད་མགོན་པོའི་བདག་ཉིད་ཙོང་ཁ་པ

ཁྱེད་རང་ཐུགས་བློ་བདེ་མོས་བདེ་བའི་ཞིང་ལ་བཞུད་ཅིག

ཡིད་ཆེས་ནོངས

ཁྱེད་ཀྱི་རྣམ་ཤེས་དྲོན་མོའི་མེ་ལྕེ

ཁ་ཅན་ཐབ་ནང་རྟག་བརྟན་དྲགས་ཏུ་འབར་སྲིད

དེ་རིང་གི་དགོང་མོ

གྲོག་ཚང་བརྡོལ་ལྟར་ཐབ་ཁར་འཁོར་བའི་སྐྱེ་བོས

སྐྱོ་དགའི་མགུར་གླུ་ལེན་པ་ཅི་ཙམ

རྩེད་མཚར་གྱི་དགོད་གཏམ་བཤད་པ་ཇི་འདྲ

ཁྱེད་ཀྱི་གཟིགས་བྱུང་ངམ

རླངས་པ་འཚུབ་འཚུབ་ཀྱི་བག་ཐུག་དྲི་ངད

གངས་ལྗོངས་ས་མཐོའི་སུགས་ཁ་གང་སར་འཐུལ་ཞིང

འཁྱགས་ཀྱིས་བསྡམས་པའི་ནམ་ཟླ་འདིར

ལུས་ཟུངས་དྲོད་རླངས་རྒྱས་དུས

ཁྱེད་ཀྱི་མཛད་རྗེས་དང་བཀའ་དྲིན་དབང་མེད་དྲན

མཆོད་མེའི་འོད་སྣང་གི་རླབས་ཕྲེང་ལས

ཁྱེད་ཀྱི་བྱམས་དང་སྙིང་རྗེའི་སྣང་བ་འཁྲུངས

བྱམས་དང་སྙིང་རྗེ

བཟོད་པ་དང་དྲང་བདེན

ལྷག་བསམ་དང་ཞི་བདེའི་ཤེས་རིག་ལས་གཏམས་པའི

ཞུམ་མེད་ཚེ་འབར་མཆོད་མེའི་རྐོང་བུ

ཙོང་ཁ་བར་གསོལ་བ་འདེབས

                                                                       ཀ་ཁའི་རྒྱང་འབོད

སྤྱི་ཟླ་༢༠༡༢ལོའི་ཟླ་༡༢པའི་ཚེས་༨ཉིན

བོད་ཚེས་༢༠༡༢ལོའི་ཟླ་༡༠པའི་ཚེས་༢༥ཉིན

发表评论 评论 (1 个评论)

回复 ljh8520035 2013-1-6 08:58
ཙོང་ཁ་བར་གསོལ་བ་འདེབས

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-5 15:02 , Processed in 0.061403 second(s), 21 queries .

返回顶部