日志

བོད་སྐད་ཡིག་ཐོན་ཐུངས་དྲ་ཚིགས་ཤར་གཏོང་བྱེ ...

已有 3107 次阅读2012-11-5 08:37 |系统分类:教育

 

བོད་སྐད་ཡིག་ཐོན་ཐུངས་དྲ་ཚིགས་ཤར་གཏོང་བྱེད་ལ་ཉེ།

 རྒྱལ་སྤྱིའི་རང་བཞིན་ཆ་འཕྲིན་ཅན་དུ་འགྱུར་བའི་དུས་རབས་ཉེར་གཅིག་འདིར།

གངས་ཅན་ས་ཡི་དོག་མོའི་པང་ནས་སྐད་ཡིག་དྲ་ཚིགས་མང་དུ་གཏམས།

སྣ་མང་ཕུན་ཚོགས་སྐད་ཡིག་དྲ་ཚིགས་གྲོག་མའི་ཚང་བཞིན་རྡོལ་ན་ཡང་།

མི་རིགས་སྐད་ཡིག་སློབ་གསོའི་ཐོན་ཁུངས་དྲ་ཚིགས་ཐོན་པ་རི་བོང་རྭ།

དེ་རིང་གཟའ་ཚེས་སྐར་བཟང་སྐལ་བཟང་རྫོགས་ལྡན་ཉིན་མོ་འདིར།

འདུན་པ་གཅིག་པའི་མཛའ་མཐུན་གྲོགས་མཆོག་བསོད་ནམས་ཀྱིས།

སྒྲིག་སྦྱོར་བྱེད་མུས་ཡིན་པའི་སྐད་ཡིག་ཐོན་ཐུངས་དྲ་ཚིགས་མ་དཔེ།

ཁེའུ་ཁེའུ་གློག་ཀླད་དྲ་ལམ་བརྒྱུད་ནས་ཁོ་བོར་བསྐུར་གནང་མཛད་པས།

རེ་སྒུག་དང་སྨོན་འདུན་འཁྱེར་ནས་དྲ་སྒོ་ཕྱེ་སྟེ་མྱོང་རོལ་ཞིག་བྱས་པས།

དྲན་མེད་དུ་འགྱེལ་བ་ལྟ་བུའི་བརྗོད་མི་ཤེས་པའི་ཚོར་སྣང་དྲག་པོ་ཞིག་སྐྱེས་བྱུང་བས།

ཁོ་བོར་ཡི་རངས་དང་བཀུར་སེམས་ཀྱི་སྨོན་འདུན་འཆང་ནས།

ཁ་བ་གངས་ཅན་ལྗོངས་ཀྱི་གནས་མཆོག་གི།

ཡར་གངས་ཏི་སིའི་དབུ་རྩེ་དང་།

མར་ཡར་ཀླུང་གཙང་པོའི་གཞུང་རྒྱུད་ལ།

སྐད་ཡིག་ཐོན་ཐུངས་དྲ་ཚིགས་ཀྱི་རླུང་དར་དར་ལྕོག།

བསྐལ་བརྒྱའི་བར་དུ་བརྟན་པའི་བཀྲིས་སྨོན་འདུན་ཞུ།།

མཇུག་ཏུ།

              སྐད་ཡིག་ཐོན་ཐུངས་ཀྱི་དྲ་ཚིགས་འདི་ལྷ་སར་སློབ་གསོའི་བྱ་བཞག་ཐོག་ལེགས་སྐྱེས་འབུལ་གནང་བཞིན་ཡོད་པའི་རྒན་བསོད་ནམས་ལགས་ཀྱི་སྒྲིག་སྦྱོར་གནང་མུས་ཡིན།   ད་ལྟ་ཁོ་རང་བོད་ལྗོངས་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་བཞིན་ཡོད།   དྲ་ཚིགས་འདི་ད་ལོའི་ལོ་གསར་ལ་སྐྱེས་སུ་འབུལ་གནང་རྒྱུའི་འདུན་པ་བཅངས་གནང་བཞིན་འདུག་པས།  འཛམ་གླིང་ས་ཕྱོགས་ཁག་ཏུ་བཞུགས་པའི་སྤུན་ཟླ་རྣམ་པས་དྲ་ཚིགས་འདི་མྱུར་མགྱོགས་ང་ཚོ་དང་འཇལ་འཛོམས་ཡོང་བའི་སྨོན་འདུན་དང་རེ་སྒུག་ཡོད་པ་ཞུ།།

                                                                                                        ཀ་ཁའི་རྒྱང་འབོད་ནས།

                                                                                                              ༢༠༡༢ལོའི་ཟླ་༡༡ཚེས་༤ཉིན།

                                                                                                 དགོང་མོ་ཉལ་ཁང་དུ་སྦྱར།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-5 14:00 , Processed in 0.102583 second(s), 20 queries .

返回顶部