日志

ས་སྐྱ་ལེགས་བཤད་རྒྱས་འགྲེལ།

热度 2已有 2716 次阅读2012-10-29 12:47 |系统分类:文学

སྐྱེ་བོ་ངན་པའི་མཚན་ཉིད་ལ།

བརྗོད་རྒྱུ་མང་པོ་ཡོད་མོད་ཀྱང་།

ངན་སྐྱུགས་ཁྲོན་པ་སུ་ཞིག་སློང་།

སྐྱུགས་པ་མཁས་པ་སུ་ཞིག་ཡོང་།

བསྟན་བྱའི་དོན་གཙོ་བོ།       

              སྐྱེ་བོ་ངན་པའི་མཚན་ཉིད་སྡུད་དེ་བཤད་པས་དེ་འདྲའི་རིགས་ཅན་གཞན་ཡང་ཤེས་དགོས་པ་བསྟན།།

ཚིག་འགྲེལ་ལྟ་བུ་ཞུས་པ་ཡིན་ན།     

   དེ་ཡང་གོང་དུ་བརྗོད་པ་ལ་སོགས་པ་སྐྱེ་བོ་ངན་པའི་སྒོ་གསུམ་གྱིས་བྱ་སྤྱོད་ངན་པའི་རིགས་བརྗོད་རྒྱུ་དུ་མ་མ་ཟད་མཐའ་མེད་པ་ཡོད་ཀྱང་། རང་བཞིན་བཟང་པོ་དང་བྲལ་བའི་ངན་སྐྱུགས་ཀྱི་ཁྲོན་པ། དཔྱོད་ལྡན་མཁས་པ་སུ་ཞིག་སློང་། སྤྱོད་ངན་གྱི་སྐྱུགས་པ་དེ་འདྲ་བ་བླངས་པས་ཀྱང་། མཁྱེན་ལྡན་སུ་ཞིག་གིས་ཉམས་སུ་མྱོང་བར་བྱེད་དེ་མི་བྱེད་དོ།།  ཞེས་པ་དེ་ཚིག་གི་འགྲེལ་རེད།།

    ལུངས་དྲངས་ནས་རྒྱས་བཤད། 

    ད་དེས་ངན་སྤྱོད་བརྟག་པའི་ལེའུ་དེའི་མཇུག་བསྡོམས་བརྒྱབ་ཡོང་གི་འདུག།  གོང་དུ་ས་པཎ་གྱིས་ག་རེ་གསུངས་ཀྱི་འདུག་ཟེར་ན། སྐྱེ་བོ་ངན་པར་མཚན་ཉིད་དེ་འདྲ་དེ་འདྲ་ཡོད་རེད་ཅེས་དེ་དག་གསུངས། གསུངས་ནས་འདི་རུ་

སྐྱེ་བོ་ངན་པའི་མཚན་ཉིད་ལ།

བརྗོད་རྒྱུ་དུ་མ་ཡོད་མོད་ཀྱང་།

སྐྱེ་བོ་ངན་པའི་མཚན་ཉིད། སྐྱེ་བོ་ངན་པ་མཚོན་པར་བྱེད་པ་དེའི་མཚན་ཉིད་ལ་བརྗོད་རྒྱུ་དུ་མ་མ་ཟད་མཐའ་མེད་པ་ཞིག་ཡོད་རེད་གསུངས་སོང་།  དེ་ཡོང་དགོས་ཀྱི་རེད་པའ།   མཐའ་མེད་ཡོང་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། མིའི་རྣམ་ཏོག་ལ་མཐའ་ཡོག་མ་རེད། མིའི་རྣམ་རྟོག་ལ་མཐའ་མེད་དུས་དུས་ཙ་ན། དེས་ཀུན་ནས་བསླངས་ཏེ་སྤྱོད་པ་ངན་དེ་དག་ལ་མཐའ་མེད་པ་ཞིག་ཆགས་ཀྱི་འདུག། བྱས་ཙང་། དེ་སྔོན་མ་༼  སྔོན་མག། ༽གང་རེ་རེད་ཟེར་ན།  དགེ་འདུན་ཆོས་འཕེལ་ལགས་ཀྱིས་སེང་གེ་ལ་འདམ་སེང་མ་གཏོགས་གང་སེང་ཡོད་མ་རེད་ཅེས་གསུངས་ཡོད་དུས་ཙ་ན། དེའི་དགག་པ་དེ་༼དགེ་བཤེས་ཤེས་རབ་རྒྱ་མཚོས་༽བསྐྱོན་ཡོང་དུས་ཙ་ན།  སེམས་ཅན་གྱི་ལས་ཀྱི་ཚུལ་བསམ་གྱི་མི་ཁྱབ་པ་བློ་ཡུལ་ལས་འདས་པ་ཞིག་ཡོག་རེད། ཟེར།  བློ་ཡུལ་ལས་འདས་པ་ཞིག་ཡོད་དུས་ཙ་ན་ལས་དེའི་རྒྱུ་ལ་མཐའ་མེད་པ་ཞིག་ཡོད་དུས་ཙ་ན།  སེམས་ཅན་འདི་འདྲ་ཞིག་ཡོང་གི་རེད།  འདི་འདྲ་ཞིག་ཡོང་གི་མ་རེད་ཅེས། ང་རང་ཚོས་ཐག་བཅད་ནས་བཤད་ཐུབ་ཀྱི་མ་རེད། ཅེས་པ་བཤད་པ་ནང་བཞིན་བྱས་ནས།  བྱས་ཙང་།  རྣམ་རྟོག་ལ་མཐའ་མེད་དུས་ཙ་ན། སྤྱོད་པ་ངན་པ་དེ་མཐའ་མེད་པ་ཞིག་ཡོང་གི་རེད་པའ། དེ་གཅིག་རེད།  ད་དུང་ཡང་ང་རང་ཚོའི་རྒྱུའི་སྟེང་ནས། འབྲས་བུའི་སྟེང་ནས། ཚུར་བརྟག་དཔྱད་ཅིག་བྱས་པ་ཡིན་ན།  དཔེར་ན།  ང་རང་ཚོའི་འཇིག་རྟེན་འདིའི་ནང་དུ་སྐྱེ་བོ་རྣམས་ཀྱི་མིའི་ཆ་ལུགས། དཔེར་ན།  སྐྲ་རྐང་གཅིག་སྐྱེ་སྟངས་མན་ཆད་ནས་ཡོངས་རྫོགས་ཐ་དད་རེད་མ་གཏོགས། གཅིག་པ་གཅིག་རྐྱང་བརྒྱ་ཆ་བརྒྱ་ཐམ་པ་གཅིག་མཚུངས་ཡིན་པ་༼དབྱེ་བ་མེད་པ་༽གཅིག་ཀྱང་མི་འདུག་གའ།  ནད་རིགས་ཀྱི་ངོས་ནས། སྔར་སྨན་གཞུང་གི་ནང་དུ་ནད་རིགས་བཞི་བརྒྱ་རྩ་གཞི་རེད་ཅེས། བསྡོམས་གྲངས་ལྟ་བུ་གསུངས་ཡོང་ཀྱང་། དེས་མི་ཚད་པའི་ནད་ཀྱི་རིགས་ངོས་བཟུང་དུ་མེད་པའི་ནད་ཀྱི་རིགས་མཐའ་མེད་ཅིག་ཡོང་གི་འདུག་གའ།  སེམས་ཀྱི་སྡུག་བསྔལ་གྱི་ངོས་ནས་བཤད་ན། མི་སོ་སོར་མི་འདྲ་བ་སྣ་ཚོགས་ཡོང་དུས་ཙ་ན། དེའི་སྤྱོད་པ་དེ་དག་ཀྱང་ཧ་ལམ་མཐའ་མེད་པ་ལྟ་བུ་ཆགས་འགྲོ་གི་འདུག་གའ།  སྤྱོད་པ་དེ་ཡང་མཐའ་མེད་ཅིག་ཆགས་འགྲོ་གི་རེད།  བྱས་ཙང་།  དེ་འདྲ་ཡིན་དུས་ཙ་ན། སྐྱེ་བོ་ངན་པའི་མཚན་ཉིད་ལ་བརྗོད་རྒྱུ་དུ་མ་ཙམ་མ་ཟད་མཐའ་མེད་པ་ཞིག་ཡོག་རེད།  ད་འོ་ན། མཐའ་མེད་དེ་ཚོ་ཤོད་དགོས་བྱུང་ན། འདི་རུ་བཤད་ཚར་ཡས་ཡོག་མ་རེད། མ་གཞི་འདིའི་ནང་དུ་ཡང་ངན་སྐྱུགས་ཁྲོན་པ་སུ་ཞིག་སློང་།  སྐྱེ་བོ་ངན་པའི་སྤྱོད་ངན་ཟེར་བ་དེ་མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ཙམ་གྱིས་ཁ་གཉེར་སྣ་གཉེར་བྱེད་དགོས་པ་ཞིག་རེད་མ་གཏོགས། དེ་ལ་བླང་བྱ་གཅིག་ཀྱང་བསྡ་ཡོག་མ་རེད། བྱས་ཙང་། དེ་འདྲ་ཡིན་དུས་ཙ་ན། ངན་སྐྱུགས་ཀྱི་ཁྲོན་པ་བརྐོ་བ་ནང་བཞིན་ཞིག་ཆགས་འགྲོ་གི་ཡོག་རེད། བྱས་ཙང་། འདིའི་ནང་མང་པོ་བཤད་དགོས་གི་མ་རེད།  འོ་ན་ཁྱེད་རང་འདི་རུ་བཤད་ནས་ག་རེ་བྱེད་ཀྱི་ཡིན་ཞེས་ཟེར་སོང་ན།  མ་བཤད་སོང་ན་སྐྱེ་བོ་རྣམས་ཀྱིས་ག་རེ་བྱེད་ཀྱི་རེད་དམ་ཟེར་ན། གང་ཞིག་བཟང་སྤྱོད་རེད། གང་ཞིག་ངན་སྤྱོད་རེད། བཟང་སྤྱོད་ངན་སྤྱོད་གཉིས་དེ་དབྱེ་བ་ཕྱེ་མ་ཤེས་པ།  དཔེར་ན། གསེར་དང་རག་རྒན་ལྟ་བུ་ཡོད་པ་ཡིན་ན། གསེར་ག་རེ་ཡིན་པ། རག་ག་རེ་ཡིན་པ་དབྱེ་བ་ཕྱེ་ཤེས་ཀྱི་མ་རེད།  བྱས་ཙང་། སྤྱོད་པ་དེ་གང་ཞིག་བཟང་བ་ཡིན། གང་ཞིག་ངན་པ་ཡིན། དེ་ཤེས་ཀྱི་ཡོག་མ་རེད། བྱས་ཙང་། འདི་རུ་མདོར་བསྡུས་ཤིག་བཤད་པ་རེད། མདོར་བསྡུས་བཤད་པ་དེ་ཡིས་མཚོན་ནས་གཞན་དག་དེ་ཚོ་ཡང་ཤེས་ནས་དེ་སྤངས་བའི་ཆེད་དུ། འདི་རུ་མདོར་བསྡུས་ཤིག་བཤད་པ་ཡིན། ངན་སྐྱུགས་ཁྲོན་པ་སུ་ཞིག་སློང་། ཞེས་པ་དེ་ཡི་དོན་དག་དེ་ཆགས་སོང་ངའ།  འོག་དེ་རུ་སྐྱུགས་པ་མཁས་པ་སུ་ཞིག་མྱོང་། ཟེར་བའི་སྐད་ཆ་དེར་གོ་རྒྱུ་འདི་འདུག། སྐྱུགས་པ་མཁས་པ་སུ་འདྲ་ཞིག་མྱོང་གི་རེད་ཟེར་ནས། དེའི་ནང་དོན་ནི་ཁག་ཅིག་གིས་ངན་སྤྱོད་བཤད་ནས་སྤྱོད་པ་ངན་པའི་མཚན་ཉིད་འདི་འདྲ་ཞིག་ཡོག་རེད་ཅེས་བཤད་ཀྱི་ཡོད་ཀྱང་།  ངན་སྤྱོད་དེ་ལ་བཟང་སྤྱོད་དུ་འཛིན་ནས་དེ་ལོག་པར་སྒྲུབ་མཁན་ཡང་འདུག། དཔེར་ན། ང་ཚོས་བསམ་བློ་བཏང་ན། གཟུགས་མཐོང་བརྙན་འཕྲིན་ནང་གི་འཁྲབ་ཚན་ཁག་ཅིག་གི་ནང་དུ་ལྡོག་ཕྱོགས་ཀྱི་བསླབ་གཞི་བྱས་ནས་ག་རེ་བསྟན་གྱི་ཡོད་རེད་ཟེར་ན། བརྐུ་བྱས་ན་འགྲིག་གི་མ་རེད་ཟེར་བའི་ཆེད་དུ་སྔོན་ལ་བརྐུ་བྱེད་སྟངས་ཆ་ཚང་ལྟད་མོའི་ནང་དུ་འཁྲབ་ཡོང་གི་འདུག་གའ།  འཁྲབ་ཡོང་དུས་ཙ་ན། དཔེར་ན། རྐུན་མ་ལྟ་བུ་ཡིན་ན། དང་པོ་གྲོས་བསྡུར་གང་འདྲ་བྱེད་དགོས་ཀྱི་འདུག། ཁང་པ་ཐོག་བརྩེགས་ལྟ་བུ་ཡིན་ན། ཡར་ཐོག་བརྩེགས་སྟེང་དུ་གང་འདྲ་འཛེགས་དགོས་འདུག། ངོ་མ་ཤེས་པ་བྱེད་པའི་ཆེད་དུ་གདོང་ལ་འབག་ལྟ་བུ་ག་རེ་གྱོན་དགོས་འདུག་གའ། ནང་དུ་མི་ཡོད་ན་དུག་རླངས་ལྟ་བུ་བཏང་ན་དགའ་བ་འདུག་གམ། ཡང་ན་གང་འདྲ་བྱས་ན་དགའ་བ་འདུག། དེའི་ཐབས་ཤེས་དེ་དག་བཏང་ཡོང་དུས་ཙ་ན། འཁྲབ་ཚན་དེའི་མཇུག་ཏུ་ག་རེ་བསྟན་གྱི་ཡོད་ཟེར་ན།  བརྐུ་བྱས་པའི་མཇུག་ཏུ་ཁྲིམས་ལ་ཐུག་པའི་ནང་དོན་དེ་དག་བསྟན་ཡོང་དུས་ཙ་ན། བརྐུ་བྱེད་རྒྱུ་ཡོག་མ་རེད་ཅེས་པ་དེ་བརྙན་འཕྲིན་ནང་ནས་བསྟན་ཡོད་ཀྱང་། འཁྲབ་ཚན་ཆ་ཚང་བལྟ་མི་ཤེས་མཁན། གོ་བ་ལེན་མི་ཤེས་༼རྒྱག་མི་ཤེས།༽ མཁན་དེ་ཚོས་གང་བྱེད་ཀྱི་ཡོག་རེད་ཟེར་ན། དེའི་ལད་མོ་དེ་ཚོ་བྱས་ནས་བརྐུ་བྱེད་དུས་དེ་ཚོར་ལད་ཟློས་བྱས། གཟུགས་མཐོང་བརྙན་འཕྲིན་ནང་དུ་བསྟན་པ་ལྟར་བེད་སྤྱོད་བཏང་། སྐྱག་རྫུན་བཤད་དུས་དེ་ལྟར་བྱས། ཡར་ཐོག་མཁར་འཛེགས་དུས་དེ་བཞིན་བྱས། བྱས་ཙང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ནང་དུ་སྒམ་ཆུང་དེའི་ནང་ནས་སྤྱོད་པ་ངན་སློབ་ཀྱི་འདུག། ཟེར་གྱི་འདུག། དེའི་སྤྱོད་པ་ངན་པ་སྒམ་ཆུང་ནང་ནས་སློབ་པ་མ་རེད་པའ།  དེ་ག་རེའི་ནང་ནས་བྱུང་བ་རེད་ཟེར་ན། རང་གིས་ལྟ་དུས་ལྟ་མ་ཤེས་པའི་སྐྱོན་གྱིས་དེ་ལྟར་བྱུང་བ་རེད། བྱས་ཙང་དེ་འདྲ་ཡིན་དུས་ཙ་ན། སྤྱོད་པ་ངན་པ་དེ་ལ་ངེས་པར་དུ་ཤེས་པ་བྱེད་དགོས་ཀྱི་རེད།   དེ་འདྲ་མ་བྱས་ན། སྔར་འདི་འདྲ་བྱུང་འདུག་གའ། ལུག་གསོད་མཁན་གྱི་བཤས་པ་ཡོག་རེད་པའ། བཤད་པ་དེ་ཚོས་ལུག་བསད་ཡོང་དུས་ཙ་ན། ག་རེ་བྱས་འདུག་ཟེར་སོང་ན། ལུག་དེ་ཚོ་རྐང་པ་དེ་ཚོ་བསྡམས། ལག་པ་དེ་ཚོ་བསྡམས། ལྟོ་བ་དེ་ཚོ་བཤགས། ལྟོ་བ་བཤགས་ནས་ལུག་གི་ཕོ་བའི་ནང་དུ་འཛོག་མགོ་བཅུག་ནས་བསད་པ་དེ་ཚོ་ཕྲུ་གུ་ཁག་ཅིག་གིས་མཐོང་འདུག་གའ། ཕྲུ་གུ་ཚོས་དེ་ལམ་སང་བླང་བྱར་འཛིན་ནས། དེ་རིང་ང་ཚོས་ལུག་བསད་ཚུལ་༼བསད་སྟངས།༽འཁྲབ་སྟེ་ཕྲུ་གུ་གཅིག་གི་རྐང་པ་དེ་བསྡམས། ལག་པ་དེ་བསྡམས། དེ་ནས་ལྟོ་བ་མར་བཤགས་ནས་ཡར་མཛོག་མགོ་བཅུག་ཡོང་དུས་ཙ་ན། ཕྲུ་གུ་དེས་ཨ་ཚ་ཞེས་སྐད་བརྒྱབ་ཡོང་དུས། ཨ་ཚ་མ་ཟེར། འབལ་ལབ་ཟེར། འོ་དེར་ལྟར་ལབ་འདུག། བྱས་ཙང་། དེ་ག་རེའི་ཐོག་ནས་བྱུང་བ་རེད་དམ་ཟེར་ན། ནང་དོན་དེ་གང་ནས་བྱུང་བ་རེད་ཟེར་ན། ཕ་གིས་བསྟན་པའི་ནང་དོན་དེ། ལྡོག་ཕྱོགས་ཀྱི་བསླབ་གཞི་ཞིག་ལ་བརྩིས་ནས་དེ་སྤང་བླར་མ་འཛིན་པར་བླང་བྱར་ངོས་བཟུང་།  དེ་ལྟར་ཡོང་དུས་ཙ་ན།   སྐྱུགས་པ་མཁས་པ་སུ་ཞིག་མྱོང་། ཞེས་པ་དེའི་དོན་དག་གང་བསྟན་ཡོད་ཟེར་ན། སྐྱུགས་པ་མཁས་པ་ཡིས། སྐྱེ་བོ་ངན་པའི་མཚན་ཉིད་དེ་ཤེས་ཡོད་ཀྱང་།  དེ་ལག་ལེན་ཐོག་ཏུ་སུས་ཀྱང་བསྟར་གྱི་ཡོག་མ་རེད།  སྐྱུགས་པ་བསྔོག་ཡོད་ ཀྱང་།  སྐྱུགས་པ་དེ་སྡུག་ཆགས་རེད། ཟེར་གྱི་ཡོག་རེད་མ་གཏོགས། སྐྱུགས་པ་དེ་མཁས་པས་ཉམས་སུ་བླངས་ནས་ལག་ལེན་ཐོག་ཏུ་བསྟར་མཁན་གང་དུ་ཡོད། ཅེས་པའི་ནང་དོན་དེ་ལྟར་རེད། བྱས་ཙང་། རྒྱུ་མཚན་དེ་ལ་བསྟེན་ནས་སྐྱེ་བོ་ངན་པའི་ངན་སྤྱོད་དེ་ཚོ་ཕར་བཤད་ཡོང་དུས་ཙ་ན། ང་ཚོས་ག་རེ་བྱ་རྒྱུ་རེད་དམ་ཟེར་ན།  སི་ཏ་སྲས་ཀྱི་བུའི་རྟོགས་བརྗོད་ཀྱི་ནང་དུ། ཤེལ་སྒོ་དེ་ཚོར་གདོང་གཏད་ཀྱི་རེད།  ངོ་གདོང་ཤེལ་སྒོར་འདི་ལྟར་གཏད་དུས། ཤེལ་སྒོ་ལ་ཕར་བལྟ་བའི་དགོས་པ་ག་རེ་རེད་ཟེར་ན། རང་གི་གདོང་པར་ནག་ནག་འདུག་གམ་མི་འདུག།  སྐྲ་ལྟ་བུ་ཡིན་ན། དེ་བཞག་སྟངས་འགྲིག་འདུག་གམ་མི་འདུག། ནག་ནག་ཡོད་ན། རང་གིས་ནག་ནག་དེ་འཕྱིས་དགོས་རེད་པའ། བྱས་ཙང་། འདི་རུ་ངན་སྤྱོད་བཤད་པ་དེ་ལ་བསྟན་ནས་གང་བྱེད་ཀྱི་རེད་ཟེར་ན།   རང་ལ་ངན་སྤྱོད་དེའི་རིགས་འདུག་གམ་མི་འདུག།  བློ་ནང་ལ་བཀུག་ནས་རང་ལ་བདག་གཅེས་ཡག་པོ་ཞིག་བྱེད། ངན་སྤྱོད་དེའི་རིགས་ཡོད་པ་ཡིན་ན། ངན་སྤྱོད་དེའི་འབྲས་བུའི་རྗེས་སུ་ཧ་ཅང་སྡུག་ཆགས་ཤིག་བྱེད་ཡོང་གི་རེད། བྱས་ཙང་། རྒྱུ་མཚན་དེ་འདྲ་སོང་ཙང་ངན་སྤྱོད་དེ་ཚོ་སྤངས་དགོས་རེད་མ་གཏོགས། ངན་སྤྱོད་བཤད་པ་དེ་ལ་དཔེ་བླངས་ནས་དེ་ལག་ལེན་ཐོག་ཏུ་བྱེད་རྒྱུ་ཡོད་མ་རེད་ཟེར་བ་དེ་ལ། སྐྱུགས་པ་མཁས་པ་སུ་ཞིག་མྱོང་། ཞེས་པའི་དེའི་ནང་དོན་ཆགས་སོང་ངའ། འདིར་ང་ཚོའི་ངན་སྤྱོད་བརྟག་པའི་ལེའུ་དེ་ཡི་ཕྱོགས་བསྡོམས་ལྟ་བུ་བྱས་ནས་སྐྱེ་བོ་ངན་པའི་མཚན་ཉིད་ལ་བརྗོད་རྒྱུ་དུ་མ་ཡོང་གི་རེད། ག་རེ་རེད་ཟེར་ན། རྣམ་རྟོག་ལ་མཐའ་མེད་པ་ཞིག་ཡོད་རེད། བྱས་ཙང་། རྣམ་རྟོག་དེ་ཡིས་ཀུན་ནས་བསླངས་ནས་སྤྱོད་པ་མང་པོ་ཞིག་ཡོད་རེད། ཡིན་ནའང་། མང་པོ་བཤད་ནས་ག་རེ་བྱེད་ཀྱི་རེད། ངན་སྐྱུགས་ཁྲོན་པ་སུས་སློང་གི་རེད། ཟེར་ནས། འོ་དེ་ཆགས་སོང་ངོ་།  འོ་ན་བཤད་ནས་ག་རེ་བྱེད་ཀྱི་ཡིན་ཟེར་ན། དེ་ཉིད་ཉེས་སྤྱོད་ལ་ཉེས་སྤྱོད་དུ་མཐོང་བའི་ཆེད་དུ་བཤད་པ་ཡིན། ཟེར། འོ་ན་བཤད་པ་ལག་ལེན་ཐོག་ཏུ་དཔེ་བལྟ་རྒྱུ་རེད་དམ་ཟེར་ན། མ་རེད། སྐྱུགས་པ་མཁས་པ་སུས་མྱོང་གི་རེད།  མྱོང་གི་མི་འདུག་གའ།  བྱས་ཙང་། དེ་འདྲ་ཡིན་དུས་ཙ་ན། སྤྱོད་པ་ངན་པ་དེ་དག་མ་ཡོང་བ་ཞིག་བྱེད་དགོས་རེད། ཅེས་པའི་དོན་དེ་ཆགས་སོང་། ཚིགས་བཤད་ཤོ་ལོ་ཀ་དེའི་བསྟན་བྱའི་དོན་དེ་དེ་ལྟར་ཡིན།།

发表评论 评论 (2 个评论)

回复 黑太阳 2012-10-29 19:11
  
回复 tibetmonk 2012-11-4 15:44
ཡག་པོ་འདུག་ཡ

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-4 19:26 , Processed in 0.053278 second(s), 21 queries .

返回顶部